གཙོ་ངོས།>> གསར་འགྱུར།>>བོད་འབྲེལ་ས་ཁུལ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོ་བོད་ཀྱི་དྲ་བ། སྤེལ་དུས། ༢༠༢༡ལོའི་ཟླ་བ་༠༧ཚེས་༡༦ཉིན།

ལོ་ངོ70ཡི་རིང་འབད་འབུངས་ཡར་བརྩོན་བྱས་ནས་ཉིང་ཁྲི་གྲོང་ཁྱེར་གྱིས་དམངས་འཚོར་ཕན་པའི་ལས་དོན་རྒྱ་ཆེར་སྤེལ།

པར་འདི་ནི་བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་གྱི་རྣམ་པ་རེད།
         ཉེ་ཆར། བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གསར་འགྱུར་གཞུང་ལས་ཁང་གིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་བསྡུས་ཤིང་། ཚོགས་འདུའི་སྟེང་བོད་ལྗོངས་ཞི་བའི་བཅིངས་འགྲོལ་བཏང་ནས་ལོ་འཁོར70ལོན་པའི་རིང་ཉིང་ཁྲི་གྲོང་ཁྱེར་གྱི་ཏང་འཛུགས་སྐྱོང་དང་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ཀྱི་གྲུབ་འབྲས་ངོ་སྤྲོད་བྱས་པ་རེད།
         ཉིང་ཁྲི་གྲོང་ཁྱེར་གྱི་ཧྲི་ཀྲང་གཞོན་པ་ཞུས་ལུང་ཧའེ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། 1986ལོར་ཉིང་ཁྲི་ས་ཁུལ་སླར་འཛུགས་བྱས་པ་ནས་བཟུང་། དཔལ་འབྱོར་འཕེལ་རྒྱས་མྱུར་བ་དང་། སྤྱི་ཚོགས་བྱ་གཞག་ཡར་ཐོན། སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་སྔར་བས་སྲ་བརྟན། སྤྱི་ཚོགས་བརྟན་བརླིང་། མི་རིགས་ཁག་གི་མང་ཚོགས་ཀྱིས་བདེ་སྡོད་ལས་བརྩོན་སྒོས་འཚོ་བ་རོལ་བཞིན་པ་བཅས་ཀྱི་རྣམ་པ་ལེགས་པོ་མངོན་ཡོད། 

པར་འདི་ནི་ཉིང་ཁྲི་གྲོང་ཁྱེར་བྲག་གསུམ་མཚོའི་མཛེས་ལྗོངས་ཁུལ་གྱི་ཉེ་འདབས་སུ་གནས་པའི་མཚོ་མགོ་གྲོང་ཚོའི་རྣམ་པ་རེད།
         2020ལོར་ཉིང་ཁྲི་གྲོང་ཁྱེར་གྱི་ས་ཁུལ་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར191.34ཡིན་པ་དེ1986ལོའི་ལྡབ289རེད། འདས་ཟིན་པའི་ལོ5ཡི་རིང་། ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་རིམ་རྩིས་ལོ་རེར་ཆ་སྙོམས9%ཡི་འཕར་ཚད་རྒྱུན་འཁྱོངས་བྱས།
         ཞུས་ལུང་ཧའེ་ཡིས་ཉིང་ཁྲི་གྲོང་ཁྱེར་གྱི“100%ལྔའི”སློབ་གསོའི་དམིགས་ཚད་ཕྱོགས་ཡོངས་ནས་མངོན་འགྱུར་བྱུང་ཡོད། ཉིང་ཁྲི་གྲོང་ཁྱེར་མི་དམངས་སྨན་ཁང་གིས“རིམ་པ་གསུམ་པའི་ཀ་བ”བསྐྲུན་པ་དང་། སྨན་བཅོས་ཤེས་ལྡན་པའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་དང་། རིམ་པ་གསུམ་པའི་སྨན་ཁང་གི་ཁ་གཏད་རོགས་སྐྱོར་བཅས་ལ་སྐུལ་འདེད་བཏང་བ་བརྒྱུད། ཉིང་ཁྲི་གྲོང་ཁྱེར་གྱི་སྨན་བཅོས་ཞབས་ཞུའི་ཆུ་ཚད་རྒྱུན་མཐུད་ངང་མཐོར་འདེགས་སུ་ཕྱིན་པ་རེད། སྤྱི་ཚོགས་འགན་བཅོལ་ཁྱབ་ཚད97%ཡན་རྒྱུན་འཁྱོངས་བྱས་ཤིང་། 2020ལོར་ས་གནས་དེ་གའི་རོང་འབྲོག་མང་ཚོགས་ཀྱི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར18791ཟིན་པ་དང་། ལྗོངས་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད་ཅེས་བཤད།
         རྨང་གཞིའི་སྒྲིག་བཀོད་ཐད། ཉིང་ཁྲི་གྲོང་ཁྱེར་གྱི་གཞུང་ལམ་རིང་ཚད་སྤྱི་ལེ7136བར་ཇེ་མང་དུ་ཕྱིན་པ་དང་། ཤང་དང་གྲོང་རྡལ་དང་། སྲིད་འཛིན་གྲོང་ཚོར་གཞུང་ལམ་ཤར་གཏོང་ཐུབ་ཚད100%སླེབས་ཡོད། ལྷ་ཉིང་མཐོ་རིམ་གཞུང་ལམ་དང་གནམ་གྲུ་ཐང་གི་མྱུར་བགྲོད་གཞུང་ལམ་བསྐྲུན་ཟིན་ནས་རླངས་འཁོར་ཤར་གཏོང་ཐུབ་པ་དང་། ལྷ་ཉིང་ལྕགས་ལམ་ཐོག་མེ་འཁོར་ཤར་གཏོང་ཐུབ་བ། རྒྱལ་ནང་གི་མཁའ་ལམ་ཇེ་མང་དུ་ཕྱིན་ཡོད་པས་ཉིང་ཁྲིར་བསྐྱོད་པ་སྔར་བས་སྟབས་བདེ་རུ་བཏང་ཡོད། ཤང་དང་གྲོང་རྡལ་གྱི་སྤོ་འགུལ་བརྡ་རྟགས་དང་། སྲིད་འཛིན་གྲོང་ཚོར་དྲ་རྒྱ་ཁྱབ་ཚད། སྦྲག་སྲིད་ཤར་གཏོང་ཐུབ་ཚད་བཅས100%ལ་སླེབས་པ་དང་། ཞིང་ཆུ་འདྲེན་པའི་རྒྱ་ཁྱོན་མུའུ་ཁྲི30.7ལ་སླེབས་པ་དང་ཞིང་ཁར་ཆུ་འདྲེན་པའི་ཚད70.69%ཟིན་ཡོད།

པར་འདི་ནི་ལྷ་ཉིང་མཐོ་རིམ་གཞུང་ལམ་གྱི་རྣམ་པ་རེད།
         སྐྱེ་ཁམས་ཁོར་ཡུག་ཐད། ཉིང་ཁྲི་གྲོང་ཁྱེར་གྱི་ནགས་ཚལ་ཁྱབ་ཚད53.6%ཟིན་ཡོད་ཅིང་། མཁའ་རླུང་གི་སྤུས་ཚད་དེ་ཚད་ལོན་ཉིན་གྲངས་ཀྱི་བསྡུར་ཚད་ལས100%ཟིན་པ་དང་། གཙང་པོ་དང་། ཆུ་བོ། མཚེའུ་བཅས་ཀྱི་ཆུའི་སྤུས་ཚད་ལོན་པའམ་ཡང་ནШརིགས་ཀྱི་ཚད་གཞི་ལས་ལེགས་པ། གཅིག་སྡུད་རྣམ་པའི་འཐུང་ཆུའི་ཆུ་མགོའི་ཆུའི་སྤུས་ཚད100%ཟིན་པ་བཅས་རེད།
         ཞུས་ལུང་ཧའེ་ཡིས་ད་ལོའི་དུས་ཚིགས་དང་པོར་ཉིང་ཁྲི་གྲོང་ཁྱེར་གྱིས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར40ལེགས་གྲུབ་ཟིན་པ་དེ་དུས་མཉམ་ལས11%འཕར་ཏེ། ལྗོངས་ཡོངས་ཀྱི་མདུན་གྲལ་དུ་རྒྱུན་འཁྱོངས་ཐུབ་ཡོད་ཅེས་བཤད།
39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1