༄༅།།ཁ་དྲོ་བའི་རྟེན་འབྲེལ་གྱི་རྫས་མཆོག

མི་གསལ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ཁམས་པའི་རིག་གནས་དྲ་བ། སྤེལ་དུས། 07-16



ཁ་དྲོ་བའི་རྟེན་འབྲེལ་གྱི་རྫས་མཆོག༼ལོ་གསར་གྱི་ཁ་ཟས།༽



     བོད་དབུས་ཁུལ་གྱི་མང་ཚོགས་རྣམས་རང་རང་གི་འཁོས་སྦྱོར་ལ་གཞིགས་ཏེ་བོད་ཟླ12པ་ནས་བཟུང་ལོ་གསར་གྱི་ཉེར་མཁོའི་སྟ་གོན་རིམ་བཞིན་བྱེད་མགོ་ཚུགས་ཏེ་ཤ་མར་འབྲུ་སྣུམ་སོགས་ལོ་གསར་གྱི་ཉེར་མཁོ་དང་། གཟབ་སྤྲོས་གྱོན་ཆས་སྣ་ཚོགས། ལུག་མགོ་ལོ་ཕུད། ཕྱེ་མར་གྱི་རྩེ་སྒྲོ་དང་ལོ་གསར་མེ་ཏོག་སོགས་གྲོ་སོ་ཕྱེ་མར་ཡོ་ཆས། ཁང་པའི་དར་ལྕོག་དང་དར་ཤིང་། ཤམ་བུ་སོགས་ཉོ་སྒྲུབ་བྱེད་པ་དང་། ཆང་བཙོ་བ་དང་ཁྱིམ་ཚང་སོ་སོའི་ཐབ་ཚང་གིས་གཙོས་ཁང་པའི་ཕྱི་ནང་གི་དུ་བ་དང་ཐལ་བ་རྣམས་གཙང་མར་འཕྱག་པ་སོགས་ལོ་གསར་གྱི་སྟ་གོན་བྱེད་ཅིང་ལྷག་པར་དུ་སྡེར་ཁའི་ཟ་ཟས་དང། སྦོ་ལུག་ཁུར་བ་སོགས་ཁ་ཟས་སྣ་ཚོགས་སྲེག་ནས་མི་རྣམས་ལ་སྔར་ལས་ལྷག་པའི་སྒོ་ནས་ལོ་གསར་གྱི་ཉམས་སྣང་ཞིག་མངོན་པར་བྱེད་ཀྱི་ཡོད།


ཁ་དྲོ་བའི་རྟེན་འབྲེལ་གྱི་རྫས་མཆོག༼ལོ་གསར་གྱི་ཁ་ཟས།༽

     དེ་ཡང་སྡེར་ཁ་ནི་བཟའ་བཅའ་ཙམ་མིན་པར་རྟེན་འབྲེལ་མཚོན་བྱེད་ཀྱི་རྫས་གཙོ་བོ་ཞིག་རེད། སྡེར་ཁའི་རྒྱུ་ནི་གྲོ་ཞིབ་ཡིན་པས་ཁ་གྲོ་བའི་དོན་ལྡན་ཡོད། མར་རམ་སྣུམ་ལ་སྲེག་གི་ཡོད་པས་སྣུམ་ཞག་ལྡན་པ་ནི་བོད་མིས་ལེགས་པའི་ཆར་བརྩི་སྲོལ་ཡོད་པ་སྟེ་མི་སྣུམ་ཞག་དོད་པོ་དང་། ལུང་པ་སྣུམ་ཞག་དོད་པོ་སོགས་ཀྱི་ཤོད་སྲོལ་ཡོད།

ཁ་དྲོ་བའི་རྟེན་འབྲེལ་གྱི་རྫས་མཆོག༼ལོ་གསར་གྱི་ཁ་ཟས།༽

     དེ་མིན་སྡེར་ཁར་བཤམས་པའི་ཁ་ཟས་ཀྱི་བཟོ་དབྱིབས་མི་འདྲ་བ་སྟེ། ཁུར་ཁོག་ལས་རྐང་གདུང་དང་། ཉ་ཤག་ལས་རྩིབས་མ། སྨུག་ཐུང་ལས་རྒྱུ་ནག སྦོ་ལུག་ལས་རྒྱུ་དཀར། པིན་ཏོག་ལས་སྙིང་བཅས་མཚོན་ཐུབ་ཀྱི་ཡོད། སྡེར་ཁའི་ཁ་ཟས་ཀྱི་གྲངས་ཀྱང་ངེས་པར་རྟེན་འབྲེལ་མཚོན་བྱེད་དུ་ཡུལ་ལུང་སོ་སོའི་ལུགས་སྲོལ་ལྟར་ཡ་གྲངས་སམ་ཆ་གྲངས་གང་རུང་དུ་བསྒྲིགས་ནས་རྟེན་འབྲེལ་བརྩི་སྲོལ་ཡོད།

ཁ་དྲོ་བའི་རྟེན་འབྲེལ་གྱི་རྫས་མཆོག༼ལོ་གསར་གྱི་ཁ་ཟས།༽

     ལོ་རབས་བརྒྱད་ཅུ་དང་དགུ་བཅུའི་རྗེས་ཀྱི་མི་རྣམས་ཀྱི་སེམས་ནང་བྱིས་དུས་སུ་ཁྱིམ་མི་རྣམས་མཉམ་དུ་བསྡད་དེ་ཁ་ཟས་བཀྲག་པ་ནི་དྲོད་ཁོལ་དང་དགའ་སྤྲོས་ཁེངས་པའི་རྣམ་པ་ཞིག་ཡིན་ཡང་། དེང་གི་ཆར་འཚོ་བའི་གོམ་སྟབས་མགྱོགས་སུ་ཕྱིན་པ་དང་མང་ཚོགས་ཀྱི་འབྱོར་འཁོས་ལེགས་སུ་ཕྱིན་པ་དེ་བཞིན་འཚོ་བ་སྔར་བས་སྟབས་བདེར་གྱུར་བ་སོགས་ཕྱི་ནང་གི་རྐྱེན་མང་པོས་རང་ཁྱིམ་དུ་ཁ་ཟས་བཀྲག་མཁན་སྤྱིར་བཏང་ཉུང་ཉུང་ཡིན་མོད།

ཁ་དྲོ་བའི་རྟེན་འབྲེལ་གྱི་རྫས་མཆོག༼ལོ་གསར་གྱི་ཁ་ཟས།༽

     འོན་ཏེ་སྣེ་མང་ཕུན་སུམ་ཚོགས་ལ་ཚོན་མདོག་རྣམ་པར་བཀྲ་བ། བཟོ་དབྱིབས་ལྟ་ན་སྡུག་ལ་བྲོ་བ་འདྲ་མིན་སྣ་ཚོགས། རིན་གོང་མཐོ་དམན་བར་ལ་ཁ་ཟས་གང་དགའ་གང་འདོད་རང་ཉིད་ཀྱིས་བཟོ་མི་དགོས་པར་ལོ་གསར་གོང་གི་ཁ་ཟས་ཆེད་ཚོང་ཁང་མང་པོ་ཞིག་ནས་ཉོ་རྒྱུ་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1