པད་ཏིན་གྱིས་ཕོ་བྲང་དཀར་པོ་ནས་ཅོར་ཏན་རྒྱལ་ཁབ་ཀྱི་རྒྱལ་བོ་ཨ་པུའུ་ཏུའུ་ལཱ་སྐུ་ཕྲེང་གཉིས་པ་དང་གྲོས་མོལ་བྱས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན། སྤེལ་དུས། 07-21


        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་མེ་རི་ཁའི་ཙུང་ཐུང་པད་ཏིན་གྱིས་ཚེས་བཅུ་དགུ་ཉིན་ཕོ་བྲང་དཀར་པོ་ནས་འཚམས་འདྲིར་ཡོང་བའི་ཅོར་ཏན་རྒྱལ་ཁབ་ཀྱི་རྒྱལ་བོ་ཨ་པུའུ་ཏུའུ་ལཱ་སྐུ་ཕྲེང་གཉིས་པ་དང་གྲོས་མོལ་བྱེད་སྐབས། རྒྱལ་ཁབ་གཉིས་ཀྱི་ཇུས་གཞི་ལ་གྲོས་འཆམ་བྱུང་ནས་ཕ་ལེ་སི་ཐན་དང་དབྱི་སི་རལ་གྱི་གནད་དོན་ཐག་གཅོད་པར་རྒྱབ་སྐྱོར་བྱེད་པ་ཡིན་ཞེས་བསྟན།
        པད་ཏན་དང་ཨ་པུའུ་ཏུའུ་ལཱ་སྐུ་ཕྲེང་གཉིས་པས་གྲོས་མོལ་བྱས་པ་དེ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དང་ས་གནས་ཀྱི་གནད་དོན་ལ་འབྲེལ་བ་ཡོད། ཕོ་བྲང་དཀར་པོས་བསྒྲགས་པའི་གསལ་སྒྲོག་ལྟར་ན། པད་ཏན་གྱིས་གྲོས་མོལ་བྱེད་སྐབས། རྒྱལ་ཁབ་གཉིས་ཀྱི་ཇུས་གཞི་ལ་གྲོས་འཆམ་བྱུང་ནས་ཕ་ལེ་སི་ཐན་དང་དབྱི་སི་རལ་གྱི་གནད་དོན་ཐག་གཅོད་པར་རྒྱབ་སྐྱོར་བྱེད་པ་དང་། ཅོར་ཏན་ནི་ཡེ་ལུའུ་ས་ལུན་གྱི་དབྱི་སི་ལན་ཆོས་ལུགས་གནས་མཆོག་གི་དོ་དམ་ཁོངས་གཏོགས་ཕྱོགས་ཀྱི་དམིགས་བསལ་རྒྱལ་ཁབ་ཡིན་པར་བརྩི་འཇོག་བྱེད་པ་ཡིན་ཞེས་བསྟན།
        གསལ་སྒྲོག་ནང་བཤད་དོན། པད་ཏན་གྱིས་ཅོར་ཏན་རྒྱལ་ཁབ་ཀྱིས་ས་གནས་བརྟན་འཇགས་ཁྲོད་དུ་ནུས་པ་ཆེན་པོ་བཏོན་པར་གཟེངས་བསྟོད་བྱས་པ་དང་། ཅོར་ཏན་དང་དབྱི་རག ཨེ་ཅིབ་བཅས་ཀྱི་མགོ་ཁྲིད་པས་ཉེ་བའི་དུས་སྐབས་ཤིག་ལ་པ་ཀི་ཏ་ནས་བསྡུས་པའི་ཕྱོགས་གསུམ་གྱི་གྲོས་ཚོགས་ལ་དགའ་བསུ་ཞུས་པར་མ་ཟད། ཅོར་ཏན་དང་དབྱི་སི་རལ་གྱི་སྐབས་གསར་བའི་སྲིད་གཞུང་གིས་འབྲེལ་གཏུག་བྱེད་པར་རྒྱབ་སྐྱོར་བྱེད་པ་ཡིན་ཞེས་བསྟན། ཕྱོགས་གཉིས་ཀྱིས་ད་དུང་པྲོག་གསར་གློ་ཚད་རིམས་ནད་ཇེ་སྡུག་ཏུ་སོང་བ་དེས་དཔལ་འབྱོར་ཐད་ལ་འགྲན་རྩོད་བཟོས་པའི་གནས་ཚུལ་དང་སི་རི་ཡའི་གནད་དོན་སོགས་ལ་གྲོས་སྡུར་བྱས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1