བོད་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“བདུན་གཅིག”གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། སྤེལ་དུས། 07-28


        ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་གསུང་བཤད་གལ་ཆེན་ནི་མཐོ་གཟིགས་འོག་བསྐྱངས་དང་། དགོངས་དོན་ཟབ་པ། ཟིལ་རླབས་དགུང་འཕྱུར། མཁྱེན་རྒྱ་ཡངས་པ་བཅས་ཡིན་པ་དང་། གསུང་བཤད་ཧྲིལ་པོ་ནས་མར་ཁེ་སི་རིང་ལུགས་ཀྱི་བདེན་དོན་གྱི་འོད་སྣང་འཕྲོས་ཏེ། ལོ་ངོ་བརྒྱ་ཡི་ཏང་ཆེན་པོའི་ཐོག་མའི་བསམ་འདུན་དང་འགན་འཁྲི་སླར་ཡང་གསལ་བསྒྲགས་དང་རྒྱུན་མཐུད་འབད་འཐབ་ཆེད་སླར་ཡང་སྐུལ་སློང་བྱས་པ་ཞིག་དང་། ང་ཚོས་རྒྱུགས་འབུལ་ལམ་བུ་གསར་པར་ཡག་པོ་བསྐྱོད་པ་དང་འགོག་ཐབས་བྲལ་བའི་གོམ་སྟབས་ཐོག་ནས་རླབས་ཆེན་བསྐྱར་དར་ཕྱོགས་སུ་བསྐྱོད་པར་ཁྲིད་སྟོན་བྱེད་པའི་ཆབ་སྲིད་ཀྱི་བསྒྲགས་གཏམ་དང་བྱ་སྤྱོད་ཀྱི་རྩ་འཛིན་བཅས་རེད། ཉིན་ཤས་བསྟུད་མར་རང་ལྗོངས་ཀྱི་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་སློབ་སྦྱོང་བྱེད་སྒོ་སྣ་ཚོགས་སྤེལ་རྒྱུའི་སྒྲིག་འཛུགས་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“བདུན་གཅིག”གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་གཏིང་ཟབ་བྱས་པ་རེད།
        ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཏང་གི་སློབ་གྲྭས(སྲིད་འཛིན་སློབ་གླིང)སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་དང་ཏང་གི་ལོ་རྒྱུས་ཞིབ་འཇུག་གི་བཞུགས་མོལ་ཚོགས་འདུ་འཚོགས་པ་རེད། ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའུ་དང་། ལྗོངས་ཏང་ཨུད་ཏང་གི་ལོ་རྒྱུས་ཞིབ་འཇུག་ཁང་། རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་། བོད་ལྗོངས་མི་རིགས་སློབ་ཆེན། ལྗོངས་ཏང་ཨུད་ཏང་གི་སློབ་གྲྭ་སོགས་ཚན་པའི་རིགས་གཅིག་མཁས་ཅན་དང་མཁས་དབང་ཚོས་ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་དང་། ཏང་འཛུགས་སྐྱོང་གི་རླབས་ཆེའི་སྙིང་སྟོབས་དར་སྤེལ། ཏང་གི་སྟོབས་ཤུགས་རླབས་པོ་ཆེ་རྟོགས་པ་བཅས་དང་། ཀྲུང་གོ་གུང་ཁྲན་ཏང་འཇོན་དོན་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཡག་དོན། མར་ཁེ་སི་རིང་ལུགས་འགྲིག་དོན་བཅས་ཀྱི་ནང་གནས་གཏན་ཚིགས། ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་ལོ་རྒྱུས་ཀྱི་འཕེལ་རིམ། ལོ་རྒྱུས་ཀྱི་ཁྱད་ཆོས་གསར་པའི་རླབས་ཆེའི་འཐབ་རྩོད། ས་གནས་ཀྱི་ཏང་གི་ལོ་རྒྱུས་ཐོན་ཁུངས་འཚོལ་ཞིབ་སོགས་བརྗོད་དོན་གཙོ་བོར་དམིགས་ནས་སྤེལ་རེས་བགྲོ་གླེང་གཏིང་ཟབ་བྱས་པ་རེད།
        ཉེ་ཆར་སྡེ་ཚོགས་ཆུས་ཨུད་ཀྱིས་ལྗོངས་ཡོངས་ཀྱི་མི་རིགས་ཁག་དང་ལས་རིགས་ཁག་གི་གཞོན་ནུ་ལོ་ཆུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པའི་བཞུགས་མོལ་ཚོགས་འདུ་འཚོགས་ཤིང་། ད་ཐེངས་ཀྱི་ཚོགས་འདུའི་དམིགས་ཡུལ་ནི་ལྗོངས་ཡོངས་ཀྱི་མི་རིགས་ཁག་དང་ལས་རིགས་ཁག་གི་གཞོན་ནུ་ལོ་ཆུང་ཚོས་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་སློབ་སྦྱོང་ཡག་པོ་དང་སྤྱི་ཁྱབ་ཧྲུའུ་ཅིའི་བཀའ་མངགས་བློ་ལ་བརྟན་པོ་ངེས་ཏེ་བློ་བརྟན་འགྱུར་མེད་ངང་ཏང་གི་ལོ་རྒྱུས་སྦྱོང་བ་དང་། དད་སེམས་བརྟན་དུ་གཏོང་བ། ཏང་གི་རྗེས་སུ་འབྲང་བ། དུས་རབས་དང་ལང་ཚོ་ཆུད་ཟོས་སུ་མི་གཏོང་བ་བཅས་བྱས་ཏེ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་གྱི་བོད་ཀྱི་ལེའུ་ནུས་ཤུགས་ཡོད་རྒུས་ཡག་པོ་རྩོམ་དགོས་པ་འདི་རེད།
        ཉེ་ཆར། ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅིའི“བདུན་གཅིག”གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པའི་སྐོར་སྐྱོད་སྒྲོག་འགྲེལ་མཛད་སྒོ་ཁེ་གསུམ་སྡེ་ཁུལ་དུ་འཚོགས་ཤིང་། སྒྲོག་འགྲེལ་མཛད་སྒོའི་ཐོག་སྣེ་གདོང་ཆུས་ཀྱི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས་ཀྱི་སྒྲོག་འགྲེལ་པ་དང་མང་ཚོགས་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་གཅིག་སྡུད་སློབ་སྦྱོང་བྱས་པ་དང་། ལས་དོན་མི་སྣས་སྣེ་གདོང་ཆུས་ཀྱི་ཤང་དང་གྲོང་རྡལ(ཁྲོམ་གཞུང)ལ《སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“བདུན་གཅིག”གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སྒྲོག་འགྲེལ་རྩ་འཛིན》སྤྲད་པ་དང《བོད་རང་སྐྱོང་ལྗོངས་ཀྱི་གཞི་རིམ་སྒྲོག་འགྲེལ་པའི་ལག་དེབ》རྒྱོང་སྟངས་གསལ་བཤད། སྒྲོག་འགྲེལ་རྩ་འཛིན་ལ་དམིགས་ནས་དཔེ་སྟོན་སྒྲོག་འགྲེལ་བཅས་བྱས་པ་རེད། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1