མི་ཉག་ཨ་འབྲུ་ནས་ཀྱི་ཡུལ་སྲོལ་དུས་ཆེན་སྤེལ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 07-22



མི་ཉག་ཨ་འབྲུ་ནས་ཀྱི་ཡུལ་སྲོལ་དུས་ཆེན་སྤེལ།

ཉེ་ཆར། དར་མདོ་གྲོང་ཁྱེར་འགག་པ་ཡུལ་ཤོག་གིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ100འཁོར་བར་དགའ་སྟོན་རྟེན་འབྲེལ་ཞུ་ཆེད་དང་མི་ཉག་གི་ཡུལ་སྲོལ་གོམས་གཤིས་བརྒྱུད་འཛིན་དར་སྤེལ་གཏོང་བའི་ཆེད་དུ།འགག་པ་ཡུལ་ཤོག་གླིང་ཆུ་གྲོང་སྡེའི་ནང་མི་ཉག་ཨ་འབྲུ་ནས་ཀྱི་ཡུལ་སྲོལ་དུས་ཆེན་སྐབས་དང་པོའི་རིག་རྩལ་འཁྲབ་སྟོན་གྱི་བྱེད་སྒོ་སྤེལ་བ་རེད། གླིང་ཆུ་གྲོང་སྡེའི་ཡུལ་མི400ལྷག་དང་ཡུལ་ཕྱོགས་སོ་སོ་ནས་ཕེབས་པའི་མགོ་ཁྲིད་དང་སྐུ་མགྲོན་དག་བྱེད་སྒོར་ཞུགས། གུང་ཁྲན་ཏང་གི་ཡང་དག་པའི་སྲིད་ཇུས་ཀྱི་ཐུ་འོག་ནས་དར་མདོ་གྲོང་ཁྱེར་འགག་པ་ཡུལ་ཤོག་གི་སྤྱི་ཚོགས་བདེ་འཇགས་དང་། འགྲིམ་འགྲུལ་སྟབས་བདེ། ཐོན་ལས་འཕེལ་རྒྱས། དམངས་འཚོ་ཡར་དར་སོགས་ཀྱི་བྱ་གཞག་རླབས་པོ་ཆེ་དག་དབྱར་མཚོ་ལྟར་གོང་འཕེལ་འགྲོ་བཞིན་པ་ཡོད་པ་རེད།

མི་ཉག་ཨ་འབྲུ་ནས་ཀྱི་ཡུལ་སྲོལ་དུས་ཆེན་སྤེལ།མི་ཉག་ཨ་འབྲུ་ནས་ཀྱི་ཡུལ་སྲོལ་དུས་ཆེན་སྤེལ།

མི་ཉག་ཨ་འབྲུ་ནས་ཀྱི་ཡུལ་སྲོལ་དུས་ཆེན་སྤེལ།

བྱེད་སྒོའི་རིག་རྩལ་འཁྲབ་སྟོན་དུ། ནས་འབྲུ་སྔོན་མོའི་གླུ། ཞིང་ཁའི་བཀྲ་ཤིས་སྐོར་བྲོ། སྲན་མའི་གླུ་དབྱངས། ལ་གཞས། ཆང་རྫ་བསྒྲིགས་པ། གཏམ་བཤད། རྟ་མཆོག་གི་འགྲོས་རྩལ་འགྲན་པ། གཞི་བདག་མཆོད་པ། ཤགས་རྒྱག་པ། མི་བརྒྱའི་སྐོར་བྲོ་སོགས་ཤར་མི་ཉག་ཞིང་གི་རྔམས་མཐུག་པའི་ཡུལ་སྲོལ་གོམས་གཤིས་ལས་ཆ་ཤས་ཙམ་རྒྱ་ཆེའི་ལྟད་མོ་པའི་སྤྱན་མིག་གི་དགའ་སྟོན་དུ་ཕུལ་བ་ལགས་ཤིང་། འདིས་མི་ཉག་ཡུལ་གྲུ་རིང་མོའི་ཡུལ་སྲོལ་གོམས་གཤིས་ཉམས་པ་སླར་གསོ་དང་མ་ཉམས་གོང་འཕེལ་ཐད་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོབ་པར་མ་ཟད། ས་ཕྱོགས་གཞན་པའི་ཡུལ་སྲོལ་གོམས་གཤིས་ཉམས་དང་ཉམས་བཞིན་པ་མང་པོ་བརྒྱུད་འཛིན་དང་དར་སྤེལ་གཏོང་བར་སྐུལ་སློང་བཟང་པོ་བསྩལ་བ་རེད།། 


མི་ཉག་ཨ་འབྲུ་ནས་ཀྱི་ཡུལ་སྲོལ་དུས་ཆེན་སྤེལ།
མི་ཉག་ཨ་འབྲུ་ནས་ཀྱི་ཡུལ་སྲོལ་དུས་ཆེན་སྤེལ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1