ཕེང་ཆིང་ཧྭ་ཡིས་པཎ་ཆེན་ཨེར་ཏི་ནི་ཆོས་ཀྱི་རྒྱལ་པོ་ལ་ཐུགས་འཕྲད་གནང་།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 07-13



        སྤྱི་ཟླ་7པའི་ཚེས་12ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཕེང་ཆིང་ཧྭ་ཡིས་ཁྲེང་ཏུའུ་ནས་པཎ་ཆེན་ཨེར་ཏི་ནི་ཆོས་ཀྱི་རྒྱལ་པོ་མཆོག་ལ་ཐུག་འཕྲད་གནང་སྟེ། ཁོང་ཉིད་སི་ཁྲོན་དུ་གཟིགས་མོལ་རྟོག་ཞིབ་ཕེབས་པར་དགའ་བསུ་ཞུས།
        ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་ཁོ་ཙུན་ཕིང་གིས་ལྷན་དུ་ཐུག་འཕྲད་གནང་།
        ཐུག་འཕྲད་ཁྲོད། ཕེང་ཆིང་ཧྭ་ཡིས་སི་ཁྲོན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་མདོར་བསྡུས་ངང་མཚམས་སྦྱོར་བྱས་ཏེ། པཎ་ཆེན་མཆོག་གི་དུས་ཡུན་རིང་པོའི་ཁྲོད་སི་ཁྲོན་གྱི་བཅོས་བསྒྱུར་གོང་འཕེལ་དང་ལྷག་པར་དུ་མི་རིགས་ཆོས་ལུགས་ལས་དོན་ཐད་ཀྱི་ཐུགས་ཁུར་དང་རྒྱབ་སྐྱོར་ལ་ཐུགས་རྗེ་ཆེ་ཞུས། ཁོང་གིས་བཤད་རྒྱུར། སི་ཁྲོན་ནི་མི་རིགས་ཆོས་ལུགས་ལས་དོན་གྱི་ཞིང་ཆེན་ཆེན་པོ་ཞིག་སྟེ། བོད་འབྲེལ་ཁུལ་དང་རྫོང་གི་ཡུན་རིང་བདེ་འགོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འགན་འཁྲི་གལ་ཆེན་ཕྲག་ཏུ་ཁུར་ཡོད། ཉེ་བའི་ལོ་ཤས་རིང་། ཞིང་ཆེན་ཏང་ཨུས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་འབྲེལ་ལས་དོན་ཐད་ཀྱི་གསུང་བཤད་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་ཇུས་ཆེན་དོན་འཁྱོལ་ནན་མོ་བྱས་པ་དང་། རིགས་སོ་སོའི་ལས་བྱེད་མང་ཚོགས་ཀྱི་སྣེ་ཁྲིད་དེ་མཐུན་སྒྲིལ་ཧུར་བརྩོན་བྱས་ནས་བོད་འབྲེལ་ཁུལ་དང་རྫོང་གི་ལས་དོན་སོ་སོ་སྐས་རིམ་གསར་པར་འཛེག་ཐུབ་པར་སྐུལ་འདེད་བྱས་པ། དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་ཐད་གནམ་ས་བླ་འོག་བསྒྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་བ། དབུལ་གྲོལ་འགག་སྒྲོལ་ལ་ཁྱོན་ཡོངས་ནས་རྒྱལ་ཁ་ཐོབ་པ། རྨང་གཞིའི་སྒྲིག་ཆས་དང་སྤྱི་པའི་ཞབས་ཞུའི་ཐད་ལོ་རྒྱུས་རང་བཞིན་གྱི་མཆོང་བརྒལ་མངོན་འགྱུར་བྱུང་བ། བོད་རིགས་སྤུན་ཟླ་དང་ཞིང་ཆེན་ཡོངས་ཀྱི་མི་དམངས་ཀྱིས་མཉམ་དུ་སྤོབས་སེམས་ཁེངས་པའི་སྒོས་ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སི་ཁྲོན་སྐྲུན་པའི་བགྲོད་ལམ་གསར་པར་སྐྱོད་བཞིན་ཡོད། པཎ་ཆེན་ལགས་ཀྱིས་སྔར་བཞིན་སི་ཁྲོན་གྱི་འཕེལ་རྒྱས་ལ་ཐུགས་ཁུར་གནང་སྟེ། བོད་བརྒྱུད་ནང་བསྟན་ལས་རིགས་ལ་སྣེ་ཁྲིད་དེ་ཆོས་ལུགས་ཀྲུང་གོ་ཅན་གྱི་ཕྱོགས་སུ་རྒྱུན་འཁྱོངས་དང་། བོད་བརྒྱུད་ནང་བསྟན་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་འཚམ་མཐུན་བྱུང་བར་སྣེ་ཁྲིད་བྱེད་པ་སོགས་ཀྱི་ཐད་ནས་སྔར་ལས་གལ་འགངས་ཆེ་བའི་ནུས་པ་འདོན་པ། སྔར་ལས་ལྷག་པའི་སྒོས་དགོན་སྡེ་དང་གྲྭ་བཙུན། དད་ལྡན་མང་ཚོགས་ལ་སྣེ་ཁྲིད་དེ་རྒྱལ་ཁབ་ཀྱི་འདུ་ཤེས་དང་། བཅའ་ཁྲིམས་ཀྱི་འདུ་ཤེས། སྤྱི་དམངས་ཀྱི་འདུ་ཤེས་བཙུགས་ཏེ། རྒྱལ་ཁབ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ། ཆོས་ལུགས་འཆམ་མཐུན་ཡོང་བར་སྲུང་སྐྱོང་གནང་རོགས་ཞུ།
        པཎ་ཆེན་ཨེར་ཏི་ནི་ཆོས་ཀྱི་རྒྱལ་པོས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་མི་དམངས་སྲིད་གཞུང་གིས་སྣེ་ལེན་བྱས་པར་ལྷག་བསམ་རྣམ་དག་གིས་བཀའ་དྲིན་ཞུས། ཁོང་གིས་བསྟན་དོན། སི་ཁྲོན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་གཡུར་དུ་ཟ་བའི་གྲུབ་འབྲས་བླངས་ཡོད་པ་དང་། འདི་ལས་ཀྲུང་གོ་གུང་ཁྲན་ཏང་གི་མགོ་ཁྲིད་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་དགེ་མཚན་མངོན་པ་དང་། སི་ཁྲོན་གྱི་བོད་འབྲེལ་ཁུལ་རྫོང་གིས་རྒྱལ་ཡོངས་དང་གོམ་པ་མཉམ་འགྲོས་ཀྱིས་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཞིང་། བོད་བརྒྱུད་ནང་བསྟན་པའི་སྡེ་ལའང་རྣམ་པ་གསར་པ་མངོན་པས་དགའ་སྤྲོ་ཆེན་པོ་སྐྱེས་ཡོད། ཁོང་གིས་ངེས་པར་དུ་བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོ་གུང་ཁྲན་ཏང་གི་མགོ་ཁྲིད་ལ་སྲུང་སྐྱོབ་དང་། རྒྱལ་གཅེས་རིང་ལུགས་ཀྱི་དར་ཆ་མཐོན་པོར་བསྒྲེངས་ནས་ཤུགས་ཆེན་པོས་བོད་བརྒྱུད་ནང་བསྟན་གྱི་རྒྱལ་གཅེས་ཆོས་གཅེས་ཀྱི་སྲོལ་རྒྱུན་དར་སྤེལ་བཏང་ཞིང་། བསླབ་པ་ཐོས་གཉེར་ལ་བརྩོན་པ་དང་དད་ལྡན་མང་ཚོགས་ལ་ཞབས་ཞུ་བྱས་ཏེ། བོད་བརྒྱུད་ནང་བསྟན་དང་སྤྱི་ཚོགས་རང་ལུགས་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་བར་སྐུལ་སྤེལ་ཁྲོད་གྲུབ་འབྲས་གསར་པ་ལེན་པར་འབད་པ་བྱ་དགོས་ཞེས་བསྟན།
        ཞིང་ཆེན་གྱི་འགོ་ཁྲིད་ཧྥན་རུའེ་ཕིང་དང་ཐེན་ཞང་ལི། གཞན་ཞིང་ཆེན་ཐད་གཏོགས་སྡེ་ཁག་གི་འགན་ཁུར་བློ་མཐུན་དག་མཇལ་འཛོམས་ལ་ཞུགས། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1