ཧོང་ཆང་རྔ་བ་ཁུལ་དུ་ཕེབས་ནས་བརྟག་ཞིབ་གནང་བར་མ་ཟད་གྲོས་ཚོགས་འཚོགས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།རྔ་བ་ཁུལ་བརྙན་འཕྲིན་ཁང་། སྤེལ་དུས། 07-19



ཧོང་ཆང་རྔ་བ་ཁུལ་དུ་བརྟག་ཞིབ་ལ་ཕེབས་སྐབས་གསུང་དོན།
ནུས་ཤུགས་ཡོད་རྒུས་འཛམ་གླིང་ས་མཐོའི་ན་འདམ་མཛེས་ཤོས་ཡིན་པའི་རྒྱལ་ཁབ་ཀྱི་མིང་བྱང་བཏོད་ནས་ལྗང་མདོག་དང་གསར་བརྗེ། ཁྱད་ལྡན་བཅས་མཉམ་འདྲེས་ཀྱི་སྤུས་ཚད་མཐོ་བའི་གོང་སྤེལ་གྱི་ལམ་བུའི་ཐོག་བརྟན་པོའི་ངང་བསྐྱོད་དགོས།་ཞེས་བསྟན།
        ཉེ་སྔོན། ཞིང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཧོང་ཆང་རྔ་བ་ཁུལ་དུ་བརྟག་ཞིབ་གནང་བར་ཕེབས་པ་དང་འབྲེལ་སྤུས་ཚད་མཐོ་བའི་སྒོ་ནས་མཛོད་དགེ་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་གྱི་ཆེད་དོན་ཚོགས་འདུར་གཙོ་སྐྱོང་གནང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་100འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་དང་། རྨ་ཆུའི་འབབ་རྒྱུད་ཀྱི་སྣོད་བཅུད་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བཞུགས་མོལ་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ཏེ་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་ལ་གནད་ལ་འཁེལ་བ་དང་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། འཐུས་སྒོ་ཚང་ལ་གནད་ལ་འཁེལ་བའི་སྒོ་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱས་ཏེ་སྤུས་ཚད་མཐོ་བའི་མཛོད་དགེ་རྒྱལ་ཁབ་སྤྱི་གླིང་བསྐྲུན་པ། ལྗང་མདོག་དང་གསར་བརྗེ། ཁྱད་ལྡན་མཉམ་འདྲེས་ཡིན་པའི་གོང་སྤེལ་གྱི་ལམ་བུའི་ཐོག་བློ་བརྟན་འགྱུར་མེད་ངང་བསྐྱོད་དེ་རྨ་ཆུའི་འབབ་རྒྱུད་ཀྱི་སྣོད་བཅུད་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏིང་ཟབ་གཏོང་དགོས་གསུང་།
        ཧོང་ཆང་མཛོད་དགེ་རྫོང་དཔལ་སྐྱིད་གྲོང་རྡལ་དང་ཨ་སྐྱིད་གྲོང་རྡལ་དུ་ཕེབས་ནས་ཀྲུང་གོ་བཟོ་ཞིང་དམར་དམག་བན་ཡུལ་གྱི་སྔོན་གཤེགས་དཔའ་བོའི་དྲན་གསོའི་རྡོ་རིང་ལ་མེ་ཏོག་ཕུལ། དེ་བཞིན་དཔལ་སྐྱིད་གྲོས་ཚོགས་ཚོགས་ཡུལ་དང་དྲན་གསོ་ཁང་། བློ་མཐུན་ཀྲོའུ་ཨེན་ལའེ་བཅས་ཀྱིས་སྔོན་ཆད་ནད་གསོ་གནང་མྱོང་བའི་སྡོད་གནས་ལ་གཟིགས་སྐོར་གནང་བ་རེད། ཁོང་གིས་སེམས་ཤུགས་དང་བརྩེ་སེམས། ནུས་ཤུགས་བཅས་བཀོལ་ནས་གསར་བརྗེའི་ཐོན་ཁུངས་སྲུང་སྐྱོང་ཡག་པོ་དང་དོ་དམ་ཡག་པོ། བེད་སྤྱོད་ཡག་པོ་བཅས་བྱེད་དགོས་ལ། སྲུང་སྐྱོང་དང་འགྲེམས་སྟོན་ཡག་པོ་བྱེད་པ། སྔར་ཡོད་ཀྱི་རྣམ་པ་ལྟར་ཉམས་གསོ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། རིག་དངོས་ཀྱི་ལོ་རྒྱུས་དཔྱད་གཞི་རྒྱ་ཁྱབ་ངང་བསྡུ་རུབ་བྱེད་པ་བཅས་ཀྱི་ཐོག་ནས་སྟབས་བདེ་ལ་ཐབས་ཆག་མིན་པ་དང་ནང་དོན་ཞིབ་ལ་བདེན་པ་ཡིན་པའི་སྒོ་ནས་བཤིག་སྐྲུན་གང་བྱུང་བྱེད་རིགས་གཏན་འགོག་བྱེད་དགོས་པའི་ནན་བཤད་གནང་བ་རེད།
        མཛོད་དགེ་རྫོང་ཨ་སྐྱིད་གསེར་གཏེར་ནས་ཧོང་ཆང་གིས་རྨ་ཆུའི་འབབ་རྒྱུད་ཀྱི་སྣོད་བཅུད་ཁོར་ཡུག་གི་ཉེན་བརྡའི་བརྙན་པར་ཁྱབ་བསྒྲགས་ཀྱི་གནད་དོན་བཅོས་སྒྲིག་བྱས་ཚུལ་ལ་ལྟ་སྐུལ་མཛུབ་ཁྲིད་བྱས་པ་དང་། ཁེ་ལས་ཀྱིས་བྱེད་པོའི་འགན་འཁྲི་ཏན་ཏིག་འཁུར་བ་དང་དག་ཐེར་ཇུས་གཞི་བཟོ་རྒྱུ་དམ་འཛིན་བྱེད་པ་དང་། འབྲེལ་ཡོད་སྡེ་ཚན་གྱིས་ཁས་ལེན་བྱས་པ་བརྒྱུད་དག་ཐེར་མཐའ་གཅིག་ཏུ་བྱེད། འབྲེལ་ཡོད་སྡེ་ཚན་དང་རྔ་བ་ཁུལ་གྱིས་རང་སོ་སོའི་འགན་འཁྲི་དོན་འཁྱོལ་ནན་པོ་བྱེད་པ། འབྲེལ་ཡོད་ཞིང་ཆེན་གྱི་གཏེར་ལས་དབང་ཆ་སྤྱད་ནས་ཁ་གསབ་བྱེད་ཐབས་ལ་དཔེ་བལྟ་བ་བཅས་བྱས་ཏེ་དག་ཐེར་དང་ཉམས་གསོའི་ལས་དོན་དོན་ཐོག་ཏུ་འཁྱོལ་རྒྱུར་སྐུལ་འདེད་གཏོང་དགོས་པར་བསྟན།
མཛོད་དགེ་རྫོང་མཚོ་ཁྲ་ཁྲབ་དང་བྱམས་མེ་གྲོང་རྡལ། ཧུང་ཞིན་གྲོང་རྡལ་སོགས་སུ་ཧོང་ཆང་གིས་ན་འདམ་སླར་གསོ་དང་། བྱེ་འགོག་བྱེ་བཅོས། ཨ་བྲ་དང་འབུའི་གནོད་འཚེ་བཅོས་སྒྲིག་ཚོད་ལྟ། སི་ཁྲོན་དང་ཀན་སུའུ་ཞིང་ཆེན་གཉིས་ཀྱི་མཛོད་དགེའི་རྒྱལ་ཁབ་སྤྱི་གླིང(སི་ཁྲོན་ས་ཁུལ)འཆར་འགོད་སོགས་ཀྱི་གནས་ཚུལ་ལ་བརྟག་ཞིབ་གནང་ནས་རྩྭ་སའི་སྣོད་བཅུད་སླར་གསོ་མགྱོགས་མྱུར་ཡོང་བ་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།
        ཧོང་ཆང་ད་དུང་གཟི་རྩ་སྡེ་དགུ་རྫོང་གཙང་རྩ་གྲོང་རྡལ་དང་། ཀླུ་གཉན་གྲོང་རྡལ་ཆུང་བ། གཟི་རྩ་སྡེ་དགུའི་ཡུལ་སྐོར་ཞབས་ཞུའི་ལྟེ་གནས་བཅས་སུ་ཕེབས་ནས“8·8”གཟི་རྩ་སྡེ་དགུའི་ས་ཡོམ་གྱི་གནོད་རྗེས་སླར་གསོ་བསྐྱར་སྐྲུན་འགྲེམས་སྟོན་ཁང་ལ་གཟིགས་སྐོར་གནང་བ་དང་། ཁྱད་ལྡན་གྲོང་རྡལ་ཆུང་ངུ་འཛུགས་སྐྲུན་དང་ཞིང་ཆེན་རིག་གནས་ཡུལ་སྐོར་འཕེལ་རྒྱས་ཚོགས་ཆེན་གྱི་གྲ་སྒྲིག རིག་གནས་གསར་གཏོད་ཐོན་རྫས་སྐྱེད་སྲིང་། རིག་ལྡན་དོ་དམ་ལས་སྟེགས་འཁོར་སྐྱོད་སོགས་གནས་ཚུལ་ལ་བརྟག་ཞིབ་གནང་། ཁོང་གིས་གཟི་རྩ་སྡེ་དགུའི་འཛམ་གླིང་རང་བྱུང་ཤུལ་བཞག་ས་ཁུལ་ཉམས་གསོ་སྲུང་སྐྱོང་བྱེད་པ་ཇེ་མགྱོགས་སུ་གཏོང་བ་དང་། ནགས་ཚལ་མེ་སྐྱོན་དང་ས་གཤིས་གནོད་འཚེར་དོགས་ཟོན་བྱེད་ཤུགས་ཆེ་རུ་གཏོང་བ། ཡུལ་སྐོར་ལས་རིགས་སླར་གསོ་བཅས་ཀྱི་གྲ་སྒྲིག་ལས་དོན་ཡག་པོ་བྱས་ཏེ་ནུས་ཤུགས་ཡོད་རྒུས་ཞིང་ཆེན་གྱི་ཡུལ་སྐོར་ལས་དོན་གྱི་གྲ་སྒྲིག་ལས་དོན་ཡག་པོ་བསྒྲུབ་ནས་ཞིང་ཆེན་གྱི་ཡུལ་སྐོར་ཚོགས་ཆེན་ལེགས་པོར་སྒྲུབ་དགོས་ལ་ཡུལ་སྐོར་གྱི་མཚན་སྙན་ཇེ་རྒྱས་སུ་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།
        ཧོང་ཆང་གིས་ནན་གྱིས་གསུང་དོན། ཆུ་བོའི་སྟོད་རྒྱུད་ཀྱི་འགན་འཁྲི་ཁུར་ནས་ཐོག་མཐའ་བར་གསུམ་དུ་སྣོད་བཅུད་སྲུང་སྐྱོང་བྱ་རྒྱུ་ཨང་དང་པོར་འཇོག་པ་དང“སྒུག་རྟེན་སློང་གསུམ”གྱི་བསམ་བློ་མཐའ་གཅིག་ཏུ་དོར་ཏེ་ན་འདམ་རྩྭ་ཐང་གི་སྣོད་བཅུད་སྲུང་སྐྱོང་དང་སླར་གསོའི་ལས་དོན་ལ་ཤུགས་སྣོན་བརྒྱབ་སྟེ་རྨ་ཆུའི་སྟོད་རྒྱུད་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་བརྟན་པོ་བསྐྲུན་དགོས་པ་མ་ཟད། སྤུས་ཚད་མཐོ་བའི་མཛོད་དགེ་རྒྱལ་ཁབ་སྤྱི་གླིང་བསྐྲུན་རྒྱུ་དེ་སི་ཁྲོན་རྨ་ཆུའི་འབབ་རྒྱུད་ཀྱི་སྣོད་བཅུད་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་དོན་ཆེན་ཨང་དང་པོར་བརྩིས་ཏེ་ཞིང་ཆེན་ཡོངས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་འཆར་འགོད་འཛུགས་སྐྲུན་བྱེད་ཐབས་ཇེ་མགྱོགས་སུ་གཏོང་བ་དང་། སི་ཁྲོན་དང་ཀན་སུའུ་ཞིང་ཆེན་གཉིས་ཀྱི་མཐུན་སྦྱོར་མཉམ་ལས་ལ་ཤུགས་སྣོན་རྒྱག་པ། ནུས་ཤུགས་ཡོད་རྒུས་འཛམ་གླིང་ཐོག་གི་ས་མཐོའི་ན་འདམ་མཛེས་ཤོས་ཡིན་པའི་རྒྱལ་ཁབ་ཀྱི་མིང་བྱང་གཏོད་པ་བཅས་བྱེད་དགོས། ད་དུང་ཆུ་ཚད་མཐོན་པོའི་སྒོ་ནས་ཡུལ་སྐོར་འཕེལ་རྒྱས་ཀྱི་འཆར་འགོད་ཡག་པོ་བཟོས་ཏེ་ཡུལ་སྐོར་བ་ལྟེ་བར་བྱས་ནས་ཡུལ་སྐོར་གྱི་སྤུས་ཚད་མཐོ་རུ་གཏོང་བ་དང་། སྣོད་བཅུད་རིག་གནས་དང་གསར་བརྗེ། བོད་ཆའང་མི་རིགས་ཀྱི་ཡུལ་སྲོལ་བཅས་ཀྱི་ཡུལ་སྐོར་བརྗོད་བྱ་གཙོ་བོ་མངོན་གསལ་དོད་པོ་ཡོང་བར་བྱེད་པ། དངོས་ཟོག་གི་སྤུས་ཀ་དག་ལ་ཁྱད་ཆོས་ལྡན་པའི་ཁྱད་ལྡན་ཡུལ་སྐོར་ཚོང་ཟོག་གསར་སྤེལ་ཤུགས་ཆེན་བྱེད་པ།“སྒོ་འཛིན་གྱི་དཔལ་འབྱོར”གྱི་རྣམ་པར་འགྱུར་ལྡོག་གཏོང་བ། བཟའ་འདུག་འགྲོ་གསུམ་དང་། ཡུལ་སྐོར། ཉོ་ཚོང་། རོལ་རྩེད་བཅས་ཀྱི་ཕྱོགས་བསྡུས་འཛད་སྤྱོད་ཕྱོགས་ཡོངས་ནས་གོང་མཐོར་གཏོང་བ་བཅས་བྱས་ནས་འཛམ་གླིང་གི་ཡུལ་སྐོར་བྱ་ཡུལ་མགྱོགས་མྱུང་གྱིས་བསྐྲུན་དགོས། 
        ཧྲིན་ཀྲང་གཞོན་པ་ཚའོ་ལི་ཅུན་དང་། ཞིང་ཆེན་སྲིད་གཞུང་གི་དྲུང་ཆེ་ཧུའུ་ཡུན། ཞིང་ཆེན་ཐད་གཏོགས་འབྲེལ་ཡོད་སྡེ་ཚན་དང་རྔ་བ་ཁུལ་གྱི་འགན་འཁུར་བ་སོགས་བརྟག་ཞིབ་ནང་ཞུགས་ཡོད་པ་རེད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1