བོད་ལྗོངས་སྦྲ་ཆེན་རྫོང་དུ་རྟ་རྒྱུག་འགྲན་བཞིན་ཡོད་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 07-22


     མི་དམངས་དྲ་བ་ནག་ཆུ་ནས་ཟླ་7ཚེས་19ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། བོད་ལྗོངས་ནག་ཆུ་གྲོང་ཁྱེར་སྦྲ་ཆེན་རྫོང་ཨུད་དང་རྫོང་མི་དམངས་སྲིད་གཞུང་གིས་གཙོ་གཉེར་བྱས་པ་དང་། རྫོང་ཨུད་དྲིལ་བསྒྲགས་པུའུ་དང་རྫོང་ཐད་གཏོགས་སྡེ་ཚན་དང་དེ་བཞིན་ཞང་དང་གྲོང་རྡལ་ཁག་གིས་གཞོགས་འདེགས་བྱས་ནས་གཉེར་བའི་2021ལོའི་སྦྲ་ཆེན་རྫོང་གི་ཧོར་སྦྲ་ཆེན་སྦྲ་ནག་རིག་གནས་ཡུལ་སྐོར་སྒྱུ་རྩལ་དུས་ཆེན་དེ་གླ་ཤི་གྲོང་རྡལ་མདའ་མོ་ཐང་དུ་གཟབ་རྒྱས་ངང་འགོ་ཚུགས་པ་རེད། 

     སྐབས་འདིའི་སྒྱུ་རྩལ་དུས་ཆེན་གྱིས་"རིག་གནས་ཀྱིས་སྟེགས་བུ་བསྐྲུན་པ་དང་དཔལ་འབྱོར་གྱིས་ཟློས་གར་འཁྲབ་པའི་"་བྱེད་སྟངས་སྤྱད་དེ་དངོས་ཟོག་དང་ཚོང་དོན་སྤེལ་རེས་དང་ཕྱུགས་ལས་ཐོན་རྫས་འགྲེམས་ཚོང་དང་ཚོང་འགུགས་མ་འདྲེན་གྱི་ངོ་འཕྲད་གྲོས་མོལ་སོགས་ཀྱི་བྱེད་སྒོ་ཤུགས་ཆེན་སྤེལ་བ་བརྒྱུད། སྦྲ་ཆེན་རྫོང་གི་སྤུས་ལེགས་ཡུལ་སྐོར་ཐོན་ཁུངས་དྲིལ་བསྒྲགས་དང་འོས་སྦྱོར་གཏིང་ཟབ་བྱས་ཏེ་ཡུལ་སྐོར་ཐོན་ཁུངས་ཀྱི་ངོས་འཛིན་བྱེད་ཚད་མཐོ་རུ་གཏོང་བ་དང་སྦྲ་ཆེན་གྱི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ནས་ཡུལ་སྐོར་བ་ཡོང་མཁན་མང་བ་དང་། སྡོད་མཁན་མང་བ། འདུག་ཡུན་རིང་བ་བཅས་ཡོང་བར་སྐུལ་འདེད་བཏང་ཡོད། 






དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1