ཀྲུང་དབྱང་དམག་ཨུའི་གཟེངས་བསྟོད་མཚན་སྙན་སྤྲོད་པའི་མཛད་སྒོ་འཚོགས་ཤིང་ཞི་ཅིན་ཕིང་གིས་གཟེངས་བསྟོད་མཚན་སྙན་ཐོབ་པའི་ལས་ཁུངས་ལ་གཟེངས་བསྟོད་དར་ཆ་གནང་།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོ་བོད་ཀྱི་དྲ་བ། སྤེལ་དུས། 07-06



ཟླ7པའི་ཚེས5ཉིན། ཀྲུང་དབྱང་དམག་ཨུའི་གཟེངས་བསྟོད་མཚན་སྙན་སྤྲོད་པའི་མཛད་སྒོ་པེ་ཅིང་དུ་གཟབ་རྒྱས་ངང་འཚོགས། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས“འཇིགས་རྒོལ་རྣོ་གྲུ་རུ་འབྲིང”གི་མཚན་སྙན་ལྡན་པའི་ཉེན་རྟོག་དྲག་དཔུང་ཞིན་ཅང་ཡུ་གར་རིགས་རང་སྐྱོང་ལྗོངས་སྤྱི་དཔུང་གི་སྐབས་བསྟུན་ཡན་ལག་རུ་ཁག་ག་གེ་མོའི་ཆེད་འཐབ་རུ་ཆེན་གྱི་ཆེད་འཐབ་རུའབྲིང་དང་པོར་གཟེངས་བསྟོད་དར་ཆ་གནང་ཞིང་། རུ་འབྲིང་དེ་དང་མཉམ་དུ་མཉམ་པར་བསྐྱོན་པ་རེད། 


        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཚེས5ཉིན། ཀྲུང་དབྱང་དམག་ཨུའི་གཟེངས་བསྟོད་མཚན་སྙན་སྤྲོད་པའི་མཛད་སྒོ་པེ་ཅིང་དུ་གཟབ་རྒྱས་ངང་འཚོགས། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གཟེངས་བསྟོད་མཚན་སྙན་ཐོབ་པའི་ལས་ཁུངས་ལ་གཟེངས་བསྟོད་དར་ཆ་གནང་།  
        བརྒྱད་གཅིག་ཐོག་ཁང་ཆེན་མོའི་མཛད་སྒོའི་ཡུལ་དངོས་སུ།  དཔོན་དམག་འཐུས་མིས་རུ་བསྟར་བསྒྲིགས་ཡོད་ལ་ཡུལ་དངོས་ཀྱི་རྣམ་པ་གཟི་དཔལ་ཀུན་དུ་ལྡན། ཕྱི་དྲོའི་ཆུ་ཚོད4དང་སྐར་མ50ཡས་མས་སུ།  གུས་དམག18གྱིས་གོམ་སྟབས་འགྲིག་པོས་ཚོགས་རར་བསྐྱོད་ཅིང་མེ་མདའ་བཟུང་ནས་འགྲམ་གཉིས་སུ་ཀྲོང་ངེར་འགྲེང་ཡོད། གཟེངས་བསྟོད་མཛད་སྒོ་དངོས་སུ་མགོ་བརྩམས་ལ་ཚོགས་ར་ཡོངས་གྱིས་སྐད་གསེང་མཐོན་པོས་རྒྱལ་གླུ་བླངས། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་གཞོན་པ་ཞུས་ཆི་ལིའང་གིས་ཞི་ཅིན་ཕིང་གིས་མིང་རྟགས་བཀོད་པའི་དམག་དཔོན་ཆེན་མོའི་གོ་རྟགས་སྤྲད་པའི་བཀའ་རྒྱ་སྒྲོག་སྦྱངས་གནང་། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་གཞོན་པ་ཀྲང་ཡིའུ་ཞ་ཡིས་གོ་རྟགས་སྤྲོད་པའི་མཛད་སྒོར་མགོ་འཛིན་མཛད། 
        ཞི་ཅིན་ཕིང་གིས“འཇིགས་རྒོལ་རྣོ་གྲུ་རུ་འབྲིང”གི་མཚན་སྙན་ལྡན་པའི་ཉེན་རྟོག་དྲག་དཔུང་ཞིན་ཅང་ཡུ་གར་རིགས་རང་སྐྱོང་ལྗོངས་སྤྱི་དཔུང་གི་སྐབས་བསྟུན་ཡན་ལག་རུ་ཁག་ག་གེ་མོའི་ཆེད་འཐབ་རུ་ཆེན་གྱི་ཆེད་འཐབ་རུ་འབྲིང་དང་པོར་གཟེངས་བསྟོད་དར་ཆ་གནང་ཞིང་། རུ་འབྲིང་དེ་དང་མཉམ་པར་བསྐྱོན་པ་རེད། 
        གཟེངས་བསྟོད་མཚན་སྙན་སྤྲོད་པའི་མཛད་སྒོ་དེ་སྐད་གསང་མཐོན་པོའི་དམག་གླུའི་ཁྲོད་མཇུག་སྒྲིལ་བ་རེད།
        ཀྲུང་དབྱང་དམག་ཨུའི་ཨུ་ཡོན་ཝུའེ་ཧྥུང་ཧོ་དང་། ལི་ཙའོ་ཁྲེང་། མིའོ་ཧྭ། ཀྲང་ཧྲེང་མིང་བཅས་དང་། དམག་ཨུའི་ལས་ཁུངས་ཀྱི་སྡེ་ཁག་སོ་སོ། པེ་ཅིང་དུ་སྡོད་པའི་ལས་ཁུངས་ཆེ་གྲས་ཀྱི་མགོ་ཁྲིད་གཙོ་བོ་སོགས་གོ་རྟགས་སྤྲོད་པའི་མཛད་སྒོར་ཞུགས། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1