ཀྲུང་གོའི་ཆེས་ཐོག་མའི་《སམ་བོད་རྒྱ་དབྱིན་ཤན་སྦྱར་ཚིག་མཛོད།》བསྡུ་སྒྲིག་བྱ་འགོ་ཚུགས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-14


          སྤྱི་ཟླ་1པོའི་ཚེས་8ཉིན། ་བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གིས་ཕྱིར་བསྒྲགས་པའི་གནས་ཚུལ་ལྟར་ན། ལས་ཁུངས་དེ་གས་འགན་འཛིན་བྱས་པའི་《སམ་བོད་རྒྱ་དབྱིན་ཤན་སྦྱར་ཚིག་མཛོད།》བསྡུ་སྒྲིག་ལས་གཞི་ལ་ཆོག་མཆན་ཐོབ་ཡོད་ཅིང་། ལས་གཞི་ཚན་པ་ནས་མིང་བརྡ་འཚོལ་སྡུད་བྱེད་མགོ་ཚུགས་ཡོད་འདུག

        《སམ་བོད་རྒྱ་དབྱིན་ཤན་སྦྱར་ཚིག་མཛོད།》ཀྱི་ལས་གཞིའི་འགན་འཛིན་མི་སྣ་དངོས་གྲུབ་ཚེ་རིང་གིས།  མིག་སྔར་སམ་བོད་དང་སམ་རྒྱ། ཡང་ན་སམ་དབྱིན་ལྟ་བུའི་སྐད་གཉིས་ཚིག་མཛོད་ནི་རྒྱལ་ནང་དུ་མཐོང་རྒྱུ་ཡོད་མོད། སམ་བོད་རྒྱ་དབྱིན་བཅས་གཞི་གཅིག་ཏུ་བྱས་པའི་སྐད་བཞི་ཤན་སྦྱར་གྱི་ཚིག་མཛོད་ནི་ད་བར་དུ་ཡོད་མ་མྱོང་བ་དང་། བོད་རིག་པ་ཞིབ་འཇུག་གི་འཕེལ་རྒྱས་དེ་རྒྱལ་སྤྱི་ཅན་དུ་ཕྱོགས་པ་དང་བསྟུན།  འདི་ལྟ་བུའི་མིང་བརྡ་ཕུན་སུམ་ཚོགས་པའི་སྐད་བཞི་ཤན་སྦྱར་ཞིག་ནི་ངེས་པར་དུ་མཁོ་འདུག་ཅེས་བཤད།

          ཚིག་མཛོད་སྡུད་སྒྲིག་གི་ལས་གཞི་ཚན་པ་ནི་བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་དང་བོད་ལྗོངས་གསོ་རིག་སློབ་གླིང་། བོད་ལྗོངས་སློབ་གྲྭ་སོགས་ཀྱི་ཆེད་མཁས་པ་དག་གིས་གྲུབ་ཡོད་ཅིང་། ཁོང་ཚོ་ནི་ནང་བསྟན་གྱི་ལོ་རྒྱུས་དང་གནའ་བོའི་རྒྱ་གར་རིག་གནས། བོད་ཀྱི་རིག་གནས་ལོ་རྒྱུས་བཅས་ལ་ཞིབ་འཇུག་གཏིང་ཟབ་མོ་ཡོད་པ་ཤ་སྟག་ཡིན།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1