དཀར་མཛེས་ཁུལ་གྱི་གྲོང་གསེབ་འགྲིམ་འགྲུལ་གཞུང་ལམ་ཇེ་ཡག་ཏུ་འགྲོ་རྒྱུ་རེད།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 07-09


        སྤྱི་ཟླ7པའི་ཚེས7ཉིན། སྨྱུག་འཛིན་པས་ཁུལ་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་ནས་ཤེས་རྟོགས་བྱས་པར་གཞིགས་ན། ད་ལོ་ནས་བཟུང་ཁུལ་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་ཀྱིས་གྲོང་གསེབ་གཞུང་ལམ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་གཙོ་བོར་བཟུང་ནས“བདེ་བགྲོད་གསུམ”དམ་འཛིན་བྱེད་སར་བྱས་ཏེ་གྲོང་གསེབ་གཞུང་ལམ་གྱི་ཞབས་ཞུའི་ཆུ་ཚད་མཐོ་རུ་བཏང་སྟེ་མང་ཚོགས་འགྲོ་འོང་བདེ་བླག་ཡོང་བའི་འགན་ལེན་བྱས་པ་རེད།
        སྒྲིག་གཞི་ཚང་བའི་གྲོང་ཚོ་བརྒྱད་དང་གྲོང་ཚོ་ཨུ་ལྷན་གསར་པའི་ཐད་འབྲེལ་གཞུང་ལམ་སྤྱི་ལེ74.2གསར་སྐྲུན་བྱས་པ་དང་། 2025ལོར་སླེབས་སྐབས་སྒྲིག་གཞི་ཚང་བའི་གྲོང་ཚོ130དང་གྲོང་ཚོ་ཨུ་ལྷན་གསར་པའི་ཐད་འབྲེལ་གཞུང་ལམ་སྤྱི་ལེ339.2གྱི་གཞུང་ལམ་ཡངས་སུ་གཏོང་རྒྱུ་དང་། ལམ་ངོས་སྲ་མོར་བསྒྱུར་ཅིང་། ལམ་སྐེ་ཆད་སྐྱོན་འབྱུང་རྒྱུ་སོགས་ཀྱི་གནད་དོན་ཐག་གཅོད་བྱེད་རྒྱུ་རེད།
        ཡུལ་སྐོར་ལམ་རྒྱུད་ལས་གྲྭ་སྤྱི་ལེ55.6མཐུད་སྐྲུན་བྱས་པ་དང་། ལྕགས་ཟམ་རྫོང་གི་གཡག་རྒྱབ་རི་བོའི་མཛེས་ལྗོངས་ཁུལ་དང་འདབ་པ་རྫོང་གི་དགོན་པ་གོང་གི་ལྗོངས་ཁུལ་གྱི་ཕྱི་ཕྱོགས་སུ་བགྲོད་ལམ་གསར་སྤེལ་གྱི་གནད་དོན་ཐག་གཅོད་བྱས་ཤིང་། 2025ལོར་སླེབས་སྐབས་ཐོན་ལས་ལམ་བུའི་ཡུལ་སྐོར་ལམ་བུ་སྤྱི་ལེ360བསྐྱར་སྐྲུན་བྱས་ནས་གྲོང་གསེབ་ཀྱི་ཐོན་ལས་དང་གྲོང་གསེབ་ཀྱི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་འགྲོ་རྒྱུར་ནུས་ཤུགས་ཡོད་རྒུས་འགན་ལེན་བྱ་རྒྱུ་རེད།
        ཁུལ་ཡོངས་ཀྱི་རྫོང༼གྲོང་ཁྱེར༽ཚང་མའི“ཅིན་ཐུང་ལས་གྲྭའི”ཚོད་ལྟའི་ལས་དོན་ཁྱོན་ཡོངས་ནས་ཁྱབ་པ་བྱས་ཏེ་གྲོང་གསེབ་ཀྱི་སྐྱེལ་འདྲེན་གྱི“ཅིན་ཐུང་ལས་གྲྭའི”ཚོད་ལྟའི་དཔེ་མཚོན་རྫོང་གཅིག་བཏོད་ནས་གྲོང་གསེབ་ཀྱི་འགྲུལ་སྐྱེལ་དྲ་བ་དང་། སྦྲག་མྱུར་དྲ་བ། དངོས་འགྲེམས་དྲ་བ། ཡུལ་སྐོར་དྲ་བ། ཚོང་ལས་དྲ་བ་སོགས་ཀྱི“དྲ་བ་ལྔ”བཙུགས་ནས2025ལོར་སླེབས་སྐབས་གྲོང་ཚོའི་དངོས་འགྲེམས་མ་ལག་ཡོངས་སུ་ཁྱབ་པར་བྱ་རྒྱུ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1