མཚོ་ངོས་མཐོ་ཚད་སྨི་4700ཟིན་པའི་སྙན་རོང་འདམ་རའི་སྤྱི་གླིང་།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 07-27


      ཀྲུང་གོའི་དྲ་བ་ནས་ཟླ་7ཚེས་21ཉིན་གློག་འཕྲིན་འབྱོར་གསལ། སྙན་རོང་རྫོང་ནི་བོད་རང་སྐྱོང་ལྗོངས་ཀྱི་བྱང་རྒྱུད་དང་གདང་ལའི་ལྷོ་རྒྱུད་དུ་གནས་ཤིང་། ཆ་སྙོམས་ས་བབ་མཐོ་ཚད་སྨི་4700ཙམ་ཟིན་གྱི་ཡོད། དེའི་ནང་བེད་སྤྱོད་ཆོག་པའི་རྩྭ་ཐང་རྒྱ་ཁྱོན་མུའུ་ཁྲི་1800ཟིན་ཡོད།

     སྙན་རོང་རྫོང་གིས་2015ལོར་རྫོང་གྲོང་གི་འདམ་རའི་དུས་ཐེངས་དང་པོ་དང་དུས་ཐེངས་གཉིས་པའི་སྲུང་སྐྱོང་འཛུགས་སྐྲུན་རྣམ་གྲངས་དངོས་སུ་བཙུགས་པ་མ་ཟད། འདམ་རའི་རྒྱ་ཁྱོན་མུའུ་1720ཙམ་ལ་སྲུང་སྐྱོང་བྱས་ནས་ལྗོངས་རྒྱུའི་བར་ཁྱམས་དང་། གློག་སྒྲོན། གྱང་ར། འདམ་རའི་སྣོད་བཅུད་སླར་གསོ། ཆུ་བཅོས་སྐྱོང་སོགས་ཀྱི་ལས་གྲྭ་བསྐྲུན་ནས་རྫོང་གྲོང་གི་མཁའ་རླུང་ཁོར་ཡུག་སྲུང་སྐྱོང་ནུས་ལྡན་བྱས་པ་དང་། རྫོང་གྲོང་དང་དེ་བཞིན་ཉེ་འཁོར་གྱི་སྣོད་བཅུད་ཁོར་ཡུག་ལེགས་སྒྲིག་བྱས་པ། ཆུ་ཁུངས་གསོ་སྐྱོང་། ཆུ་འགོག ཞོད་འགོག ཐལ་རྡུལ་འགོག་པ་བཅས་བྱས་ཏེ་རྫོང་གྲོང་གི་ས་འོག་ཆུའི་སྣོད་བཅུད་ནུས་པའི་བྱེད་ནུས་དོ་སྙོམས་བྱས་པ་རེད།


     སྙན་རོང་རྫོང་འདམ་རའི་སྤྱི་གླིང་ལ་འདམ་ར་སྲུང་སྐྱོང་དང་བེད་སྤྱོད་དང་། ཚན་རིག་ཁྱབ་གདལ་སློབ་གསོ་དང་འདམ་ར་ཞིབ་འཇུག སྣོད་བཅུད་ལྟ་སྐོར། སྤྲོ་གསེང་རོལ་རྩེད་སོགས་ནུས་པ་སྣ་ཚོགས་ལྡན་ཡོད་ལ་སྤྱི་གླིང་གྲོང་ཁྱེར་མ་ལག་གི་གྲུབ་ཆ་གལ་ཆེན་ཞིག་ཀྱང་ཡིན་པས་འདམ་རའི་རང་བྱུང་སྲུང་སྐྱོང་དང་འདམ་རའི་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་སྲུང་སྐྱོང་བྱ་ཡུལ་སོགས་དང་མཉམ་དུ་འདམ་རའི་སྲུང་སྐྱོང་མ་ལག་གྲུབ་ཡོད་པ་རེད། འདམ་རའི་སྤྱི་གླིང་འཛུགས་སྐྲུན་འཕེལ་རྒྱས་གཏོང་ན་སྤྱི་ཚོགས་ཀྱི་སྟོབས་ཤུགས་འདམ་ར་སྲུང་སྐྱོང་དང་རྒྱུན་མཐུད་བེད་སྤྱོད་ནང་ཞུགས་རྒྱུར་སྐུལ་སློང་བྱ་རྒྱུར་ཕན་ཐོགས་ཡོད་ལ། འདམ་རའི་ནུས་པ་སྣ་ཚོགས་ཀྱི་ཕན་འབྲས་འདོན་སྤེལ་གང་ལེགས་བྱ་རྒྱུར་ཡང་ཕན་ཐོགས་ཡོད་པ་དང་ཆབས་ཅིག་སྤྱི་དམངས་ཀྱི་དགོས་མཁོ་དང་སྤྱི་ཚོགས་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་བླང་བྱ་སྐོང་ཐུབ་ནས་སྤྱི་ཚོགས་ཐེ་ཞུགས་དང་ཚན་རིག་དང་མཐུན་པའི་གཉེར་སྐྱོང་དོ་དམ་བྱས་པ་བརྒྱུད་འདམ་རའི་སྣོད་བཅུད་མ་ལག་སྲུང་སྐྱོང་དང་འདམ་རའི་ཕན་འབྲས་སྣ་ཚོགས་རྒྱུན་མཐུད་ངང་འདོན་སྤེལ་ཐུབ་རྒྱུའི་དམིགས་ཚད་མངོན་འགྱུར་ཡོང་རྒྱུར་ཕན་ཐོགས་ཡོད། དེ་དང་ཆབས་ཅིག་འདམ་རའི་སྤྱི་གླིང་གི་བཅོས་སྐྱོང་འཕེལ་རྒྱས་དང་བསྟུན་ནས་སྣོད་བཅུད་ཁོར་ཡུག་ལ་འགྱུར་ལྡོག་ཕྱིན་པ་མ་ཟད། ད་དུང་ས་གནས་དེ་གའི་གྲོང་མིའི་འཚོ་བའི་གནས་ཚུལ་ལེགས་སུ་ཕྱིན་ནས་གྲོང་མི་ཁག་གཅིག་གི་ལས་ཞུགས་ཀྱང་ཐག་བཅད་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1