ཡུལ་ལྗོངས་ལྟ་ན་སྡུག་པའི་ཉང་ཆུ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 07-27


     མི་དམངས་དྲ་བ་ཉིང་ཁྲི་ནས་ཟླ་7ཚེས་23ཉིན་གློག་འཕྲིན་འབྱོར་གསལ། ཉང་ཆུ་ནི་བོད་ལྗོངས་སྨི་ལ་རི་བོའི་ནུབ་ངོས་ནས་བྱུང་བ་དང་། ཁྱོན་རིང་ཚད་ལ་སྤྱི་ལེ་307.5ཡོད་པ་དང་། འབབ་རྒྱུད་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི་1.75ཡོད་ཅིང་། ཉིང་ཁྲིའི་མངའ་ཁོངས་སུ་ཡར་ཀླུང་གཙང་པོར་འདྲེས་ཡོད། ཉང་ཆུར་ཉིང་ཁྲི་གྲོང་ཁྱེར་གྱི་“མ་ཡུམ་གཙང་པོ”ཞེས་པའི་མཚན་སྙན་ཐོབ་པ་དང་གཙང་འགྲམ་ངོགས་གཉིས་སུ་སྔོ་ཡག་པོ་ཁེབས་ཡོད་པས་ཡུལ་ལྗོངས་ལྟ་ན་སྡུག་ཤིང་ཡིད་དབང་འཕྲོག ཉང་ཆུའི་མཛེས་ལྗོངས་ཁུལ་དུ་རི་སྐྱེས་བྱ་རིགས་མང་པོ་ཡོད་ཅིང་། བོད་ལྗོངས་སུ་སྐད་གྲགས་ཡོད་པའི་ཁྲུང་ཁྲུང་སྐེ་ནག་གི་དགུན་ས་ཞིག་ཀྱང་ཡིན།


        ཉང་ཆུ་དང་ཡར་ཀླུང་གཙང་པོ་མཉམ་དུ་རྒྱུག་སྐབས་ཐུན་མོང་མ་ཡིན་པའི་གཙང་པོ་གཉིས་མཉམ་དུ་རྒྱུག་པའི་མཛེས་ལྗོངས་ཤིག་ཆགས་ཡོད། དེའི་ནང་ཡར་ཀླུང་གཙང་པོའི་ཆུ་དུམ་ལུང་གཞུང་བལྟོས་བཅས་ཀྱིས་ཅུང་དོག་པ་དང་ཆུ་མང་ཙམ་ཡོད་པས་ཡུན་རིང་ཆུ་བོའི་འདམ་ར་གཙོ་བོར་བྱེད་པ་དང་། ཉང་ཆུ་དུམ་བུའི་ལུང་ཤུར་རྒྱ་ཆེ་ཞིང་ཁོད་སྙོམས་པ་དང་། རྒྱུག་ཚད་ཅུང་དལ་བ། ཆུ་རྒྱུན་སྙོམས་པ། ཆུ་བོ་རལ་པ་སླས་པ་ལྟ་བུའི་ཆུ་རྒྱུད་དུ་མངོན་ཞིང་། སྐབས་འགར་ཕྱོགས་གཅིག་ཏུ་འདུ་བ་དང་སྐབས་འགར་སོ་སོར་གྱེས། ཞེང་ཚད་དང་གཏིང་ཚད་སོ་སོར་མི་འདྲ།


     གཙང་པོ་གཉིས་ཀྱི་འདྲེས་མཚམས་སུ་ད་དུང་མིང་དུ་གྲགས་པའི་ཡར་ཉང་རྒྱལ་ཁབ་འདམ་རའི་སྤྱི་གླིང་ཡོད། ཡར་ཉང་རྒྱལ་ཁབ་འདམ་རའི་སྤྱི་གླིང་ལ་དཔེ་མཚོན་རང་བཞིན་གྱི་ས་མཐོའི་ཆུ་བོའི་འདམ་རའི་ཁྱད་ཆོས་ལྡན་པ་དང་སྤྱི་གླིང་ནང་ཆུ་བོའི་འདམ་ར་དང་འདམ་རའི་རིགས་གཉིས་དབྱེ་ཡོད་པ་དང་ཕུན་སུམ་ཚོགས་པའི་ཆུའི་ཐོན་ཁུངས་ཀྱིས་ཡར་ཉང་རྒྱལ་ཁབ་འདམ་རའི་སྤྱི་གླིང་གི་ཆུ་འགྲམ་ངོགས་གཉིས་ཀྱི་མཛེས་ལྗོངས་ལྟ་ན་སྡུག་ཅིང་སྔོ་ཐིང་ཐིང་ཡིན་པའི་རྣམ་པ་དེ་འབྲི་ཆུའི་ལྷོ་རྒྱུད་ཀྱི་ལྗོངས་པ་དང་འདྲ།







དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1