དཀར་མཛེས་ཁུལ་གྱིས་ཞིང་སྡེའི་གཞུང་ལམ་སྐྲུན་ཤུགས་ཆེ་རུ་བཏང་།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 07-20



ཞིང་སྡེའི་གཞུང་ལམ་དང་ཡུལ་སྐོར་ཟུང་དུ་སྦྲེལ།
        ཉེ་ཆར། ཁུལ་སྲིད་གཞུང་གཞུང་ལས་ཁང་ནས་གནས་ཚུལ་ཤེས་རྟོགས་བྱུང་དོན། ད་ལོར་རང་ཁུལ་གྱིས་མགྱོགས་པར་སླེབས་ཐུབ་པ་དང་། ཡུལ་སྐོར་བག་ལྷོད་པོ་བྱེད་ཐུབ་པ། ཕྱིར་ལོག་དུས་སྟབས་བདེ་མོ་ཡིན་པ་བཅས་ཀྱི་ཡུལ་སྐོར་འགྲིམ་འགྲུལ་དྲ་བ་ཞིག་བཙུགས་ཏེ། ཡུལ་སྐོར་མཛེས་ལྗོངས་དང་ལྗོངས་གནས། ལྗོངས་ཁུལ་བཅས་རྒྱུད་ངོགས་ཀྱི་ལམ་རྒྱུད་ཁོར་ཡུག་ཇེ་ལེགས་སུ་གཏང་རྒྱུ་ཡིན་ལ། ད་ལོའི་འཆར་གཞི་ལ་ཡུལ་སྐོར་འགྲོ་ལམ་འཕྲོ་འཛུགས་ཨར་ལས་སྤྱི་ལེ55.6བསྐྲུན་རྒྱུ་དང་། རྒྱལ་ལམ317དང318རྒྱུད་ཀྱི་རིག་གནས་ཡུལ་སྐོར་ས་ཚུགས་ཚན་འབོར་དང་པོ18ལས་གཉེར་བྱེད་ཐུབ་པ་བྱ་རྒྱུ།

ཞིང་སྡེའི་གཞུང་ལམ་དང་ཐོན་ལས་ཟུང་དུ་སྦྲེལ།
        རྒྱལ་རོང་རྒྱལ་མོ་རྔུལ་ཆུའི་འབབ་རྒྱུད་ཀྱི་ཡུལ་སྡེ་དར་རྒྱས་གཏོང་བའི་དཔེ་སྟོན་ཁུལ་ལ་དམིགས་ནས། ལི་ཆུ་དང་གཤིས་ཆུ་འབབ་རྒྱུད་ཀྱི་སྡེ་ཁུལ་ཆེན་པོ་དྲུག་གི་ཞིང་ལས་ཐོན་ལས་དར་ཁུལ་གྱི་འགྲིམ་འགྲུལ་མི་བདེ་བའི་ཞན་ཆ་གསབ་རྒྱུ་དང་། ད་ཆར་ཐོན་ལས་ལམ་བུ་དང་ཐོན་ཁུངས་ལམ་བུ་སྤྱི་ལེ480བསྐྲུན་ཡོད།

ཞིང་སྡེའི་གཞུང་ལམ་དང་གློག་འཚོང་ཟུང་དུ་སྦྲེལ།
        རྫོང་དང་གྲོང་ཁྱེར་ལ་བརྟེན་ཞིང་། ཡུལ་ཤོག་དང་གྲོང་རྡལ་གྱིས་འབྲེལ་ཐག་བྱས་པ། ཞིང་ལས་ཉོ་ཚོང་སྡེབ་འཚོང་ཁྲོམ་རས་གཞི་སྟེགས་བྱས་པ། སྤྱི་ཁུལ་གྱིས་རྨང་གཞིར་བྱས་པའི་རིམ་པ་བཞིའི་ཞིང་ལས་ཐོན་རྫས་འཁོར་རྒྱུག་ཞབས་ཞུའི་མ་ལག་འཛུགས་པ་དང་། ད་ཆར་གྲོང་སྡེར་སླེབས་པའི་ཟོང་འགྲུལ་ལམ་བུ112བསྐྲུན་ཡོད་ལ། བརྒྱ་ཆ70ཡན་གྱི་ཞབས་ཞུའི་ས་ཚུགས་སུ་ཆུ་ཚོད72ནང་ཚུད་ལ་ཟོང་འགྲུལ་མྱུར་སྐྱེལ་གྲོང་སྡེར་སླེབས་པའི་དམིགས་འབེན་གྲུབ་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1