གཙོ་ངོས།>> གསར་འགྱུར།>>བོད་འབྲེལ་ས་ཁུལ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོ་བོད་ཀྱི་དྲ་བ། སྤེལ་དུས། ༢༠༢༡ལོའི་ཟླ་བ་༠༧ཚེས་༠༨ཉིན།

བོད་སྐྱོར་སྟོབས་ཤུགས་ཀྱིས་བོད་ལྗོངས་ཀྱི་མང་ཚོགས་སྔར་བས་སྤུས་ཚད་མཐོ་བའི་སྒོ་ནས་ལས་ཞུགས་ཐུབ་པར་རོགས་རམ་བྱས།


         ཉེ་ཆར། གསར་འགོད་པས་བཅར་འདྲི་བྱེད་པའི་བརྒྱུད་རིམ་ཁྲོད་རྒྱུས་ལོན་བྱུང་བར་གཞིགས་ན། བོད་ལྗོངས་མང་ཚོགས་ཀྱི་ལས་ཞུགས་གདམ་ག་སྔར་བས་ཇེ་མང་དུ་སོང་ཡོད་ལ། དེའི་ནང་བོད་སྐྱོར་སྟོབས་ཤུགས་ཀྱིས་ནུས་པ་ཧ་ཅང་ཆེན་པོ་བཏོན་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་པ་ནས་བཟུང་། ཁ་གཏད་བོད་སྐྱོར་གྱི་དབུལ་སྐྱོར་ལས་དོན་གཏིང་ཟབ་ཏུ་གཏོང་བའི་ཚོགས་འདུ་བསྟུད་མར་ལོ5རིང་བོད་ལྗོངས་སུ་འཚོགས་ཤིང་། རིམ་རྩིས་བྱས་ན་གན་རྒྱ་བཞག་པའི་རྣམ་གྲངས247དང་མ་དངུལ་སྒོར་དུང་ཕྱུར350ཟིན་པ་དང་། མི་ཁྲི1.2ལྷག་ལ་ཞིང་ཆེན་ནས་བརྒལ་བའི་ལས་ཞུགས་བཀོད་སྒྲིག་བྱས་པ། ཀྲུང་དབྱང་ཁེ་ལས་ཀྱིས་བོད་ལྗོངས་སུ་ཡོད་པའི་ལས་ཁུངས་ནང་ཐེམ་ཁུངས་བོད་ལྗོངས་ཡིན་པའི་མཐོ་སློབ་མཐར་ཕྱིན་སློབ་མ1500ལྷག་བསྡུས་པ་དང་། ཞིང་པ་ལས་མི་ཁྲི1ལྷག་ལས་ཞུགས་ཐུབ་ཡོད།

པར་འདི་ནི་ཀྲུང་གོ་མཚོ་སྣུམ་གྱི་ལས་བཟོ་བ་བློ་བཟང་དཔལ་ལྡན་གྱིས་རིམ་པ་དམའ་བའི་བྲག་རྡོའི་མ་དཔེ་འཚོལ་སྡུད་བྱེད་བཞིན་པ།

        ཀྲུང་གོ་མཚོ་སྣུམ་གྱི་བོད་སྐྱོར་ལས་བྱེད་པ་ཧྥུ་ཞའོ་ཡུས་ཀྱིས་ཀྲུང་གོ་མཚོ་སྣུམ་གྱིས་བོད་རང་སྐྱོང་ལྗོངས་ནག་ཆུ་གྲོང་ཁྱེར་ཉི་མ་རྫོང་ལ་གནས་གཏན་འཁེལ་སྒོས་རོགས་སྐྱོར་བྱས་ཤིང་། ལས་ཞུགས་བོད་སྐྱོར་དེ་བོད་སྐྱོར་ལས་དོན་སྤེལ་བའི་དམ་འཛིན་བྱ་གཞི་གལ་ཆེན་དུ་བརྩིས་ནས་སློབ་ཆེན་སློབ་མ་དང་ཞིང་པ་ལས་མི་སོགས་ལས་ཞུགས་ཐུབ་རྒྱུ་གཙོ་གནད་དུ་བཟུང་སྟེ། “ཐབས་མང་མཉམ་སྤྱོད”ཀྱིས་མཐོ་སྒང་མང་ཚོགས་ཀྱི་ལས་ཞུགས་ལམ་བུ་རྒྱ་ཆེར་བཏང་ཡོད་ཅེས་བཤད། 


པར་འདི་ནི་བོད་ལྗོངས་ཀྱི་མཐར་ཕྱིན་སློབ་ཆེན་སློབ་མས་ལས་ཞུགས་བོད་སྐྱོར་གྱི་མི་བཀོལ་ལས་ཁུངས་ཀྱི་ལས་དོན་མི་སྣར་འབྲེལ་འདྲིས་བྱེད་བཞིན་པའི་ཚུལ་རེད།

     བསྡོམས་རྩིས་བྱས་པ་ལྟར་ན། 2020ལོར་ཀྲུང་གོ་མཚོ་སྣུམ་གྱིས་བོད་རང་སྐྱོང་ལྗོངས་ཀྱི་སློབ་ཆེན་སློབ་མ115བསྡུས་པ་དང་། གཞན་ཡང་ཞིང་པ་ལས་མི་མང་པོ་ཞིག་དང་ཚོགས་སྒྲིག་ངལ་ནུས་གན་རྒྱ་བཞག་པ་རེད། ལས་གཏོད་ལས་ཞུགས་ཀྱི་ཞབས་ཞུའི་ལས་སྟེགས་བསྐྲུན་པ་བརྒྱུད། ཀྲུང་གོ་མཚོ་སྣུམ་གྱིས་ད་དུང་ས་གནས་དེ་གའི་རོང་འབྲོག་མང་ཚོགས400ལྷག་རང་ཡུལ་དང་ཁ་མི་བྲལ་བར“སྒོ་འགྲམ་དུ”ལས་ཞུགས་ཐུབ་པར་རོགས་རམ་བྱས་ཡོད།

        “བོད་སྐྱོར་སྟོབས་ཤུགས”ཀྱིས་འབད་བརྩོན་ལྷོད་མེད་བྱས་ནས་རྒྱ་ཆེའི་མཐོ་སྒང་གི་མང་ཚོགས་སྔར་བས་སྤུས་ཚད་མཐོ་བའི་ལས་ཞུགས་ཐུབ་པ་བྱས། བོད་རང་སྐྱོང་ལྗོངས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། 2012ལོ་ནས་བཟུང་བོད་རང་སྐྱོང་ལྗོངས་ཀྱིས་འབྲེལ་ཡོད་བོད་སྐྱོར་ཞིང་ཆེན་དང་། གྲོང་ཁྱེར། ཁེ་ལས་བཅས་ལ་མཉམ་ལས་བྱས་ཏེ། ལས་ཞུགས་བོད་སྐྱོར་གྱི་བྱེད་ཐབས་བཏོན་ནས་མཐོ་སྒང་མང་ཚོགས་ཀྱི་ལས་ཞུགས་ཐབས་ལམ་རྒྱ་ཆེར་བཏང་། གཞི་གྲངས་ལས་མངོན་པར་གཞིགས་ན། སྲིད་ཇུས་འདི་ལག་བསྟར་བྱས་པ་ནས་བཟུང་བོད་སྐྱོར་ཞིང་ཆེན་དང་། གྲོང་ཁྱེར། ཀྲུང་དབྱང་ཁེ་ལས་བཅས་ཀྱིས་བོད་ལྗོངས་ཀྱི་སློབ་ཆེན་མཐར་ཕྱིན་སློབ་མར་ལོ་རེར་ཆ་སྙོམས་ལས་གནས་ཁྲི1ལས་བརྒལ་བ་མཁོ་འདོན་བྱས། །

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1