བལ་བོའི་ཙུང་ལི་གསར་གཞོན་ལ་གྲོས་ཁང་གི་ཡིད་ཆེས་འདེམས་ཤོག་ཐོབ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་སྐད་རླུང་འཕྲིན། སྤེལ་དུས། 07-19


        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  བལ་བོའི་ཙུང་ལི་གསར་གཞོན་ཏི་ཝུའུ་ཕཱ་ལ་ཚེས་བཅོ་བརྒྱད་ཉིན་གྲོས་ཁང་གི་ཡིད་ཆེས་འདེམས་ཤོག་ཐོབ་པ་དང་། དེས་ཏི་ཝུའུ་ཕཱ་ཡིས་གྲོས་ཁང་གི་རབས་ཕྱི་མའི་འདེམས་བསྐོ་མ་ཐོན་བར་དུ་ཙུང་ལི་ཡི་འགན་བཞེས་རྒྱུ་ཡིན་པ་མཚོན།
        བལ་བོའི་གྲོས་ཁང་གི་གྲོས་དཔོན་སཱ་ཕུའུ་ཁི་ཐི་ཡིས་བསྒྲགས་དོན། ཏི་ཝུའུ་ཕཱ་ལ་འདེམས་ཤོག་བརྒྱ་དང་རེ་ལྔའི་རྒྱབ་སྐྱོར་ཐོབ་པ་དང་འདེམས་ཤོག་གྱ་གསུམ་གྱིས་མོས་མཐུན་མ་བྱུང་བ་ལྟར་གྲོས་ཁང་གི་ཡིད་ཆེས་འདེམས་ཤོག་ཐོབ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1