བལ་བོའི་ཙུང་ལི་གསར་པ་བསྐོས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 07-15


   བལ་བོའི་ཙུང་ཐུང་པན་ཏ་ལིས་བལ་བོའི་ཆེས་མཐོའི་ཁྲིམས་ཁང་གི་བཀའ་རྒྱར་བརྩི་སྲུང་ཞུས་ནས། ཚེས་13ཉིན་ངོ་རྒོལ་ཏང་ཚོགས་ཆེན་ཏང་གི་ཀྲུའུ་ཞི་ཏེ་ཝུའུ་ཕ་ཙུང་ལིར་བསྐོ་འཇོག་བྱས་པ་རེད།  
    བལ་བོའི་རྩ་ཁྲིམས་ལ་གཞིགས་ན། ཏེ་ཝུའུ་ཕ་ཡིས་ངེས་པར་དུ་ཙུང་ལིའི་འགན་འཁུར་རྗེས་ཀྱི་ཉིན་30ཡི་ནང་གྲོས་ཚོགས་འོག་མའི་ཡིད་རྟོན་འདེམས་ཤོག་ཐོབ་དགོས་པ་རེད། 
   ཚེས་12ཉིན་བལ་བོའི་ཆེས་མཐོའི་ཁྲིམས་ཁང་གིས་ཙུང་ཐུང་པན་ཏ་ལིས་ངེས་པར་དུ་ཉིན་གཉིས་ནང་ཏེ་ཝུའུ་ཕ་ཙུང་ལིར་བསྐོ་འཇོག་བྱེད་དགོས་པ་དང་གྲོས་ཁང་འོག་མས་ངེས་པར་དུ་ཉིན་བདུན་ནང་ཚུན་དུ་སླར་ཡང་ཚོགས་འདུ་སྐོང་ཚོགས་བྱེད་དགོས་པའི་ཁྲུན་ཐག་བཅད་པ་རེད། 
   ཟླ་5ཚེས་10ཉིན། སྐབས་དེའི་བལ་བོའི་ཙུང་ལི་ཨའོ་ལི་ལ་གྲོས་ཚོགས་ཀྱི་གྲོས་ཁང་འོག་མའི་ཡིད་རྟོན་འདེམས་ཤོག་མ་ཐོབ་པས། ཨའོ་ལི་སྲིད་གཞུང་ལྟ་སྲུང་སྲིད་གཞུང་དུ་གྱུར་བ་རེད། སྲིད་ཏང་གཞན་དག་གིས་དུས་ཐོག་ལ་སྲིད་གཞུང་གསར་པ་འཛུགས་མ་ཐུབ་པས། ཨའོ་ལི་ཟླ་5ཚེས་13ཉིན་སླར་ཡང་ཙུང་ལིར་བསྐོ་འཇོག་བྱས་པ་རེད། ཟླ་5ཚེས་20ཉིན་ཨའོ་ལིས་ཏང་ཤོག་གཞན་དག་གིས་སྲིད་གཞུང་གསར་པ་འཛུགས་རྒྱུའི་བླང་བྱ་བཏོན་པ་རེད། ཏེ་ཝུའུ་ཕ་ཡིས་དེ་རྗེས་སྲིད་གཞུང་གསར་པ་འཛུགས་རྒྱུའི་བླང་བྱ་བཏོན་པ་དང་ཨོ་ལིས་ཀྱང་དེ་དང་ཆབས་ཅིག་སྲིད་གཞུང་གསར་པ་འཛུགས་རྒྱུའི་བླང་བྱ་བཏོན་པ་རེད། ཟླ་5ཚེས་22ཉིན་བལ་བོའི་ཙུང་ཐུང་གཞུང་དོན་ཁང་གིས་གསལ་བསྒྲགས་སྤེལ་ནས། ཨོ་ལི་དང་ཏེ་ཝུའུ་ཕ་ཡིས་སྲིད་གཞུང་གསར་པ་འཛུགས་རྒྱུའི་བླང་བྱ་བཏོན་པ་ཚང་མ་རྩིས་མེད་ཡིན་པ་དང་། ཙུང་ཐུང་པན་ཏ་ལི་ཡིས་གྲོས་ཁང་འོག་མ་མེད་པ་བཟོ་རྒྱུའི་ཁྱབ་བསྒྲགས་བྱས་པ་རེད། ཚོགས་ཆེན་ཏང་དང་ཏང་ཤོག་གཞན་དག་ལས་གྲུབ་པའི་ངོ་རྒོལ་ཏང་མནའ་འབྲེལ་གྱིས་དེ་རྗེས་དོན་དེ་ཆེས་མཐོའི་ཁྲིམས་ཁང་ལ་གཏུགས་པ་རེད། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1