ངོ་མཚར་ཆེ་བའི་དཀར་མཛེས་གསེག་མ་གླིང་གའི་མཛེས་ལྗོངས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 07-13


     གསེག་མ་གླིང་གའི་མཛེས་ལྗོངས་ཁུལ་ནི་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་རྟའུ་རྫོང་བར་སྨད་གྲོང་རྡལ་དུ་ཆགས་ཤིང་། མཛེས་ལྗོངས་ཁུལ་གྱི་བརྗོད་གཞི་གཙོ་བོ་ནི་བྲག་རྡོ་ཡིན་པ་དང་། གསེག་མ་གླིང་གའི་མཛེས་ལྗོངས་ཁུལ་གྱི་ས་གཤིས་ཚན་རིག་གི་རིན་ཐང་ཧ་ཅང་མཐོ་པོ་ཡོད་པས་རིགས་གཅིག་མཁས་ཅན་གྱིས“ཀྲུང་གོའི་ས་གཤིས་པེ་མུའུ་ཏ”ཞེས་འབོད་ཀྱི་ཡོད། མཛེས་ལྗོངས་ཁུལ་དུ་བསྐྱོད་སྐབས“སྐར་མའི་གོ་ལ་གཞན་པའི”ཡུལ་དུ་འཆམ་འཆམ་བྱེད་པའི་ཚོར་སྣང་ཐུབ། ཉེ་ཆར་གསེག་མ་གླིང་གའི་མཛེས་ལྗོངས་ཁུལ་གྱི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། སྔོན་དཔག་བྱས་ན། ད་ལོའི་ཟླ་7ཚེས་17ཉིན་རྟའུ་རྫོང་གིས“‘སྐར་མའི་གོ་ལ་གཞན་པར་’ཡུལ་སྐོར་ཉམས་ལེན།”ཞེས་པའི་རྣམ་གྲངས་ཁྱབ་གདལ་གཏོང་རྒྱུ་ཡིན་པ་རེད།






དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1