བླ་བྲང་དགོན་པའི་ཞིག་གསོའི་ལས་དོན་ཕལ་ཆེར་འགྲུབ་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 07-14



   མིག་སྔར་2012ལོར་སྤེལ་འགོ་ཚུགས་པའི“འཛམ་གླིང་རིག་པའི་གཙུག་རྒྱན”དུ་གྲགས་པའི་བླ་བྲང་དགོན་པའི་རིག་དངོས་སྲུང་སྐྱོང་ཞིག་གསོའི་ལས་གྲྭ་གཞི་རྩའི་ཆ་ནས་ལེགས་འགྲུབ་བྱུང་བ་རེད། ད་ཐེངས་ཀྱི་ཞིག་གསོའི་ལས་གྲྭ་ནི་བླ་བྲང་དགོན་ཆགས་ནས་ལོ་ངོ་300ལྷག་ཙམ་སོང་རིང་གི་གཞི་ཁྱོན་ཆེ་བའི་ཁྱོན་ཡོངས་ནས་སྲུང་སྐྱོང་དང་ཞིག་གསོ་བྱེད་ཐེངས་དང་པོ་ཡིན་ཞིང་། གནའ་ཉམས་རྒྱུན་འཛིན་གྱི་རྩ་དོན་ལ་གཞིགས་ནས། ཁྱོན་མ་དངུལ་སྒོར་དུང་ཕྱུར་4ལྷག་ཙམ་བཏང་སྟེ། ལྷ་ཁང་དང་། ལྡེབས་རིས། གློག་ལམ་གྱི་གློག་སྒྲོན་སྒྱུར་བཀོད། བདེ་འཇགས་སྲུང་སྐྱོབ། མེ་ཟོན་དང་དེ་བཞིན་ཡུལ་སྐོར་སྒྲིག་བཀོད་ཆ་འགྲིག་འཛུགས་སྐྲུན་སོགས་དང་འབྲེལ་བ་ཡོད། ལེགས་འགྲུབ་བྱུང་ཟིན་པའི་རྣམ་གྲངས་ཁག་གཅིག་ལ་འབྲེལ་ཡོད་སྡེ་ཚན་གྱིས་ཞིབ་བཤེར་རྩིས་ལེན་བྱས་པ་དང་། བྱམས་ཁང་དང་འཇམ་དབྱངས་བཞད་པའི་གཟིམ་ཁང་སོགས་ཚུད་པའི་ཞིག་གསོ་བྱས་ཟིན་པའི་ལྷ་ཁང་14ལ་རྒྱལ་ཁབ་རིག་དངོས་གཙོ་གཉེར་སྡེ་ཚན་གྱིས་ཞིབ་བཤེར་རྩིས་ལེན་བྱ་རྒྱུར་གྲ་སྒྲིག་བྱས་ཟིན།

    ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བསང་ཆུ་རྫོང་དུ་གནས་པའི་བླ་བྲང་དགོན་པ་ནི་1709ལོར་བཞེངས་པ་དང་1982ལོར་རྒྱལ་ཡོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོང་ཚན་པར་གཏན་འཁེལ་བྱས་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1