༄༅། །དགའ་བའི་རོལ་སྟངས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-14


ཕ་ས་གངས་རིའི་མཁར་གྲོང་། མ་ས་མཚོ་མོ་གཡུ་ཡི་མེ་ལོང་།
རྩི་ཤིང་འབྲུ་ཏོག་གིས་གསོས་པའི་བཅུད་ལྡན་ཉི་མའི་ཉིང་ཁུ།
ཉིང་བཅུད་ཁ་ལ་བསྒོས་པའི་སྐྱེ་འགྲོ་སེམས་ཅན་ཀུན་ལ།
འོད་ཀྱིས་འཚོ་བའི་མིའི་རིགས་ལ་སྐྱེམས་ཆང་དུ་དྲངས་ཤོག
རབ་རྒྱན་མེ་ཏོག་བཞད་པའི་གུར་གྱི་ལྡིང་ཁང་ནས།
དུས་ཀྱི་འཕྲིན་བཟང་སིམ་ཆར་འདོད་འཇོའ་ིདཔྱིད་ཀྱི་དཔལ་ཡོན་བསུ།
སྦྲ་ནག་ཐང་སྨུག་རི་ཐང་ལུང་པའི་གཞིས་སར་བཀྲམ་པའི་སྤྲོ་སྐྱིད་དེ།
གར་གྱི་སྟེགས་བུར་མངོན་པར་སྤྲོ་ལ་བསམ་དོན་གླུ་སྒྲས་ས་གཞིར་ཁེངས།
རྣང་ཞིང་གྲུ་བཞི་གསེར་གྱི་ལོ་ལེགས་གསར་པས་དུས་བཅུད་འཛོམས།
དངུལ་ཆུ་དཀར་མོའ་ིནས་ཆང་གསོལ་ལོ་མཆོད་དོ་ཕྱོགས་ཡོང་གི་མགྲོན་པོས།
མཛོད་བརྒྱ་ནོར་གྱིས་ཁེངས་ཚུལ་སྒོ་བརྒྱ་ཕྱུགས་ཀྱི་ཁེངས་ཚུལ་སོགས།
སྤྲོ་སྐྱིད་འབུམ་གྱིས་ཁྱབ་པའི་རིག་བརྒྱ་གཏེར་གྱི་སྒོ་མོ་འདི་ལྟར་ཕྱེས་སོང་།
དུས་ཀྱི་དགའ་སྟོན། སྐྱིད་པའི་ལྷན་འཛོམས། སྤྲོ་བའི་གླུ་གར་འཁྲབ།
མཛངས་པའི་རྣམ་རིག རྒོད་པའི་གཤོག་འགྱུ། དུས་ཀྱི་མཐོ་རླབས་བསྐྲུན་པའི།
མདོ་དབུས་ཁམས་གསུམ། ཆོལ་ཁ་གསུམ་གྱིས་ཕྱེས་པའི་ནོར་གྱི་སྒོ་མོ།
གཡང་མོ་ལུག་གི་འབའ་སྒྲ་སྙན་མོ་གངས་རིའི་ཕྱྭ་གཡང་དུ་བསུ་ཡོང་།
གསེར་གྱི་བྱ་ཁྱུང་། དངུལ་གྱི་གཤོག་པ། དུས་ཀྱི་འབོད་པའི་རླུང་རྟ།
གངས་རིའི་བླ་སྲོག་འབོད་པའི་གཟི་བྱིན་དུས་ཀྱི་འཕྲོ་འདུ་རྒོད་པའི།
གསེར་གྱི་ཁྲི་སྟེང་དངུལ་གྱི་མདུན་ཅོག་ཟས་རིགས་སྣ་བརྒྱ་འཛོམས་ལ།
བཀྲ་ཤིས་གཡང་བརྒྱ་སྨོན་འདུན་སྟོང་གིས་བརྒྱན་པའི་གངས་ལྗོངས་དར་བར་ཤོག །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1