༄༅། །མགོ་ལོག་ནི་ཀྲུང་གོ་གེ་སར་རིག་གནས་ཀྱི་ཕ་ཡུལ་ཡིན།

མི་གསལ། རྩོམ་སྒྲིག་པ།སྒྲོལ་མ་ཚེ་བརྟན།ཡོང་ཁུངས། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་གི་བོད་ཡིག་དྲ་བ། རྩོམ་སྒྲིག་པ། སྤེལ་དུས། 01-15



       འཛམ་གླིང་ཤར་ཕྱོགས་འཛིན་མའི་ཅོད་པན་དུ་མངོན་པར་མཛེས་པའི་ཨ་མདོ་མགོ་ལོག་གི་ཡུལ་ཞེས་པ་འདི་ནི་ཀྲུང་ཧྭ་མེས་པོའི་ཤེས་དཔལ་རྣམ་པར་སྦྲུམ་པའི་རྨ་ཀླུང་གསེར་ལྡན་གོ་མའི་འབྱུང་ཁུངས་འཁྲུལ་མེད་དུ་ངེས་ལ། ཁ་ར་ཁོར་ཡུག་ཀུན་ཏུ་རབ་དཀར་ཁ་བའི་རྡུལ་མངས་བརྩེགས་པ་སོགས་ས་འཛིན་ཀྱིས་ཡོངས་སུ་བསྐོར་ཞིང་། དྭངས་གཙང་ཡན་ལག་བརྒྱད་ལྡན་གྱི་ལྷ་ཆབ་སྔོན་མོའི་དྲ་བ་ཀུན་ནས་སྤྲས། ཡུལ་ལྗོངས་ཀྱི་བཀོད་པ་ཁྱད་དུ་མཚར་ཞིང་དུས་བཞིའི་འགྱུར་བག་ལ་བསྟེན་མཛེས་སྡུག་གི་ཁྱད་ཆོས་ཀྱང་དེ་མཚུངས་སུ་མངོན་པ་སོགས་ས་ཡི་ཡོན་ཏན་མ་ལུས་ཡོངས་སུ་རྫོགས་པས་ཚངས་པ་ལྷའི་འཇིག་རྟེན་མི་ཡི་ཡུལ་དུ་འཕོས་པ་དང་གཉིས་སུ་མ་མཆིས། དེ་ཡང་དེའི་སྤྱིའི་འཁོད་སྟངས་ཙམ་ཞིག་བརྗོད་ན། བ་ཡན་ཁྲ་ལ་རིང་མོའི་རི་རྒྱུད་ལྷོ་ཡི་ཕྱོགས་ཆར་འཐེན་ཞིང་། རྨ་རྒྱལ་གངས་ཀྱི་ཟོ་དོར་ཆེན་མོ་བྱང་གི་གཞི་དཀྱིལ་དུ་གཟི་བརྗིད་ཀྱིས་བཞེངས་ལ། གཉན་པོ་གཡུ་ཡི་རྩེ་མོར་གྲགས་པ་རྔམ་ཟིལ་དང་བཅས་ཤར་ལྷོའི་ཕྱོགས་སུ་རྣམ་པར་འགྲེང་།

      ཡུལ་འདིའི་གནམ་ས་ཀུན་ལ་དྭངས་གཙང་གུ་ཡངས་ཆེན་པོས་ཉམས་ཀྱིས་ཡོངས་སུ་ཕྱུག་པས་སྙན་པའི་གྲགས་པ་ཕྱོགས་བཞིར་འཕུར་ཞིང་།ཡུལ་འདིའི་རི་ཀླུང་ཀུན་ལ་ལོ་རྒྱུས་སྙན་ངག་རིང་མོའི་སྲོག་རྒྱུན་གྱིས་རྣམ་པར་བཟུང་བས་ཁྱད་མཚར་གྱི་གསོན་ཉམས་འབར།

 དེ་ཡང་གེ་སར་ལོ་རྒྱུས་སྙན་ངག་རིང་མོ་ཞེས་བྱ་བ་འདི་ནི། འཛམ་གླིང་སྟེང་ཆེས་རིང་བའི་ལོ་རྒྱུས་སྙན་ངག་ཅིག་ཡིན་ལ། འཛམ་གླིང་སྟེང་ངག་རྒྱུན་རིག་གནས་ཞིབ་འཇུག་གི་རྒྱུ་ཆ་གསོན་པོ་ཞིག་ཀྱང་ཡིན། ཉིས་སྟོང་དྲུག་གི་ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གེ་སར་ལོ་རྒྱས་སྙན་ངག་རིང་མོ་ཐེངས་དང་པོའི་རྒྱལ་ཁབ་རིམ་པའི་དངོས་མིན་རིག་གནས་ཤུལ་བཞགས་ཀྱི་མིང་བྱང་དུ་བཀོད་ཅིང་། ས་བབས་རྨ་ཀླུང་ཕྱུག་མོའི་འགོ་ཁུངས་སུ་འཁེལ་བའི་ཨ་མདོ་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་ནི་གེ་སར་ལོ་རྒྱུས་སྙན་ངག་རིང་མོའི་བྱུང་གྲུབ་ཁྲོད་ཐུན་མོང་མ་ཡིན་པའི་གོ་གནས་ཤིག་ཟིན་ཡོད་གཤིས། ཡུལ་འདི་གེ་སར་རྒྱལ་པོ་ཨ་སྐྱིད་ཇོ་སྐྱིད་རིན་པོ་ཆེའི་ཚུལ་བཟུང་བ་ནས་གསེར་ཁྲི་སེར་པོའི་གོང་བ་མནན་ཞིང་། འཛམ་གླིང་གེ་སར་རྒྱལ་པོ་ཞེས་མཛད་འཕྲིན་འཛིན་མའི་ཁྱོན་ལ་ཡུག་གཅིག་ཏུ་བརྡལ་བའི་འཕྲིན་ལས་སྨིན་པའི་གནས་མཆོག་དམ་པར་བསྔགས་ཀྱིན་ཡོད་ལ། འཛམ་གླིང་གེ་སར་རྒྱལ་པོའི་ལོ་རྒྱུས་སྙན་ངག་རིང་མོའི་ཚེ་སྲོག་གི་རྒྱུན་མ་སྟོང་ཕྲག་བསྐལ་བའི་བར་དུ་མཐུད་པའི་འགོ་ཁུངས་རྣལ་མ་དང་ཀྲུང་གོ་གེ་སར་རིག་གནས་ཀྱི་ཕ་ཡུལ། ཀྲུང་གོ་གེ་སར་རིག་གནས་ཞིབ་འཇུག་གི་རྟེན་གཞི་ལའང་ཁས་འཆེ་བཞིན་པ་དེ་ལྟའོ།

གཅིག  གཞན་ན་མ་མཆིས་པའི་གེ་སར་གྱི་གནའ་བོའི་རྗེས་ཤུལ།

     ཧྥ་རན་སིའི་མིང་དུ་གྲགས་པའི་གེ་སར་ཞིབ་འཇུག་པ་ཆེན་མོ་ཧྲི་ཐེ་ཨན་གྱིསརྨ་ཡུལ་དང་སྨར་གྱི་བར་ལ་སྙོག་དྲ་བཟོས་པའི་མཇུག་འབྲས་ནི་གླིང་གི་ཡུལ་དེ་ལྷོ་ཕྱོགས་སུ་ངེས་གཏན་བྱས་སོ།ཞེས་གསུང་ལ། དེ་ནི་སྤྱིར་གླིང་གི་ཡུལ་ཞེས་པརྨ་ཡུལལ་ཡོད་པརསྨརདང་སྒྲ་གདངས་ནོག་སྟེ་ལྷོ་བྱང་བརྗེས་པའི་ནོར་འཁྲུལ་བྱུང་ངོ་ཞེས་གསལ་བོར་བསྟན་ལ། གེ་སར་ཞིབ་འཇུག་ཆེད་མཁས་པ་འཇམས་དཔལ་རྒྱལ་མཚོས་ཀྱང་མགོ་ལོག་ནི་གེ་སར་དར་ཁྱབ་ཆེས་ཆེ་བའི་ཡུལ་གྲས་ཤིག་རེད་ལ། དེ་ཀའི་རི་ཀླུང་ཐམས་ཅད་གེ་སར་ལོ་རྒྱུས་སྙན་ངག་རིང་མོ་དང་འབྲེལ་བ་ཟབ་མོ་མཆིས།ཞེས་གསུངས་སོ། དེ་ལྟར་རྨ་ཀླུང་གསེར་ལྡན་ཕྱུག་མོ་གང་རྨ་ཁྲ་ཕུ་འཛམ་གླིང་ལ་ཁའམ་མགོ་ལོག་རྨ་སྟོད་རྫོང་གི་ནུབ་ངོས་ནས་ཆས་ཏེ་མགོ་ལོག་འཛིན་མའི་གཞུང་རྟ་རིང་བཅད་ཀྱིས་ཤར་ཕྱོགས་གཉན་པོ་གཡུ་ཡི་རྩེ་མོ་རྣམ་པར་འགྱིངས་བའི་ཡུལ་ཏེ་གཅིག་སྒྲིལ་རྫོང་གི་བར་དུ་ལེ་བར་བདུན་བརྒྱ་དྲུག་ཅུ་ལྷག་གི་སྒེག་འགྲོས་ཀྱི་གོམ་ཁ་བསྒྱུར་བཞིན་མཆིས་ལ། དེ་དང་མཉམ་དུ་འཛམ་གླིང་གེ་སར་རྒྱལ་པོ་དང་འབྲེལ་བའི་ལོ་རྒྱུས་དང་གཏམ་རྒྱུད་ཀྱང་གྲངས་མང་བ་ཞིག་དབུ་བ་དཀར་བོའི་ཟེགས་མ་འགྲེམ་པ་ལྟར་དུའང་སྣང་སྟེ། དེ་ཡང་ཐོག་མར་རྨ་ས་དང་པོའམ་རྨ་སྨད་གཡུ་ལུང་སུམ་མདོ་ནི《རྨ་ས་བཟུང་དར་དཀར་མདུད་པ》སོགས་སུ་གེ་སར་འཁྲུངས་ནས་ཅུང་མ་འགོར་བར་ཁོའི་ཨ་ཁུ་ཁྲོ་ཐུང་གིས་ཁོ་རང་ས་རྨ་སྨད་གཡུ་ལུང་སུམ་མདོར་ཡུལ་ཕུད་རྗེས་འདོན་བྱས་ཞེས་པའི་ས་དེ་ཡིན་ལ། དེ་ཡང་《མདོ་སྨད་ཆོས་འབྱུང》དང་《སུམ་པའི་ཆོས་འབྱུང》དམུ་དགེའི《གླིང་སེང་ཆེན་གྱི་བྱུང་བ་མདོར་བསྡུས》སོགས་སུ་ས་དེ་ད་ལྟའི་མགོ་ལོག་དར་ལག་རྫོང་འཛུགས་སྐྲུན་ཡུལ་ཚོའི་ཁོངས་ཀྱི་ཁྲ་གླིང་དགོན་པའི་ཉེ་འདབས་རྒྱུ་དར་གྱི་ས་ནག་སུམ་མདོ་ཡིན་པར་ལུང་དང་རིགས་པས་ར་སྤྲོད་བྱས་ཤིང་། རྗེས་སོར་ཟི་ཁྲོན་གྱི་མཁན་ཆེན་འཇིགས་མེད་ཕུན་ཚོགས་མཆོག་གིས་ད་ལྟ་སེང་འབྲུག་སྟག་རྩེ་བཞེངས་ཡོད་པའི་ས་དེ་ཡིན་པར་བྱེ་བྲག་ཏུ་ངོས་འཛིན་གནང་།

     ཨ་བཞི་དེའུའམ་ཨ་ཡི་དེའུ་ནི《འཁྲུངས་གླིང་མེ་ཏོག་ར་བ》སོགས་སུ་ཤར་ཁྲ་མོ་གླིང་གི་རྒྱལ་ས་དེ་མགྱོགས་འདོ་བའི་བང་ལ་བཀུག་པའི་སྐབས་སུ། རྒྱུག་རྟིང་ཨ་བཞི་དེའུ་ལ་བྱས། རྒྱུག་འགོ་ཀུ་རའི་རྫ་ལ་གཏདཅེས་པའི་ཨ་བཞི་དེ་ཡིན་ལ། དེ་ནི་སྐྱེས་མཆོག་ནོར་བུ་དགྲ་འདུལ་ཞེས་མཚན་གྱི་སྙན་པ་ས་གསུམ་འཛིན་མའི་ཁྱོན་ལ་འགེངས་བ་དེའི་རྟེནའབྲེལ་འཕྲིན་ལས་ཀྱི་ཐོག་མའི་དབུ་ཁྲིད་འཇོག་ས་དང་། གེ་སར་ལོ་རྒྱུས་སྙན་ངག་རིང་མོ་དེ་སྟོང་ཕྲག་བསྐལ་བའི་བར་དུ་འབྲི་བའི་འཛད་མཐའ་མེད་པའི་འབྱུང་ཁུངས་ཀྱང་ཡིན་ལ། ད་ལྟ་ས་དེར་རྨ་སྟོད་རྫོང་རྨ་ཆུ་ཡུལ་ཚོའི་སྲིད་གཞུང་ཆགས་ཡོད།

  སྒ་སྐྱ་ལོའི་སྟོན་པ་རྒྱལ་མཚན་གྱི་ཕོ་བྲང་སྟག་རྩེའི་མཁར་ཤུལ་ཏེ། སྒ་སྐྱ་ལོའི་སྟོན་པ་རྒྱལ་མཚན་ནི་གླིང་གེ་སར་རྒྱལ་པོའི་བཙུན་མོ་སྒ་སྐྱ་ལོའི་སེང་ལྕམ་འབྲུག་མོའི་ཕ་ཡབ་ཡིན་ལ།  སྒྲུང་ཡིག་དག་ཏུ་འཁོད་པ་ལྟར་ན། སྔོན་གླིང་གི་སྐབས་སྐྱ་ལོ་སྔོ་ལོ་གྲོ་ལོ་ཞེས་བུ་སྤུན་གསུམ་གྱིས་དེ་གའི་མཚོ་གསུམ་གྱི་ཁར་ས་བཟུང་སྟེ་བསྡད་པར་མཚོ་གསུམ་གྱི་མིང་ལའང་སྐྱ་རེངས་དང་སྔོ་རེངས་གྲོ་རེངས་གསུམ་ཞེས་གྲགས་ལ་གླིང་གི་བླ་མཚོ་རྣམ་གསུམ་དུའང་འབོད་པ་ད་ལྟའང་མིང་ཙམ་ཡང་མ་འགྱུར་པར་ཡོད་ལ་དེ་དག་གི་མཁར་ཤུལ་ཀྱང་རེ་རེ་ནས་གསལ་བོར་མཐོང་ཐུབ། སྐྱ་ལོ་བུ་སྤུན་གསུམ་ལ་བུ་མོ་སྤུན་གསུམ་མཆིས་པར་སྐྱ་ལོའི་སེང་ལྕམ་འབྲུག་མོ། སྔོ་ལོའི་ནེའུ་ཆུང་ཚར་ཡག གྲོ་ལོའི་པད་དཀར་ལྷ་མཛེས་སུ་གྲགས་ཤིང་དེ་ལས་སྐྱ་ལོའི་སེང་ལྕམ་འབྲུག་མོ་ནི་ཧོར་གླིང་གཉིས་གཡུལ་གྱི་ལས་ལ་སྤྱོར་བའི་རྩ་བའི་འབྱུང་རྐྱེན་ནམཆུང་མ་གྱོད་ཀྱི་གཞི་མདེ་ཡིན་པ་ཀུན་ལ་གསལ་ངེས་མཆིས་པ་དེ་ལགས་ལ། གོང་དུ་གླེང་བའི་མཚོ་དང་མཁར་ཤུལ་དེ་དག་ཀྱང་ད་ལྟ་མགོ་ལོག་རྨ་སྟོད་རྫོང་སྐྱ་རེངས་ཡུལ་ཚོའི་ཁོངས་སུ་མཆིས་སོ།

  གླིང་ཡུལ་གྱི་མཚོན་རྟགས་ཆེན་མོ་རྣམ་གཉིས་ཏེ། རྨ་ཀླུང་གསེར་ལྡན་ཕྱུག་མོ་དང་རྨ་རྒྱལ་སྦོམ་ར་གཉིས་ནི《ཧོར་གླིང་གཡུལ་འགྱེད》གཏམ་གྱི་འབྱུང་ཁུངས་འཁྲུལ་མེད་ཅིག་ཡིན་ལ། མིང་གྲགས་ཅན་གྱི་ལོ་རྒྱུས་གཏམ་རྒྱུད་ཧྲིལ་བོ་དེ་རྨ་ཆུ་དང་རྨ་ཆེན་གཉིས་གཞིར་བཟུང་སྟེ་སྤྲོས་པ་ཞིག་ཡིན་པ་ཤིན་ཏུ་གསལ། གཞན་ད་དུང་ལོ་རྒྱས་དངོས་ཀྱི་དེབ་ཐེར《རླངས་ཀྱི་པོ་ཏི་བསེ་རུ》སོགས་སུའང་སྔོན་རྨ་ཆེན་སྦོམ་རའི་ཉེ་འཁོར་དག་གླིང་གི་ས་ཡིན་པར་གསུངས་པ་དེ་ལྟར་ལ། རྨ་ཀླུང་ཕྱུག་མོ་ནི་མགོ་ལོག་ས་དཀྱིལ་ནས་ཤར་དུ་ཆས་ཤིང་སླར་འབྲལ་མི་ཕོད་པའི་ཚུལ་གྱིས་ཁ་ནུབ་ཕྱོགས་ལ་གཏད་དེ་མགོ་ལོག་ལ་ཐེངས་གཉིས་པར་བསྐོར་བ་བགྱིས་པ་དེ་ལགས་ལ། རྨ་རྒྱལ་སྦོམ་ར་ནི་ད་ལྟ་མགོ་ལོག་རྨ་ཆེན་རྫོང་གངས་རི་ཡུལ་ཚོའི་ཁོངས་སུ་མཆིས།


  《ཧོར་གླིང་གཡུལ་འགྱེད》དུས་ལ་ས་བཙན་བཤད་པས་ན།། རྨ་སྟོད་རྩེ་ལྷ་བཅུ་གསུམ་གདའ།། རྨ་སྨད་མཐོན་པོ་དགུ་སྒྲིག་དགའཞེས་པའི་རྨ་སྟོད་རྩ་ལྷ་བཅུ་གསུམ་གྱི་གཡག་ར་སྟག་རྩེ་་དང་མཛོ་མོ་རི་རྩེ། དཔའ་ལྷ་སྟག་རྩེ་གསུམ་སྲིད་འཛིན་ས་བགོས་སྐབས་ཡུལ་ཤུལ་ཁུལ་རྨ་སྟོད་ཡུལ་ཚོའི་ཁོངས་སུ་བཅད་པ་ལས་གཞན་རྣམས་་ཐམས་ཅད་ད་ལྟ་མགོ་ལོག་རྨ་སྟོད་རྫོང་གི་ཁོངས་སུ་མཆིས། རྨ་སྨད་མཐོན་པོ་དགུ་སྒྲིགལས་བྲག་རིའི་མར་སྒམ་མཐོན་པོ་དང་། ཆ་ཡི་དུང་ར་མཐོན་པོ། ཁོ་དེའུ་ཤེའུ་སྙིང་མཐོན་པོ་གསུམ་ད་ལྟ་མགོ་ལོག་དགའ་བདེ་རྫོང་གི་ཁོངས་སུ་ཡོད་ལ། དཀར་བོའི་ཆོས་ལུང་མཐོན་པོ། མུན་མོའི་གསེར་ཏེའུ་མཐོན་པོ། སྒྲོག་འཛོང་རི་ཕྱོར་མཐོན་པོ་གསུམ་ད་ལྟ་མགོ་ལོག་གཅིག་སྒྲིལ་རྫོང་གི་ཁོངས་སུ་མཆིས། ཏིང་གི་ཏིང་རི་མཐོན་པོ་ད་ལྟ་རྨ་ཆེན་རྫོང་གི་ཁོངས་སུ་མཆིས་སོ །

གཉིས།  ཁྱད་ཆོས་ཐུན་མོང་མིན་པའི་གེ་སར་སྙན་ངག་གྲོང་ཚོ།

 མགོ་ལོག་དགའ་བདེ་རྫོང་ཁོ་ཆུ་ཡུལ་ཚོའི་ཁོངས་སུ་དུར་བུད་ཅེས་པའི་སྡེ་བ་ཞིག་མཆིས་པར་ཉིས་སྟོང་དྲུག་གི་ལོར་ཀྲུང་གོ་སྤྱི་ཚོགས་ཚན་རིག་ཞིབ་འཇུག་ཁང་དང་། རྒྱལ་ཡོངས《གེ་སར》བྱ་བའི་འགོ་ཁྲིད་ཚན་ཆུང་གཞུང་ལས་ཁང་གིས་སྡེ་བ་འདི་ལདུར་བུད་སྡེ་བ་གེ་སར་སྙན་ངག་གྲོང་ཚོཞེས་པའི་སྡེ་མིང་གསོལ། སྡེ་བ་འདིར་ད་ལྟ་མོ་དུད་ཉིས་བརྒྱ་ལྷག་དང་། མི་གྲངས་སྟོང་ལྷག་ལ་ཟིན། སྡེ་བ་འདིའང་མགོ་ལོག་གི་ཡུལ་སྤྱི་དང་འདྲ་བར་འཛམ་གླིང་གེ་སར་རྒྱལ་པོ་ལ་མི་ཕྱེད་པའི་དད་པ་བྱེད་ཀྱིན་ཡོད་ལ། དེ་ཡང་སེམས་དྭངས་བའི་སྒྲུང་གླུ་ལ་མོས་པ་དང་། སྐད་སྙན་མོའི་སྒྲུང་གླུ་འགུག་པ་གང་བྱེད་ཀྱང་རང་བཞིན་ངོ་བོའི་སྟེང་གི་དེའི་གཏམ་རྒྱུད་ལ་སྤྲོ་བ་ཁོ་ན་ཙམ་མ་ཡིན་པར་སངས་རྒྱས་ཤྰཀྱ་ཐུབ་པའི་ཆོས་ཀྱི་སྒོ་མོ་བརྒྱ་ཁྲི་བཞི་སྟོང་དང་། རྗེ་བཙུན་མི་ལ་རས་པའི་མགུར་གྱི་སྒོ་མོ་བརྒྱ་ཁྲི་བཞི་སྟོང་། འཛམ་གླིང་གེ་སར་རྒྱལ་པོའི་སྒྲུང་གི་སྒོ་མོ་བརྒྱ་ཁྲི་བཞི་སྟོང་ཞེས་དེ་དག་གང་བཟློས་ཐམས་ཅད་རྣམ་དཀར་དགེ་བའི་ལས་ཤིག་ཏུ་ཡིད་ཆེས་བྱེད་ཀྱིན་ཡོད་པ་རེད། ཁྱད་པར་དུ་དུས་རབས་འདིའི་ལོ་རབས་ཉི་ཤུ་ཡས་མས་སུ་གླིང་འབྲི་སྲས་ནམ་མཁའ་ཐོག་འགྱུར་གྱི་སྐྱེ་སྲིད་དུ་བསྔགས་པ་དུར་བུར་བླ་མ་ཤེས་རབ་རྒྱལ་མཚན་སྡེ་བ་འདིའི་སྒོས་སྐལ་བསོད་ནམས་ཏུ་ཤར་བ་ནས་སྡེ་བ་འདིར་གེ་སར་སྒྲུང་གི་བསྟན་པ་ཆེས་ཆེར་དར་ཡོད་པར་ངེས་ལ། དམ་པ་འདི་ཉིད་ཀྱིད་ཀྱིས་སྔོན་གནས་རྗེས་དྲན་ཚུལ་གྱིས་རང་སྡེ་ལས་གླིང་གི་སྐྱེ་རབས་སྐྱེ་མཐའ་མང་པོ་ཞིག་ངོས་བཟུང་མྱོང་ལ་དེ་ནས་བཟུང་སྡེ་མི་ཀུན་གྱིས་རང་ཉིད་གླིང་སྨུག་པོ་ལྡོང་གི་རྒྱུད་པ་ཞིག་གམ་ཡང་ན་གླིང་གི་དཔའ་ཐུལ་ག་གེ་མོ་ཞིག་གི་སྐྱེ་བ་སྐྱེ་ཕྲེང་རེ་ཡིན་སྲིད་དམ་སྙམ་པའི་འོལ་ཚོད་དང་དེ་ཡིན་པར་རེ་སྨོན་བྱེད་པའི་བློའི་འདུན་མ་ཞིག་ངང་ངམ་ཤུགས་ཀྱིས་གྲུབ་ཡོད་པར་ངེས། དེར་བརྟེན་སྡེ་བ་འདིར་ཕོ་མོ་རྒན་གཞོན་སུ་ཡིན་ཡང་སྒྲུང་གླུ་ཤར་མོ་རེ་འགུག་མི་ཤེས་མཁན་ཕལ་ཆེར་མེད་ལ་ཐ་ན་ཀུན་གྱིས་འདི་ཉིད་ཐུན་མོང་མིན་པའི་ཁྱད་ཆོས་ཤིག་ཏུ་བརྩིས་ཏེ་གཞན་ལ་ངོམ་སོ་བྱེད་ཀྱི་ཡོད།

        དུར་བུད་བླ་མས་རྒྱུན་པར་སྒྲུང་བཤད་པ་དང་འབྲི་བ་སོགས་ཀྱི་ལས་བྱེད་པ་ལ་སྐབས་ཤིག་ཁོང་གིས་ཕབ་འཕྲོར་ལུས་པའི《སྟག་གཟིག་ནོར་རྫོང》ཞིག་ཡོད་པ་སྐུ་སྲིང་ཆུང་བ་དཀར་སྒོང་ཟེར་བ་ཞིག་གིས་འབྲི་མཐུད་བྱས་པར་གྲགས་པ་སོགས་ལ་བལྟས་ནའང་སྡེ་བ་འདིར་སྒྲུང་གི་བག་ཆགས་ཐུན་མིན་ཞིག་མཆིས་པ་ཤིན་ཏུ་གསལ། དེ་རྗེས་སུ་དམ་པ་གང་གི་རིགས་སྲས་ངག་དབང་རིག་འཛིན་དུ་བྱ་བ་འཁྲུངས་ལ། ཁོང་ནི་ཆུང་བའི་དུས་ནས་གེ་སར་རྒྱལ་པོའི་སྒྲུང་བཤད་པ་ལ་སྐྱེས་ཐོབ་ཀྱི་དཔལ་འབར་བ་ཞིག་ཡིན་ཞིང་། ཁྱད་པར་དུ་གཟུགས་བྱད་ལེགས་ལ་ཉམས་ལྡན་པ་དང་སྒྲུང་འགུག་ཚེ་དབྱངས་གདངས་སྙན་ཞིང་གཅོམ་ཆེ་བ་སོགས་ཀྱི་ཁྱད་ཆོས་ཀྱིས་སྔོན་གླིང་གི་དཔའ་ཐུལ་ཟེར་བ་དེ་འདི་འདྲ་ཞིག་ཡིན་ངེས་སྙམ་པའི་ཚོར་བ་བྱིན་པ་སོགས་ཚོ་བ་ལ་ཤུགས་རྐྱེན་ཆེན་པོ་ཐེབས། སྡེ་བ་རང་དང་ཉེ་འཁོར་གྱི་སྡེ་བ་མི་ཉུང་བ་ཞིག་ལ་དར་ཁྱབ་ཆེ་བའི་སྒྲུང་ངག་མི་ཉུང་བ་ཞིག་ཁོང་གི་ངག་རིག་དབྱངས་ཀྱི་གཏེར་སྒོ་ལས་ཐོན་ཞེས་ཀུན་ཀྱང་བསྔགས།  ལོ་རབས་དྲུག་ཅུའི་དུས་ན་དུར་བུད་བླ་མ་ཤེར་རྒྱམ་གྱི་ཡང་སྲིད་དུ་སྐྱེས་ཆེན་དུ་མའི་ལུང་གིས་བཟུང་བའི་སྒྲུང་གཏེར་གུ་རུ་རྒྱལ་མཚན་གྱི་སྐུའི་མེ་ཏོག་ཀྱང་དུར་བུད་སྡེ་བའི་སྐྱེད་ཚལ་དུ་བཞད་ཅིང་། ཁོང་ཉིད་སྐུ་ན་ནར་མ་སོན་པའི་དུས་ཙ་ན་ཤིན་ཏུ་དམན་པའི་ཉམས་བཟུང་ནའང་ཕྱིས་སུ་རིགས་སད་པའི་ཚུལ་གྱིས་འཛམ་གླིང་གེ་སར་རྒྱལ་པོའི་རྟོགས་བརྗོད་ཀྱི་རི་མོ་མཐའ་དག་རིག་པའི་ཀློང་ནས་ཡོངས་སུ་བརྡོལ་ཞིང་། ལོ་འགའ་ཤས་ཀྱི་ནང་དུ་དུམ་པ་སུམ་ཅུ་ལྷག་ཕབ་ཟིན་ལ། དུམ་པ་བཅུ་ཕྲག་ལྷག་ཅིག་དངོས་སུ་དཔར་སྐྲུན་བྱས།

  1991ལོར་རྒྱལ་ཁབ་སྡེ་ཁག་ཆེ་བཞིསབླངས་ན་འཛད་མཐའ་མེད་པའི་ངག་དབང་རིག་འཛིནདང་། བྲིས་ན་འཛད་མཐའ་མེད་པའི་གུ་རུ་རྒྱལ་མཚནཞེས་པའི་མཚན་སྙན་ཀྱང་གསོལ།

  གསུམ།  གསོན་ཉམས་རང་བཞིན་གྱི་བརྒྱུད་སྒྲོག་རྣམ་པ།

མགོ་ལོག་ནི་གླིང་གི་ས་ཆ་ངོས་མ་ནོག་པ་ཞིག་ཡིན་པར་ཐམས་ཅད་ཀྱི་བསམ་བློ་གཅིག་མཐུན་ཏུ་གྲུབ་བཞིན་པའི་གནས་བབས་སུ་མཆིས་ལ། དེ་ཡང་མགོ་ལོག་གི་ས་ཆ་མང་པོ་ཞིག་སྔོན་གྱི་ལོ་རྒྱུས་ཁུངས་ཅན་དང་སྒྲུང་ཡིག་གྲགས་ཅན་སོགས་སུ་ཟིན་སྲིད་མོད། དེ་ལས་ཀྱང་ཁྱད་ཆོས་གཙོ་བོ་ཞིག་ནི་མགོ་ལོག་གི་ཡུལ་འདི་གེ་སར་རིག་གནས་ཕྱོགས་སུ་དར་བའི་གཞི་ཁུངས་གཙོ་བོ་ཞིག་ཏུ་གྱུར་ཡོད་པས་རེད། སྔོན་ས་ཆ་འདིར་གླིང་གི་སྐྱེས་རབས་རྣམ་ཐར་ལ་སྔོན་གནས་རྗེས་དྲན་གྱི་འབྲས་རྟགས་མངོན་པའི་སྒྲུང་མཁན་གྲགས་ཅན་མང་པོ་བྱོན་མྱོང་བས་དམངས་ཁྲོད་དུ་སྒྲུང་བཤད་ལེན་གྱི་ཤུགས་རྐྱེན་ཤིན་ཏུ་ཟབ་མོ་ཐེབས་ཡོད་ལ། ཁྱད་པར་མགོ་ལོག་ཏུ་དེང་གི་ཆར་ཡང་ངག་དབང་རིག་འཛིན་དང་། གུ་རུ་རྒྱལ་མཚན་སོགས་ཀྱིས་མཚོན་པའི་ཕུལ་དུ་བྱུང་བའི་གེ་སར་སྒྲུང་བ་དག་གིས་གཏེར་སྒྲུང་དང་། བབས་སྒྲུང་། བརྒྱུད་སྒྲུང་གང་རུང་གི་རྣམ་པ་ལ་བརྟེན་ནས་གེ་སར་སྒྲུང་གི་རིག་གནས་གསོན་ཉམས་དང་བཅས་བརྒྱུད་སྒྲོག་བྱེད་བཞིན་མཆིས་ཏེ།

 སྒྲུང་བ་ངག་དབང་རིག་འཛིན་མཆོག་མགོ་ལོག་དགའ་བདེ་རྫོང་གི་མི་ཡིན། ཁོང་གིས་འཛམ་གླིང་གེ་སར་རྒྱལ་པོའི་རྣམ་ཐར་ལས་རྫོང་ཁག་བརྒྱ་ལྷག་ཅིག་བཤད་ལེན་ཐུབ་ལ། ཁོང་གིས་གསུངས་བའི་སྒྲུང་ལ་ད་དུང་ཚིག་གི་སྒྲོམ་མཛེས་ཤིང་སྐད་ཀྱི་གདངས་སྙན་པ། དབྱངས་ལ་གཅོམ་ལྡན་པ་སོགས་ཀྱི་ཁྱད་ཆོས་མངའ་བས་མགོ་ལོག་སྒྲུང་གི་གཙོ་རྒྱུན་ལྟ་བུར་གྱུར་ཡོད་ལ་མགོ་ལོག་སྤྱིའི་སྒྲུང་ངག་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད། 1991ལོར་ཁོང་ལ་རྒྱལ་ཁབ་སྡེ་ཁག་ཆེ་བཞིསབླངས་ན་འཛད་མཐའ་མེད་པའི་གེ་སར་སྒྲུང་གི་སྒྱུ་རྩལ་པཞེས་པའི་མཚན་གྱིས་གཟེངས་བསྟོད།

གུ་རུ་རྒྱལ་མཚན་མཆོག་མགོ་ལོག་དགའ་བདེ་རྫོང་གི་མི་ཡིན། ཁོང་གིས་གེ་སར་རྒྱལ་པོའི་རྣམ་ཐར་ལས་རྫོང་ཁག་བརྒྱ་དང་ཉི་ཤུ་ལྷག་ཅིག་ཕབས་ཐུབ་ལ། ཁོང་གི་སྒྲུང་ལ་མི་སྣ་མང་ཞིང་། རྒྱན་གོས་སོ་སོའི་བརྗོད་པ་ཞིབ་ཕྲ་ཡིན་པ། ཚིག་ལ་བྱང་ཆ་ལྡན་ཞིང་མི་སྣ་འབྲི་བཞེངས་བྱས་པ་གསོན་ཉམས་ལྡན་པ་བཅས་ཀྱི་ཁྱད་ཆོད་ཚང་། 1991ལོར་རྒྱལ་ཁབ་ཆེ་བཞིས་ཁོང་ལབྲིས་ན་འཛད་མཐའ་མེད་པའི་གེ་སར་སྒྲུང་གི་སྒྱུ་རྩལ་བཞེས་པའི་མཚན་གྱིས་གཟེངས་སུ་བསྟོད།

མཛོད་ཚ་ཨ་བུ་དཀར་ལོ་ནི་མགོ་ལོག་དགའ་བདེ་རྫོང་གི་མི་ཡིན། ཁོང་བོད་ཀྱི་རིག་གནས་སྤྱི་ལ་མཁྱེན་རྒྱ་མི་དམན་ཞིང་ཁྱད་པར་དུ་སྐབས་བབས་དག་ཏུ་གླིང་གེ་སར་རྒྱལ་པོ་གཙོའི་པའི་དཔའ་ཐུལ་སུམ་ཅུའི་ཞལ་ཐང་འབྲི་བཞེངས་བྱེད་ལ་མཁན་པ་དང་།  ཁོང་གིས་བཞེངས་བའི་ལྷ་ལ་ཐིག་རྩ་ཞིབ་ཕྲ་ལྡན་ཞིང་མི་སྣའི་ཉམས་འགྱུར་གསལ་བ་བཅས་ཀྱི་ཁྱད་ཆོས་ལྡན། རྒྱལ་ཡོངས་གེ་སར་རིག་གནས་འགོ་ཁྲིད་ཚན་ཆུང་གིས་ཁོང་ལབཟོས་ན་འཛད་མཐའ་མེད་པའི་གེ་སར་ཐང་ཁའི་རྒྱུ་རྩལ་བཞེས་པའི་མཚན་སྙན་གསོལ།

ཐུབ་བསྟན་དར་རྒྱས་མཆོག་ནི་མགོ་ལོག་དགའ་བདེ་རྫོང་གི་མི་ཡིན། རྒྱལ་ཡོངས་གེ་སར་རིག་གནས་འགོ་ཁྲིད་ཚན་ཆུང་གིས་ཁོང་ལབཏོན་ན་འཛད་མཐའ་མེད་པའི་གེ་སར་གཏེར་སྟོན་རྒྱུ་རྩལ་བ་ཞེས་པའི་མཚན་སྙན་གསོལ། ཁོང་གིས་ད་སྔོན་ཡན་ལ་གེ་སར་རིག་གནས་དང་འབྲེལ་བ་ཡོད་པའི་གཏེར་སྣ་སུམ་ཅུ་ཙམ་བཏོན་ཡོད།

བསྟན་འཛིན་གྲགས་པ་མཆོག་ནི་མགོ་ལོག་གཅིག་སྒྲིལ་རྫོང་གི་མི་ཡིན། ཁོང་ཤེས་རྣམ་རང་བཞིན་གྱི་གེ་སར་སྒྱུ་རྩལ་པར་བསྔགས་ལ། ཁོང་གིས་བརྩོམ་བཞེངས་བྱས་པའི་སྒྲུང་ལ་བརྗོད་བྱ་རྒྱ་ཆེ་ཞིང་། རྒྱུ་ཆ་སྣ་མང་བ། རྫོང་ཁག་གྲངས་མོད་པ་བཅས་ཀྱི་ཁྱད་ཆོས་ལྡན་ལ།

ཁོང་གི་སྒྲུང་གླིང་གི་གདོང་སྲས་མཆེད་བརྒྱད་བཀྲ་ཤིས་རྟགས་བརྒྱད་ཀྱིས་མཚན་པར་བྱས་པའི་གཏམ་རྒྱུད་ཀྱི་ཁོག་དྲངས་ཏེ་རྫོང་ཁག་བརྒྱ་དང་བཅོ་བརྒྱད་དང་། ད་དུང་སྒྲུབ་པ་ཉམས་ལེན་གྱི་སྐོར། དམངས་གླུའི་སྐོར་གྱི་བརྗོད་བྱའང་འདུའོ།

      བཞི།   ཁྱད་ཆོས་ཐུན་མིན་གྱི་གེ་སར་རིག་གནས་རྟེན་གཞི།

      ཡུལ་མགོ་ལོག་གི་ས་ཁུལ་ལ་གེ་སར་རིག་གནས་ཕུན་སུམ་ཚོགས་པོ་ཞིག་མཆིས་པས་གེ་སར་རིག་གནས་བརྒྱུད་སྤེལ་བྱེད་པའི་རྟེན་གཞིའང་སྣ་ཚོགས་སུ་མཆིས།

     མགོ་ལོག་རྫོང་ཁག་དྲུག་ཏུ་གེ་སར་ཕོ་བྲང་སེང་ཕྲུག་སྟག་རྩེས་མཚོན་པའི་རིག་གནས་ རྟེན་གཞི་མང་པོ་བཙུགས་ཡོད་པའང་ཐམས་ཅད་ས་གནས་རང་གི་རིག་གནས་ཁྱད་ཆོས་ཀྱི་སྲོག་ཤིང་ལྟ་བུར་གྱུར་བའི་གེ་སར་རིག་གནས་དཀྱིལ་སྙིང་བྱས་པ་ཤ་སྟག་ཏུ་ངེས་ལ་དེ་ཡང་ གེ་སར་རྒྱལ་པོ་དང་དཔའ་ཐུལ་སུམ་ཅུའི་སྐུ་འདྲ་དང་། གོས་ཐང་གྱད་ཐང་བཞེངས་བ། དེ་འབྲེལ་གྱི་རིག་རྫས་ཉར་བསྡུ་བྱེད་པ། གེ་སར་གྱི་གར་འཆམ་པ། གེ་སར་གྱི་བསང་ཕུད་པ་སོགས་ཀྱི་ཁྱད་ཆོས་གཞིར་བཟུང་སྟེ་སྤེལ་བ་ཞིག་ཡིན་སྟབས་མཐར་གཏུག་ནས་བརྗོད་ན་འཛམ་གླིང་གེ་སར་རྒྱལ་པོའི་རིག་གནས་ལ་རྗེས་དྲན་དང་འཛམ་གླིང་གེ་སར་རྒྱལ་པོའི་རིག་གནས་ལ་ཞིབ་འཇུག་བྱེད་པ་སོགས་ཀྱི་ཁྱད་ཆོས་ཁྱོས་ཐུན་མིན་གྱི་རྣམ་པ་ལ་བསྟེན་པ་འབའ་ཞིག་གོ།

    1. ཕོ་བྲང་སེང་འབྲུག་སྟག་རྩེ་། ཕོ་བྲང་སེང་འབྲུག་སྟག་རྩེ་ནི་སྔོན་གྱི་ལོ་རྒྱུས་ཁུངས་ལུང་གཞིར་བཟུང་སྟེ་དར་ལག་རྫོང་ཁྲ་གླིང་དགོན་གྱི་ཉེ་སར་རྨ་ཆུའི་འགྲམས་ཀྱི་རྨ་ས་དང་པོའི་ས་མིག་ཏུ་བཞེངས་ཡོད་ལ། ནང་དུ་དཔའ་ཐུས་སུའི་འབག་སྐུ་དང་གོས་ཐང་གྱད་ཐང་། ད་དུང་གེ་སར་དང་འབྲེལ་བའི་རིག་དངོས་འགངས་ཆེན་སུམ་བརྒྱ་ལྷག་འགྲེམས་བཤམས་བྱས་ཡོད། ལོ་རེའི་བོད་རྩིས་ཀྱི་ཟླ་ལྔ་བའི་ཚེས་བཅུ་ལ་གེ་སར་སྒྲུབ་མཆོད་ཆེན་མོ་ཚོགས་པའི་སྲོལ་ཡོད།

    2. རྨ་ཡུལ་གེ་སར་རིག་གནས་དཀྱིལ་ཚིགས། རྨ་ཡུལ་གེ་སར་རིག་གནས་དཀྱིལ་ཚིགས་ནི་མགོ་ལོག་དགའ་བདེ་རྫོང་ལུང་སྔོན་གྱི་དགོན་བདག་བླ་མ་པད་མ་གཏུམ་པོས་བསྒྲུབ་འཛུགས་བྱས་ཤིང་། དེ་རུ་ཙན་ཏན་ལས་བཞོགས་པའི་གླིང་གི་དཔའ་ཐུས་སུམ་ཅུ་དང་གེ་སར་རྒྱལ་པོའི་ཟངས་སྐུ། གཞན་འབག་སྐུ་གྱད་ཐང་སོགས་རྒྱུ་ནོར་སྟོབས་འབྱོར་གྱི་བསོད་ནམས་དང་བཅས་པའི་རྒྱུ་རྩལ་གྱི་བཟོ་ཆོས་མང་པོ་དང་། གེ་སར་གྱི་སྐུ་འདྲ་གཙོས་པའི་རིག་རྫས་རྩ་ཆེན་བཞི་བརྒྱ་ལྷག་བཞུགས་ཡོད། ལོ་རེའི་བོད་ཟླ་གསུམ་པའི་ཚེས་བཅུ་གེ་སར་གྱི་རྣམ་ཐར་འཆམ་པའི་སྲོལ་ཡོད།

    3. ངྷི་མདའ་གེ་སར་རྒྱུ་རྩལ་ཕོ་བྲང་། ངྷི་མདའ་གེ་སར་རྒྱུ་རྩལ་ཕོ་བྲང་ནི་མགོ་ལོག་པད་མ་རྫོང་ངྷི་མདའ་དགོན་གྱི་དགོན་བདག་བླ་མ་རྟ་མགྲིན་དང་ཀར་དབང་རྡོ་རྗེ་ཡབ་སྲས་ཀྱིས་བཞེངས་ཤིང་། ནང་རྟེན་དུ་གླིང་གི་ཡང་ཐུལ་དམ་པའི་མི་བདུན་གྱི་འབག་སྐུ་དང་གྱད་ཐང་སོགས་བཞུགས་ལ། ལོ་རེའི་བོད་ཟླ་དང་པོའི་ཚེས་བཅུ་གཅིག་ལ་གེ་སར་གྱི་འཆམ་འཆམས་ཤིང་བསང་འཕུད་སྲོལ་ཡོད།

   4. རྨ་སྟོད་ག་འུ་གསེར་རྫོང་། རྨ་སྟོད་ག་འུ་གསེར་རྫོང་ནི་རྨ་སྟོད་བླ་མ་ཐང་རིས་བྱ་བས་བཞེངས་ཤིང་ནང་རྟེན་དུ་གླིང་གི་གྲུབ་ཆེན་བརྒྱ་ཅུའི་ཟངས་སྐུ་དང་གེ་སར་གྱི་རིག་རྫས་སོགས་བཞུགས།

   5. གླིང་རི་པདྨ་འབུམ་རྫོང་། གླིང་རི་པདྨ་འབུམ་རྫོང་ནི་རྨ་ཆེན་གངས་རིའི་ཞལ་མཐོང་བའི་སར་ཁུལ་སྲིད་གཞུང་གིས་རྩ་འཛུགས་བྱས་ཏེ་བཞེངས་བ་ཞིག་ཡིན་ལ། ནང་དུ་གེ་སར་གྱི་ཐང་ཁ་སོགས་བཞུགས།

    6. མདོ་གོང་མའི་གེ་སར་ཕོ་བྲང་། མདོ་གོང་མའི་གེ་སར་ཕོ་བྲང་ནི་པདྨ་རྫོང་གི་མདོ་གོང་མ་དགོན་དུ་བཞེངས་ཡོད་ལ། ནང་རྟེན་དུ་གེ་སར་རྒྱལ་པོ་གཙོ་བྱས་ཀྱི་དཔའ་ཐུལ་སུམ་ཅུའི་འབག་སྐུ་བཞུགས། ལོ་རེའི་བོད་ཟླའི་ཚེས་བཅོ་ལྔ་དང་གཞན་པའི་ཆོས་ཚོགས་ཆེན་པོའི་སྐབས་སུ་གེ་སར་གྱི་རྣམ་ཐར་འཆམ་པའི་སྲོལ་ཡོད།

     ལྔ།  མཚོན་བྱ་གཏིང་ཟབ་ཀྱི་གེ་སར་རིག་གནས་རྣམ་པ།

     མགོ་ལོག་གེ་སར་རིག་གནས་འདི་ཁྱད་ཆོས་གཙོ་བོ་དྲུག་ལས་གྲུབ་པ་ཞིག་ཡིན།

    གཅིག་ནི། གེ་སར་བརྒྱུད་བསྒྲག་གསོན་རྣམ་ཅན་གྱི་རིག་གནས་རྣམ་པ་སྟེ། མགོ་ལོག་དགའ་བདེ་རྫོང་གི་དུར་བུད་གེ་སར་སྙན་ངག་གྲོང་ཚོ་སྲོག་ཤིང་དུ་གྱུར་ཞིང་། རྒྱལ་ཁབ་སྡེ་ཁག་ཆེ་བཞིསབཤད་ན་མི་འཛད་པདངབྲིས་ན་མི་འཛད་པའིམཚན་སྙན་གསོལ་བའི་སྒྲུང་བ་དང་། རྒྱལ་ཡོངས་གེ་སར་གཞུང་ལས་ཁང་གིསབཞེངས་མི་འཛད་པདང་། བཏོན་མི་འཛད་པའིམཚན་སྙན་ཕུལ་བའི་ལྷ་བཟོ་དང་གཏེར་འདོན་མཁན་ནང་དུ་འདུ་བའི་རྣམ་པ་མི་འདྲ་བའི་ཚུལ་ལུགས་ལས་གེ་སར་རིག་གནས་བརྒྱུད་བསྒྲག་བྱེད་ཀྱིན་མཆིས་ལ། དེའི་སྲུང་སྐྱོབ་དཀྱིལ་ཚིགས་ནི་དགའ་བདེ་རྫོང་དུར་བུད་གེ་སར་གྲོང་ཚོ་ཡིན།

     གཉིས་ནི། གེ་སར་བླ་རི་བླ་མཚོ་བསྟོད་པའི་རིག་གནས་རྣམ་པ་སྟེ། སྲིད་པའི་ཟོ་དོར་རྨ་རྒྱལ་སྦོམ་ར་སྲོག་ཤིང་དུ་གྱུར་ཞིང་། གཅིག་སྒྲིལ་རྫོང་ཁོངས་ཀྱི་རྒྱལ་ཁབ་ས་གཤིས་སྤྱི་གླིང་དུ་བསྔགས་པའི་གཉན་པོ་གཡུ་རྩེ་དང་། རྨ་ཀླུང་ཕྱུག་མོའི་མགོ་ཁུངས་ཀྱི་མཚོ་སྐྱ་རེངས་དང་སྔོ་རེངས་ནང་དུ་འདུ་བའི་གེ་སར་བླ་རི་བླ་མཚོ་སྟོང་ཕྲག་ལྷག་ལ་མཆོད་བསྟོད་བྱེད་པ་དང་བོད་ཟླ་ལྔ་བའི་ཚེས་བཅུ་གཙོ་བྱས་ཀྱི་གེ་སར་རིག་གནས་བྱེད་སྒོ་སྤེལ་བའི་རྣམ་པ་ཞིག་ཡིན་ལ། དེའི་སྲུང་སྐྱོབ་དཀྱིལ་ཚིགས་ནི་ཨ་མྱེ་རྨ་རྒྱལ་སྦོམ་རའི་བསང་ཁྲི་ཡིན།

     གསུམ་ནི། གེ་སར་ལ་རྗེས་དྲན་བྱེད་པའི་རིག་གནས་རྣམ་པ་སྟེ། མགོ་ལོག་དར་ལག་རྫོང་གི་སེང་འབྲུག་སྟག་རྩེ་སྲོག་ཤིང་དུ་གྱུར་ཞིང་། དགའ་བདེ་རྫོང་ལུང་སྔོན་གྱི་གེ་སར་གནད་དཀྱིལ་ཚིགས་དང་། རྨ་ཆེན་རྫོང་གི་གླིང་རི་པད་མ་འབུམ་རྫོང་། པདྨ་རྫོང་ངྷི་མདའ་དགོན་གེ་སར་རྒྱུ་རྩལ་ཕོ་བྲང་། པདྨ་རྫོང་མདོ་གོང་མའི་གེ་སར་ཕོ་བྲང་། རྨ་སྟོད་རྫོང་ག་འུ་གསེར་རྫོང་བཅས་ཀྱི་རྗེས་དྲན་ཁང་དང་རྗེས་དྲན་བྱེད་སྒོ་དག་ནང་དུ་འདུ་ལ། དེའི་སྲུང་སྐྱོབ་དཀྱིལ་ཚིགས་ནི་དར་ལག་རྫོང་ཕོ་བྲང་སེང་འབྲུག་སྟག་རྩེ་ཡིན།

    བཞི་ནི། གེ་སར་ལ་དད་པ་བྱེད་པའི་རིག་གནས་རྣམ་པ་སྟེ།  གསང་སྔགས་རྙིང་མ་བ་གཙོ་བྱས་ཀྱི་དགོན་སྡེ་རྣམས་ཀྱིས་གླིང་གེ་སར་རྒྱལ་བོ་དང་དཔའ་ཐུལ་རྣམ་ནི་རྒྱ་གར་གྱི་གྲུབ་ཆེན་བརྒྱ་ཅུ་དག་བོད་ཀྱི་སེམས་ཅན་གྱི་འགྲོ་དོན་ལ་དྲག་པོ་དམག་གི་ལས་སུ་ཞུགས་པའི་ཚུལ་མཛད་པར་ཡིད་རྟོན་དག་སྣང་སླད་མེད་བྱེད་ཀྱི་ཡོད་ལ། དེ་འབྲེལ་གྱི་གེ་སར་ལ་དད་པ་བྱེད་པའི་ཆོས་ལུགས་བྱེད་སྒོའི་རིག་གནས་ཀྱང་མགོ་ལོག་ལ་དར་ཁྱབ་ཤིན་ཏུ་ཆེ།

     ལྔ་ནི། གེ་སར་རིག་གནས་འཚོ་བའི་གོམས་སྲོལ་དུ་གྱུར་བའི་རིག་གནས་རྣམ་པ་སྟེ། མགོ་ལོག་དམངས་ཁྲོད་འཚོ་བའི་གོམས་སྲོལ་སྲོག་ཤིང་གྱུར་ཞིང་། དགའ་སྟོན་གླུ་ལེན་སྐབས་སུ་གེ་སར་དང་། དོན་ངོ་ལམ་ལྷའི་སྐབས་སུ་གེ་སར། གསོལ་འདེབས་སྨོན་ལམ་སྐབས་སུ་གེ་སར། དཔེ་ལེན་དཔེ་འཇོག་སྐབས་སུ་གེ་སར་སོགས་གེ་སར་རིག་གནས་ནི་མགོ་ལོག་འཚོ་བའི་གོམས་སྲོལ་གྱི་དཀྱུས་སུ་ཟིན་ཡོད་པ་ཞིག་རེད།

     དྲུག་ནི། ཀུན་ནས་དར་བའི་གེ་སར་འཆམ་གྱི་རིག་གནས་རྣམ་པ་སྟེ། མགོ་ལོག་དགའ་བདེ་རྫོང་དང་གཅིག་སྒྲིལ་རྫོང་གཉིས(ཉིས་སྟོང་བརྒྱད་ལོར་རེབས་དང་པོའི་རྒྱལ་ཁབ་རིམ་པའི་དངོས་མིན་རིག་གནས་ཤུལ་བཞགས་ཀྱི་མིང་བྱང་དུ་ཁ་སྣོན་བྱས)ཀྱི་རྟ་འཆམ་སྲོག་ཤིང་དུ་བཟུང་ཞིང་། པདྨ་རྫོང་གྲུབ་ཆེན་གྱི་རྣམ་ཐར་ཚོགས་པ་གཙོས་པའི་ཚོགས་པ་ཉི་ཤུ་ལྷག་གི་འཁྲབ་སྟོན་འདུ་ལ། སྲུང་སྐྱོབ་དཀྱིལ་ཚིགས་ནི་གེ་སར་རྟ་འཆམ་དང་པདྨ་རྫོང་གི་འཆམ་ཡིན།

    དྲུག  རྣམ་པ་ཕུན་སུམས་ཚོགས་པའི་གེ་སར་རིག་གནས་བྱེད་སྒོ།

    མགོ་ལོག་ས་ཁུལ་གྱི་གེ་སར་རིག་གནས་བྱེད་སྒོ་དེ་མཚོན་བྱེད་ཀྱི་རྣམ་པ་དང་བྱེད་སྒོའི་ནང་དོན་ལ་ལྟོས་ཏེ་ཆོས་ལུགས་རིག་གནས་བྱེད་སྒོ་དང་། སྤྲོ་རྩེད་རིག་གནས་བྱེད་སྒོ། རྩལ་འགྲན་རིག་གནས་བྱེད་སྒོ་བཅས་རྣམ་པ་གསུམ་ཙམ་དུ་འདུས་ཏེ།

  (གཅིག)ཆོས་ལུགས་རིག་གནས་ཀྱི་བྱེད་སྒོ་སྟེ་མགོ་ལོག་ས་ཁུལ་ལ་མཚོན་ན་ལོ་གསར་ཚེས་སུམ་ཅུ་དང་། ལོ་གསར་གྱི་བཅོ་ལྔ། ཚེས་བཅུ་སོགས་ཀྱི་སྐབས་གེ་སར་དང་འབྲེལ་གྱི་ཆོས་ཀྱི་བྱེད་སྒོ་རྒྱ་ཆེན་པོ་སྤེལ་ལ། དཔེར་ན། བོད་ཟླ་དྲུག་པའི་ཚེས་བཞི་ཉིན་འདི་མགོ་ལོག་པས་འཛམ་གླིང་སྤྱི་བསང་ཞེས་པར་ངོས་འཛིན་གྱི་ཡོད་ལ། དེ་ཉིན་ས་གནས་སོ་སོས་མ་གྲོས་རང་མཐུན་གྱིས་ལྷ་བསང་ཆེན་མོའི་འདུ་འགོད་ལ་རོལ། བསང་གསོལ་གྱི་ནང་དོན་གཙོ་བོའང་འཛམ་གླིང་གེ་སར་རྒྱལ་པོ། ཨ་མྱེ་རྨ་རྒྱལ་སྦོམ་ར། རྨ་སྟོད་ཀྱི་རྩེ་ལྷ་བཅུ་གསུམ། རྨ་སྨད་ཀྱི་མཐོན་པོ་དགུ་སྒྲིལ་སོགས་བྱེད། དགོན་པ་སོ་སོས་ཀྱང་བསང་ཆེན་འཕུད་པ་དང་གེ་སར་གྱི་རྣམ་ཐར་འཁྲབ་པ་སོགས་བྱེད། སྡེ་བ་སོ་སོས་ད་དུང་དེ་རྗེས་ཀྱི་ཉིན་དྲུག་བདུན་ཙམ་ལ་རི་བསང་ཞེས་རང་རང་ཡུལ་སྡེས་ཉེ་བར་བསྟེན་པའི་ཡུལ་ལྷ་གཞི་བདག་སོགས་སྒོས་སུ་བསང་གསོལ་བྱེད་ལ་རྟ་རྒྱུག་རྩེད་མོའི་བྱེད་སྒོ་ཡང་སྤེལ།

  (གཉིས)སྤྲོ་རྩེད་རིག་གནས་ཀྱི་བྱེད་སྒོ་སྟེ། མགོ་ལོག་ས་ཁུལ་གྱི་གེ་སར་སྤྲོ་རྩེད་རིག་གནས་ཀྱི་རྣམ་པ་མཚོན་སྟངས་ལའང་རྣམ་ཐར་བཤད་ལེན་བྱེད་པ་དང་རྣམ་ཐར་ཟློས་གར་དུ་འཁྲབ་པའི་རྣམ་པ་གཉིས་སུ་འདུ། མགོ་ལོག་ས་ཁུལ་ལ་གེ་སར་རིག་གནས་དར་ཁྱབ་ཤིན་ཏུ་ཆེ་ལ། དེ་ཡང་ས་ཁུལ་ཡོངས་སུ་ད་སྔོན་ཀྱང་གེ་སར་ཁྲབ་སྟོན་ཚོགས་པ་ཆེ་ཆུང་ཉི་ཤུ་རྩ་བཞིར་སོན་པ་འདིས་ཀྱང་གསལ་བཤད་ཐུབ་ལ། ཁྱད་པར་དུ་མགོ་ལོག་གི་གེ་སར་རྟ་འཆམ་ནི་སྔོན་བོད་ཀྱི་སྲོལ་རྒྱུན་གར་སྟེགས་ཟློས་གར་གྱིས་མཚོན་ཐབས་ལས་ཡོངས་སུ་བརྒལ་ཞིང་གསར་གཏོད་རང་བཞིན་ལྡན་པའི་ཁྲབ་སྟོན་རྣམ་པ་ཞིག་ཏུ་གྱུར་ཡོད་གཤིས་མིག་སྔར་ལ་མཚོན་ན་ཐུན་མོང་མིན་པའི་ཁྱད་ཆོས་དང་ལྡན་ནོ། མགོ་ལོག་རྟ་འཆམ་གྱིས་བོད་གནའ་བོའི་རྩོམ་རིག་དང་། རོལ་དབྱངས། ཞབས་བྲོ། ལྷ་བཟོ། སྐྱ་རྩལ་བཅས་དཀྱུས་གཅིག་ཏུ་བསྡུས་པའི་རྣམ་པ་ལ་བརྟེན་ཏེ་འཁྲབ་སྟོན་བྱས་པས་སྔོན་གྱི་ལོ་རྒྱུས་དག་ཏུ་འཁོད་པའི་ཡུལ་ཁམས་དང་གཏམ་རྒྱུད་རིམ་རྣམས་དངོས་སུ་མཐོང་བ་ལྟ་བུའི་ཚོར་འདུ་བསླངས་ནུས་ལ།རྟ་འཆམ་ཟློས་གར་མགོ་ལོག་གི་ཟླ་བརྒྱ་པ་དང་བདུན་པའི་དུས་ཚིགས་དག་ལ་བསྟུན་ནས་སྲིད་གཞུང་དང་དགོན་སྡེ་སོ་སོས་ལྟད་མོ་པར་སྲི་ཞུ་བསྒྲུབ་པ་ཁོ་ནས་འཁྲབ་སྟོན་འགོ་འདུ་བྱེད་སྲིད་པས་སྐུ་ཉིད་གལ་ཏེ་མོས་བློ་འདྲ་མཆིས་ན་ལྟད་མོར་ཐེངས་གཅིག་ཕེབས་དང་ངེས་པ་ཞིག་སྙེད་རྒྱུ་སྙམ་མོ།

(གསུམ)རྩལ་འགྲན་རིག་གནས་ཀྱི་བྱེད་སྒོ་སྟེ། དེ་ནི་གེ་སར་ལོ་རྒྱུས་སྙན་ངག་ཏུ་མཚོན་པའི་རྟ་གཤིབ་དང་།མདའ་འཕེན། གྱད་འགྲན། གླང་ཆེན་ས་གཤག རྒྱུག་འགྲན། འཇུ་རེས་སོགས་ལས་རྩལ་གྱི་ཆ་ལ་འབྲེལ་བའི་འགྲན་བསྡུར་དག་ལ་བྱ་ཞིང་། བྱེད་སྒོ་འདི་རིགས་དུས་སྟོན་དང་འདུ་ཚོགས་ཆེན་མོའི་སྐབས་སུ་བསྟུན་ཏེ་སྤེལ་ཞིང་། གོམས་སྲོལ་འདི་རིགས་གནའ་ནས་ད་བར་དུ་རྒྱུན་བརྐྱངས་བ་ཡིན་སྟབས་མགོ་ལོག་འཚོ་བའི་ཁྲོད་ལ་གོ་གནས་ངེས་ཅན་ཞིག་བཟུང་ཡོད་པ་རེད། མགོ་ལོག་ནི་འཛམ་གླིང་གེ་སར་རྒྱལ་པོས་རྟ་རྒྱུག་གི་གསེར་ཁྲི་གནོན་པའི་གནས་ཡུལ་ཁྱད་པར་ཅན་དེ་ཡིན་པས་རྟ་རྩལ་འགྲན་པ་ནི་རྫོང་དང་ཡུལ་ཚོ། སྡེ་བ་དང་ཁྱིམ་ཁག  ཐ་ན་མི་སྒེར་གྱི་ཁ་ལས་རླུང་རྟ་དང་དགེ་མཚན་སྙན་གྲགས་འགྲན་པ་ཞིག་ཡིན་གཤིས་ནམ་རྒྱུན་བྱེད་སྒོ་དེ་རིགས་ཁྲོད་རྒྱལ་ཁ་ལོན་པའི་ཆེད་དུ་རིན་གོང་ཆེན་པོ་བྱིན་ཏེ་རྒྱུག་རྟ་དང་གོམ་རྟ་ཉོ་བ། ཡུལ་ལྷ་གཞི་བདག་ལ་བསང་གསོལ་བྱེད་པ་སོགས་ལྟ་གོན་རྒྱ་ཆེན་པོའི་ལས་སུ་ཞུགས་ཀྱིན་ཡོད།

      བདུན།  མིང་དོན་ཉིས་མཚུངས་ཀྱི་གེ་སར་ཞིབ་འཇུག་དཔུང་སྡེ།

མགོ་ལོག་གེ་སར་གྱི་ཕ་ཡུལ་ལམ་གེ་སར་སྒྲུང་གི་དར་ཡུལ་གཙོ་བོ་ཞིག་ཏུ་གྱུར་ཡོད་ཕྱིན་མགོ་ལོག་གི་མི་མང་པོ་ཞིག་གེ་སར་སྒྲུང་གི་མི་སྣ་གཙོ་བོ་དག་དང་དེའི་ལོ་རྒྱུས་བྱུང་རིམ་ལ་གཞན་རྣམས་ལྟ་བུར་ཆེད་དུ་དཔེ་ཀློག་ཞིབ་འཇུག་གི་ངལ་བརྟེན་མི་དགོས་པར་ཕ་མ་དང་རྒན་རབས་པ་དག་གི་ངག་ལས་གསལ་བོར་ངེས་ཡོད་ཕྱིར་ན་མིང་དོན་ཉིས་མཚུངས་ཀྱི་གེ་སར་ཞིབ་འཇུག་གི་དཔུང་སྡེ་ཞིག་གྲུབ་ཡོད་ཅེས་པའང་བབ་བཅོལ་དུ་སྨྲས་པ་ཙམ་མ་ཡིན་ནོ།

ལྡོང་ནོར་སྡེ། ཞིབ་འཇུག་གཞོན་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དམིགས་བསལ་ཕོགས་སྣོན་ལེན་མཁན་གྱི་རྒྱལ་ཁབ་རིམ་པའི་ཆེད་མཁས་པ། ད་ལྟ་ར??

 /><br /> </span> </p><p class=       འཛམ་གླིང་ཤར་ཕྱོགས་འཛིན་མའི་ཅོད་པན་དུ་མངོན་པར་མཛེས་པའི་ཨ་མདོ་མགོ་ལོག་གི་ཡུལ་ཞེས་པ་འདི་ནི་ཀྲུང་ཧྭ་མེས་པོའི་ཤེས་དཔལ་རྣམ་པར་སྦྲུམ་པའི་རྨ་ཀླུང་གསེར་ལྡན་གོ་མའི་འབྱུང་ཁུངས་འཁྲུལ་མེད་དུ་ངེས་ལ། ཁ་ར་ཁོར་ཡུག་ཀུན་ཏུ་རབ་དཀར་ཁ་བའི་རྡུལ་མངས་བརྩེགས་པ་སོགས་ས་འཛིན་ཀྱིས་ཡོངས་སུ་བསྐོར་ཞིང་། དྭངས་གཙང་ཡན་ལག་བརྒྱད་ལྡན་གྱི་ལྷ་ཆབ་སྔོན་མོའི་དྲ་བ་ཀུན་ནས་སྤྲས། ཡུལ་ལྗོངས་ཀྱི་བཀོད་པ་ཁྱད་དུ་མཚར་ཞིང་དུས་བཞིའི་འགྱུར་བག་ལ་བསྟེན་མཛེས་སྡུག་གི་ཁྱད་ཆོས་ཀྱང་དེ་མཚུངས་སུ་མངོན་པ་སོགས་ས་ཡི་ཡོན་ཏན་མ་ལུས་ཡོངས་སུ་རྫོགས་པས་ཚངས་པ་ལྷའི་འཇིག་རྟེན་མི་ཡི་ཡུལ་དུ་འཕོས་པ་དང་གཉིས་སུ་མ་མཆིས། དེ་ཡང་དེའི་སྤྱིའི་འཁོད་སྟངས་ཙམ་ཞིག་བརྗོད་ན། བ་ཡན་ཁྲ་ལ་རིང་མོའི་རི་རྒྱུད་ལྷོ་ཡི་ཕྱོགས་ཆར་འཐེན་ཞིང་། རྨ་རྒྱལ་གངས་ཀྱི་ཟོ་དོར་ཆེན་མོ་བྱང་གི་གཞི་དཀྱིལ་དུ་གཟི་བརྗིད་ཀྱིས་བཞེངས་ལ། གཉན་པོ་གཡུ་ཡི་རྩེ་མོར་གྲགས་པ་རྔམ་ཟིལ་དང་བཅས་ཤར་ལྷོའི་ཕྱོགས་སུ་རྣམ་པར་འགྲེང་།

      ཡུལ་འདིའི་གནམ་ས་ཀུན་ལ་དྭངས་གཙང་གུ་ཡངས་ཆེན་པོས་ཉམས་ཀྱིས་ཡོངས་སུ་ཕྱུག་པས་སྙན་པའི་གྲགས་པ་ཕྱོགས་བཞིར་འཕུར་ཞིང་།ཡུལ་འདིའི་རི་ཀླུང་ཀུན་ལ་ལོ་རྒྱུས་སྙན་ངག་རིང་མོའི་སྲོག་རྒྱུན་གྱིས་རྣམ་པར་བཟུང་བས་ཁྱད་མཚར་གྱི་གསོན་ཉམས་འབར།

 དེ་ཡང་གེ་སར་ལོ་རྒྱུས་སྙན་ངག་རིང་མོ་ཞེས་བྱ་བ་འདི་ནི། འཛམ་གླིང་སྟེང་ཆེས་རིང་བའི་ལོ་རྒྱུས་སྙན་ངག་ཅིག་ཡིན་ལ། འཛམ་གླིང་སྟེང་ངག་རྒྱུན་རིག་གནས་ཞིབ་འཇུག་གི་རྒྱུ་ཆ་གསོན་པོ་ཞིག་ཀྱང་ཡིན། ཉིས་སྟོང་དྲུག་གི་ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གེ་སར་ལོ་རྒྱས་སྙན་ངག་རིང་མོ་ཐེངས་དང་པོའི་རྒྱལ་ཁབ་རིམ་པའི་དངོས་མིན་རིག་གནས་ཤུལ་བཞགས་ཀྱི་མིང་བྱང་དུ་བཀོད་ཅིང་། ས་བབས་རྨ་ཀླུང་ཕྱུག་མོའི་འགོ་ཁུངས་སུ་འཁེལ་བའི་ཨ་མདོ་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་ནི་གེ་སར་ལོ་རྒྱུས་སྙན་ངག་རིང་མོའི་བྱུང་གྲུབ་ཁྲོད་ཐུན་མོང་མ་ཡིན་པའི་གོ་གནས་ཤིག་ཟིན་ཡོད་གཤིས། ཡུལ་འདི་གེ་སར་རྒྱལ་པོ་ཨ་སྐྱིད་ཇོ་སྐྱིད་རིན་པོ་ཆེའི་ཚུལ་བཟུང་བ་ནས་གསེར་ཁྲི་སེར་པོའི་གོང་བ་མནན་ཞིང་། འཛམ་གླིང་གེ་སར་རྒྱལ་པོ་ཞེས་མཛད་འཕྲིན་འཛིན་མའི་ཁྱོན་ལ་ཡུག་གཅིག་ཏུ་བརྡལ་བའི་འཕྲིན་ལས་སྨིན་པའི་གནས་མཆོག་དམ་པར་བསྔགས་ཀྱིན་ཡོད་ལ། འཛམ་གླིང་གེ་སར་རྒྱལ་པོའི་ལོ་རྒྱུས་སྙན་ངག་རིང་མོའི་ཚེ་སྲོག་གི་རྒྱུན་མ་སྟོང་ཕྲག་བསྐལ་བའི་བར་དུ་མཐུད་པའི་འགོ་ཁུངས་རྣལ་མ་དང་ཀྲུང་གོ་གེ་སར་རིག་གནས་ཀྱི་ཕ་ཡུལ། ཀྲུང་གོ་གེ་སར་རིག་གནས་ཞིབ་འཇུག་གི་རྟེན་གཞི་ལའང་ཁས་འཆེ་བཞིན་པ་དེ་ལྟའོ།

གཅིག  གཞན་ན་མ་མཆིས་པའི་གེ་སར་གྱི་གནའ་བོའི་རྗེས་ཤུལ།

     ཧྥ་རན་སིའི་མིང་དུ་གྲགས་པའི་གེ་སར་ཞིབ་འཇུག་པ་ཆེན་མོ་ཧྲི་ཐེ་ཨན་གྱིསརྨ་ཡུལ་དང་སྨར་གྱི་བར་ལ་སྙོག་དྲ་བཟོས་པའི་མཇུག་འབྲས་ནི་གླིང་གི་ཡུལ་དེ་ལྷོ་ཕྱོགས་སུ་ངེས་གཏན་བྱས་སོ།ཞེས་གསུང་ལ། དེ་ནི་སྤྱིར་གླིང་གི་ཡུལ་ཞེས་པརྨ་ཡུལལ་ཡོད་པརསྨརདང་སྒྲ་གདངས་ནོག་སྟེ་ལྷོ་བྱང་བརྗེས་པའི་ནོར་འཁྲུལ་བྱུང་ངོ་ཞེས་གསལ་བོར་བསྟན་ལ། གེ་སར་ཞིབ་འཇུག་ཆེད་མཁས་པ་འཇམས་དཔལ་རྒྱལ་མཚོས་ཀྱང་མགོ་ལོག་ནི་གེ་སར་དར་ཁྱབ་ཆེས་ཆེ་བའི་ཡུལ་གྲས་ཤིག་རེད་ལ། དེ་ཀའི་རི་ཀླུང་ཐམས་ཅད་གེ་སར་ལོ་རྒྱུས་སྙན་ངག་རིང་མོ་དང་འབྲེལ་བ་ཟབ་མོ་མཆིས།ཞེས་གསུངས་སོ། དེ་ལྟར་རྨ་ཀླུང་གསེར་ལྡན་ཕྱུག་མོ་གང་རྨ་ཁྲ་ཕུ་འཛམ་གླིང་ལ་ཁའམ་མགོ་ལོག་རྨ་སྟོད་རྫོང་གི་ནུབ་ངོས་ནས་ཆས་ཏེ་མགོ་ལོག་འཛིན་མའི་གཞུང་རྟ་རིང་བཅད་ཀྱིས་ཤར་ཕྱོགས་གཉན་པོ་གཡུ་ཡི་རྩེ་མོ་རྣམ་པར་འགྱིངས་བའི་ཡུལ་ཏེ་གཅིག་སྒྲིལ་རྫོང་གི་བར་དུ་ལེ་བར་བདུན་བརྒྱ་དྲུག་ཅུ་ལྷག་གི་སྒེག་འགྲོས་ཀྱི་གོམ་ཁ་བསྒྱུར་བཞིན་མཆིས་ལ། དེ་དང་མཉམ་དུ་འཛམ་གླིང་གེ་སར་རྒྱལ་པོ་དང་འབྲེལ་བའི་ལོ་རྒྱུས་དང་གཏམ་རྒྱུད་ཀྱང་གྲངས་མང་བ་ཞིག་དབུ་བ་དཀར་བོའི་ཟེགས་མ་འགྲེམ་པ་ལྟར་དུའང་སྣང་སྟེ། དེ་ཡང་ཐོག་མར་རྨ་ས་དང་པོའམ་རྨ་སྨད་གཡུ་ལུང་སུམ་མདོ་ནི《རྨ་ས་བཟུང་དར་དཀར་མདུད་པ》སོགས་སུ་གེ་སར་འཁྲུངས་ནས་ཅུང་མ་འགོར་བར་ཁོའི་ཨ་ཁུ་ཁྲོ་ཐུང་གིས་ཁོ་རང་ས་རྨ་སྨད་གཡུ་ལུང་སུམ་མདོར་ཡུལ་ཕུད་རྗེས་འདོན་བྱས་ཞེས་པའི་ས་དེ་ཡིན་ལ། དེ་ཡང་《མདོ་སྨད་ཆོས་འབྱུང》དང་《སུམ་པའི་ཆོས་འབྱུང》དམུ་དགེའི《གླིང་སེང་ཆེན་གྱི་བྱུང་བ་མདོར་བསྡུས》སོགས་སུ་ས་དེ་ད་ལྟའི་མགོ་ལོག་དར་ལག་རྫོང་འཛུགས་སྐྲུན་ཡུལ་ཚོའི་ཁོངས་ཀྱི་ཁྲ་གླིང་དགོན་པའི་ཉེ་འདབས་རྒྱུ་དར་གྱི་ས་ནག་སུམ་མདོ་ཡིན་པར་ལུང་དང་རིགས་པས་ར་སྤྲོད་བྱས་ཤིང་། རྗེས་སོར་ཟི་ཁྲོན་གྱི་མཁན་ཆེན་འཇིགས་མེད་ཕུན་ཚོགས་མཆོག་གིས་ད་ལྟ་སེང་འབྲུག་སྟག་རྩེ་བཞེངས་ཡོད་པའི་ས་དེ་ཡིན་པར་བྱེ་བྲག་ཏུ་ངོས་འཛིན་གནང་།

     ཨ་བཞི་དེའུའམ་ཨ་ཡི་དེའུ་ནི《འཁྲུངས་གླིང་མེ་ཏོག་ར་བ》སོགས་སུ་ཤར་ཁྲ་མོ་གླིང་གི་རྒྱལ་ས་དེ་མགྱོགས་འདོ་བའི་བང་ལ་བཀུག་པའི་སྐབས་སུ། རྒྱུག་རྟིང་ཨ་བཞི་དེའུ་ལ་བྱས། རྒྱུག་འགོ་ཀུ་རའི་རྫ་ལ་གཏདཅེས་པའི་ཨ་བཞི་དེ་ཡིན་ལ། དེ་ནི་སྐྱེས་མཆོག་ནོར་བུ་དགྲ་འདུལ་ཞེས་མཚན་གྱི་སྙན་པ་ས་གསུམ་འཛིན་མའི་ཁྱོན་ལ་འགེངས་བ་དེའི་རྟེནའབྲེལ་འཕྲིན་ལས་ཀྱི་ཐོག་མའི་དབུ་ཁྲིད་འཇོག་ས་དང་། གེ་སར་ལོ་རྒྱུས་སྙན་ངག་རིང་མོ་དེ་སྟོང་ཕྲག་བསྐལ་བའི་བར་དུ་འབྲི་བའི་འཛད་མཐའ་མེད་པའི་འབྱུང་ཁུངས་ཀྱང་ཡིན་ལ། ད་ལྟ་ས་དེར་རྨ་སྟོད་རྫོང་རྨ་ཆུ་ཡུལ་ཚོའི་སྲིད་གཞུང་ཆགས་ཡོད།

  སྒ་སྐྱ་ལོའི་སྟོན་པ་རྒྱལ་མཚན་གྱི་ཕོ་བྲང་སྟག་རྩེའི་མཁར་ཤུལ་ཏེ། སྒ་སྐྱ་ལོའི་སྟོན་པ་རྒྱལ་མཚན་ནི་གླིང་གེ་སར་རྒྱལ་པོའི་བཙུན་མོ་སྒ་སྐྱ་ལོའི་སེང་ལྕམ་འབྲུག་མོའི་ཕ་ཡབ་ཡིན་ལ།  སྒྲུང་ཡིག་དག་ཏུ་འཁོད་པ་ལྟར་ན། སྔོན་གླིང་གི་སྐབས་སྐྱ་ལོ་སྔོ་ལོ་གྲོ་ལོ་ཞེས་བུ་སྤུན་གསུམ་གྱིས་དེ་གའི་མཚོ་གསུམ་གྱི་ཁར་ས་བཟུང་སྟེ་བསྡད་པར་མཚོ་གསུམ་གྱི་མིང་ལའང་སྐྱ་རེངས་དང་སྔོ་རེངས་གྲོ་རེངས་གསུམ་ཞེས་གྲགས་ལ་གླིང་གི་བླ་མཚོ་རྣམ་གསུམ་དུའང་འབོད་པ་ད་ལྟའང་མིང་ཙམ་ཡང་མ་འགྱུར་པར་ཡོད་ལ་དེ་དག་གི་མཁར་ཤུལ་ཀྱང་རེ་རེ་ནས་གསལ་བོར་མཐོང་ཐུབ། སྐྱ་ལོ་བུ་སྤུན་གསུམ་ལ་བུ་མོ་སྤུན་གསུམ་མཆིས་པར་སྐྱ་ལོའི་སེང་ལྕམ་འབྲུག་མོ། སྔོ་ལོའི་ནེའུ་ཆུང་ཚར་ཡག གྲོ་ལོའི་པད་དཀར་ལྷ་མཛེས་སུ་གྲགས་ཤིང་དེ་ལས་སྐྱ་ལོའི་སེང་ལྕམ་འབྲུག་མོ་ནི་ཧོར་གླིང་གཉིས་གཡུལ་གྱི་ལས་ལ་སྤྱོར་བའི་རྩ་བའི་འབྱུང་རྐྱེན་ནམཆུང་མ་གྱོད་ཀྱི་གཞི་མདེ་ཡིན་པ་ཀུན་ལ་གསལ་ངེས་མཆིས་པ་དེ་ལགས་ལ། གོང་དུ་གླེང་བའི་མཚོ་དང་མཁར་ཤུལ་དེ་དག་ཀྱང་ད་ལྟ་མགོ་ལོག་རྨ་སྟོད་རྫོང་སྐྱ་རེངས་ཡུལ་ཚོའི་ཁོངས་སུ་མཆིས་སོ།

  གླིང་ཡུལ་གྱི་མཚོན་རྟགས་ཆེན་མོ་རྣམ་གཉིས་ཏེ། རྨ་ཀླུང་གསེར་ལྡན་ཕྱུག་མོ་དང་རྨ་རྒྱལ་སྦོམ་ར་གཉིས་ནི《ཧོར་གླིང་གཡུལ་འགྱེད》གཏམ་གྱི་འབྱུང་ཁུངས་འཁྲུལ་མེད་ཅིག་ཡིན་ལ། མིང་གྲགས་ཅན་གྱི་ལོ་རྒྱུས་གཏམ་རྒྱུད་ཧྲིལ་བོ་དེ་རྨ་ཆུ་དང་རྨ་ཆེན་གཉིས་གཞིར་བཟུང་སྟེ་སྤྲོས་པ་ཞིག་ཡིན་པ་ཤིན་ཏུ་གསལ། གཞན་ད་དུང་ལོ་རྒྱས་དངོས་ཀྱི་དེབ་ཐེར《རླངས་ཀྱི་པོ་ཏི་བསེ་རུ》སོགས་སུའང་སྔོན་རྨ་ཆེན་སྦོམ་རའི་ཉེ་འཁོར་དག་གླིང་གི་ས་ཡིན་པར་གསུངས་པ་དེ་ལྟར་ལ། རྨ་ཀླུང་ཕྱུག་མོ་ནི་མགོ་ལོག་ས་དཀྱིལ་ནས་ཤར་དུ་ཆས་ཤིང་སླར་འབྲལ་མི་ཕོད་པའི་ཚུལ་གྱིས་ཁ་ནུབ་ཕྱོགས་ལ་གཏད་དེ་མགོ་ལོག་ལ་ཐེངས་གཉིས་པར་བསྐོར་བ་བགྱིས་པ་དེ་ལགས་ལ། རྨ་རྒྱལ་སྦོམ་ར་ནི་ད་ལྟ་མགོ་ལོག་རྨ་ཆེན་རྫོང་གངས་རི་ཡུལ་ཚོའི་ཁོངས་སུ་མཆིས།

 /><br /> </span> </p><p class=  《ཧོར་གླིང་གཡུལ་འགྱེད》དུས་ལ་ས་བཙན་བཤད་པས་ན།། རྨ་སྟོད་རྩེ་ལྷ་བཅུ་གསུམ་གདའ།། རྨ་སྨད་མཐོན་པོ་དགུ་སྒྲིག་དགའཞེས་པའི་རྨ་སྟོད་རྩ་ལྷ་བཅུ་གསུམ་གྱི་གཡག་ར་སྟག་རྩེ་་དང་མཛོ་མོ་རི་རྩེ། དཔའ་ལྷ་སྟག་རྩེ་གསུམ་སྲིད་འཛིན་ས་བགོས་སྐབས་ཡུལ་ཤུལ་ཁུལ་རྨ་སྟོད་ཡུལ་ཚོའི་ཁོངས་སུ་བཅད་པ་ལས་གཞན་རྣམས་་ཐམས་ཅད་ད་ལྟ་མགོ་ལོག་རྨ་སྟོད་རྫོང་གི་ཁོངས་སུ་མཆིས། རྨ་སྨད་མཐོན་པོ་དགུ་སྒྲིགལས་བྲག་རིའི་མར་སྒམ་མཐོན་པོ་དང་། ཆ་ཡི་དུང་ར་མཐོན་པོ། ཁོ་དེའུ་ཤེའུ་སྙིང་མཐོན་པོ་གསུམ་ད་ལྟ་མགོ་ལོག་དགའ་བདེ་རྫོང་གི་ཁོངས་སུ་ཡོད་ལ། དཀར་བོའི་ཆོས་ལུང་མཐོན་པོ། མུན་མོའི་གསེར་ཏེའུ་མཐོན་པོ། སྒྲོག་འཛོང་རི་ཕྱོར་མཐོན་པོ་གསུམ་ད་ལྟ་མགོ་ལོག་གཅིག་སྒྲིལ་རྫོང་གི་ཁོངས་སུ་མཆིས། ཏིང་གི་ཏིང་རི་མཐོན་པོ་ད་ལྟ་རྨ་ཆེན་རྫོང་གི་ཁོངས་སུ་མཆིས་སོ །

གཉིས།  ཁྱད་ཆོས་ཐུན་མོང་མིན་པའི་གེ་སར་སྙན་ངག་གྲོང་ཚོ།

 མགོ་ལོག་དགའ་བདེ་རྫོང་ཁོ་ཆུ་ཡུལ་ཚོའི་ཁོངས་སུ་དུར་བུད་ཅེས་པའི་སྡེ་བ་ཞིག་མཆིས་པར་ཉིས་སྟོང་དྲུག་གི་ལོར་ཀྲུང་གོ་སྤྱི་ཚོགས་ཚན་རིག་ཞིབ་འཇུག་ཁང་དང་། རྒྱལ་ཡོངས《གེ་སར》བྱ་བའི་འགོ་ཁྲིད་ཚན་ཆུང་གཞུང་ལས་ཁང་གིས་སྡེ་བ་འདི་ལདུར་བུད་སྡེ་བ་གེ་སར་སྙན་ངག་གྲོང་ཚོཞེས་པའི་སྡེ་མིང་གསོལ། སྡེ་བ་འདིར་ད་ལྟ་མོ་དུད་ཉིས་བརྒྱ་ལྷག་དང་། མི་གྲངས་སྟོང་ལྷག་ལ་ཟིན། སྡེ་བ་འདིའང་མགོ་ལོག་གི་ཡུལ་སྤྱི་དང་འདྲ་བར་འཛམ་གླིང་གེ་སར་རྒྱལ་པོ་ལ་མི་ཕྱེད་པའི་དད་པ་བྱེད་ཀྱིན་ཡོད་ལ། དེ་ཡང་སེམས་དྭངས་བའི་སྒྲུང་གླུ་ལ་མོས་པ་དང་། སྐད་སྙན་མོའི་སྒྲུང་གླུ་འགུག་པ་གང་བྱེད་ཀྱང་རང་བཞིན་ངོ་བོའི་སྟེང་གི་དེའི་གཏམ་རྒྱུད་ལ་སྤྲོ་བ་ཁོ་ན་ཙམ་མ་ཡིན་པར་སངས་རྒྱས་ཤྰཀྱ་ཐུབ་པའི་ཆོས་ཀྱི་སྒོ་མོ་བརྒྱ་ཁྲི་བཞི་སྟོང་དང་། རྗེ་བཙུན་མི་ལ་རས་པའི་མགུར་གྱི་སྒོ་མོ་བརྒྱ་ཁྲི་བཞི་སྟོང་། འཛམ་གླིང་གེ་སར་རྒྱལ་པོའི་སྒྲུང་གི་སྒོ་མོ་བརྒྱ་ཁྲི་བཞི་སྟོང་ཞེས་དེ་དག་གང་བཟློས་ཐམས་ཅད་རྣམ་དཀར་དགེ་བའི་ལས་ཤིག་ཏུ་ཡིད་ཆེས་བྱེད་ཀྱིན་ཡོད་པ་རེད། ཁྱད་པར་དུ་དུས་རབས་འདིའི་ལོ་རབས་ཉི་ཤུ་ཡས་མས་སུ་གླིང་འབྲི་སྲས་ནམ་མཁའ་ཐོག་འགྱུར་གྱི་སྐྱེ་སྲིད་དུ་བསྔགས་པ་དུར་བུར་བླ་མ་ཤེས་རབ་རྒྱལ་མཚན་སྡེ་བ་འདིའི་སྒོས་སྐལ་བསོད་ནམས་ཏུ་ཤར་བ་ནས་སྡེ་བ་འདིར་གེ་སར་སྒྲུང་གི་བསྟན་པ་ཆེས་ཆེར་དར་ཡོད་པར་ངེས་ལ། དམ་པ་འདི་ཉིད་ཀྱིད་ཀྱིས་སྔོན་གནས་རྗེས་དྲན་ཚུལ་གྱིས་རང་སྡེ་ལས་གླིང་གི་སྐྱེ་རབས་སྐྱེ་མཐའ་མང་པོ་ཞིག་ངོས་བཟུང་མྱོང་ལ་དེ་ནས་བཟུང་སྡེ་མི་ཀུན་གྱིས་རང་ཉིད་གླིང་སྨུག་པོ་ལྡོང་གི་རྒྱུད་པ་ཞིག་གམ་ཡང་ན་གླིང་གི་དཔའ་ཐུལ་ག་གེ་མོ་ཞིག་གི་སྐྱེ་བ་སྐྱེ་ཕྲེང་རེ་ཡིན་སྲིད་དམ་སྙམ་པའི་འོལ་ཚོད་དང་དེ་ཡིན་པར་རེ་སྨོན་བྱེད་པའི་བློའི་འདུན་མ་ཞིག་ངང་ངམ་ཤུགས་ཀྱིས་གྲུབ་ཡོད་པར་ངེས། དེར་བརྟེན་སྡེ་བ་འདིར་ཕོ་མོ་རྒན་གཞོན་སུ་ཡིན་ཡང་སྒྲུང་གླུ་ཤར་མོ་རེ་འགུག་མི་ཤེས་མཁན་ཕལ་ཆེར་མེད་ལ་ཐ་ན་ཀུན་གྱིས་འདི་ཉིད་ཐུན་མོང་མིན་པའི་ཁྱད་ཆོས་ཤིག་ཏུ་བརྩིས་ཏེ་གཞན་ལ་ངོམ་སོ་བྱེད་ཀྱི་ཡོད།

        དུར་བུད་བླ་མས་རྒྱུན་པར་སྒྲུང་བཤད་པ་དང་འབྲི་བ་སོགས་ཀྱི་ལས་བྱེད་པ་ལ་སྐབས་ཤིག་ཁོང་གིས་ཕབ་འཕྲོར་ལུས་པའི《སྟག་གཟིག་ནོར་རྫོང》ཞིག་ཡོད་པ་སྐུ་སྲིང་ཆུང་བ་དཀར་སྒོང་ཟེར་བ་ཞིག་གིས་འབྲི་མཐུད་བྱས་པར་གྲགས་པ་སོགས་ལ་བལྟས་ནའང་སྡེ་བ་འདིར་སྒྲུང་གི་བག་ཆགས་ཐུན་མིན་ཞིག་མཆིས་པ་ཤིན་ཏུ་གསལ། དེ་རྗེས་སུ་དམ་པ་གང་གི་རིགས་སྲས་ངག་དབང་རིག་འཛིན་དུ་བྱ་བ་འཁྲུངས་ལ། ཁོང་ནི་ཆུང་བའི་དུས་ནས་གེ་སར་རྒྱལ་པོའི་སྒྲུང་བཤད་པ་ལ་སྐྱེས་ཐོབ་ཀྱི་དཔལ་འབར་བ་ཞིག་ཡིན་ཞིང་། ཁྱད་པར་དུ་གཟུགས་བྱད་ལེགས་ལ་ཉམས་ལྡན་པ་དང་སྒྲུང་འགུག་ཚེ་དབྱངས་གདངས་སྙན་ཞིང་གཅོམ་ཆེ་བ་སོགས་ཀྱི་ཁྱད་ཆོས་ཀྱིས་སྔོན་གླིང་གི་དཔའ་ཐུལ་ཟེར་བ་དེ་འདི་འདྲ་ཞིག་ཡིན་ངེས་སྙམ་པའི་ཚོར་བ་བྱིན་པ་སོགས་ཚོ་བ་ལ་ཤུགས་རྐྱེན་ཆེན་པོ་ཐེབས། སྡེ་བ་རང་དང་ཉེ་འཁོར་གྱི་སྡེ་བ་མི་ཉུང་བ་ཞིག་ལ་དར་ཁྱབ་ཆེ་བའི་སྒྲུང་ངག་མི་ཉུང་བ་ཞིག་ཁོང་གི་ངག་རིག་དབྱངས་ཀྱི་གཏེར་སྒོ་ལས་ཐོན་ཞེས་ཀུན་ཀྱང་བསྔགས།  ལོ་རབས་དྲུག་ཅུའི་དུས་ན་དུར་བུད་བླ་མ་ཤེར་རྒྱམ་གྱི་ཡང་སྲིད་དུ་སྐྱེས་ཆེན་དུ་མའི་ལུང་གིས་བཟུང་བའི་སྒྲུང་གཏེར་གུ་རུ་རྒྱལ་མཚན་གྱི་སྐུའི་མེ་ཏོག་ཀྱང་དུར་བུད་སྡེ་བའི་སྐྱེད་ཚལ་དུ་བཞད་ཅིང་། ཁོང་ཉིད་སྐུ་ན་ནར་མ་སོན་པའི་དུས་ཙ་ན་ཤིན་ཏུ་དམན་པའི་ཉམས་བཟུང་ནའང་ཕྱིས་སུ་རིགས་སད་པའི་ཚུལ་གྱིས་འཛམ་གླིང་གེ་སར་རྒྱལ་པོའི་རྟོགས་བརྗོད་ཀྱི་རི་མོ་མཐའ་དག་རིག་པའི་ཀློང་ནས་ཡོངས་སུ་བརྡོལ་ཞིང་། ལོ་འགའ་ཤས་ཀྱི་ནང་དུ་དུམ་པ་སུམ་ཅུ་ལྷག་ཕབ་ཟིན་ལ། དུམ་པ་བཅུ་ཕྲག་ལྷག་ཅིག་དངོས་སུ་དཔར་སྐྲུན་བྱས།

  1991ལོར་རྒྱལ་ཁབ་སྡེ་ཁག་ཆེ་བཞིསབླངས་ན་འཛད་མཐའ་མེད་པའི་ངག་དབང་རིག་འཛིནདང་། བྲིས་ན་འཛད་མཐའ་མེད་པའི་གུ་རུ་རྒྱལ་མཚནཞེས་པའི་མཚན་སྙན་ཀྱང་གསོལ།

  གསུམ།  གསོན་ཉམས་རང་བཞིན་གྱི་བརྒྱུད་སྒྲོག་རྣམ་པ།

མགོ་ལོག་ནི་གླིང་གི་ས་ཆ་ངོས་མ་ནོག་པ་ཞིག་ཡིན་པར་ཐམས་ཅད་ཀྱི་བསམ་བློ་གཅིག་མཐུན་ཏུ་གྲུབ་བཞིན་པའི་གནས་བབས་སུ་མཆིས་ལ། དེ་ཡང་མགོ་ལོག་གི་ས་ཆ་མང་པོ་ཞིག་སྔོན་གྱི་ལོ་རྒྱུས་ཁུངས་ཅན་དང་སྒྲུང་ཡིག་གྲགས་ཅན་སོགས་སུ་ཟིན་སྲིད་མོད། དེ་ལས་ཀྱང་ཁྱད་ཆོས་གཙོ་བོ་ཞིག་ནི་མགོ་ལོག་གི་ཡུལ་འདི་གེ་སར་རིག་གནས་ཕྱོགས་སུ་དར་བའི་གཞི་ཁུངས་གཙོ་བོ་ཞིག་ཏུ་གྱུར་ཡོད་པས་རེད། སྔོན་ས་ཆ་འདིར་གླིང་གི་སྐྱེས་རབས་རྣམ་ཐར་ལ་སྔོན་གནས་རྗེས་དྲན་གྱི་འབྲས་རྟགས་མངོན་པའི་སྒྲུང་མཁན་གྲགས་ཅན་མང་པོ་བྱོན་མྱོང་བས་དམངས་ཁྲོད་དུ་སྒྲུང་བཤད་ལེན་གྱི་ཤུགས་རྐྱེན་ཤིན་ཏུ་ཟབ་མོ་ཐེབས་ཡོད་ལ། ཁྱད་པར་མགོ་ལོག་ཏུ་དེང་གི་ཆར་ཡང་ངག་དབང་རིག་འཛིན་དང་། གུ་རུ་རྒྱལ་མཚན་སོགས་ཀྱིས་མཚོན་པའི་ཕུལ་དུ་བྱུང་བའི་གེ་སར་སྒྲུང་བ་དག་གིས་གཏེར་སྒྲུང་དང་། བབས་སྒྲུང་། བརྒྱུད་སྒྲུང་གང་རུང་གི་རྣམ་པ་ལ་བརྟེན་ནས་གེ་སར་སྒྲུང་གི་རིག་གནས་གསོན་ཉམས་དང་བཅས་བརྒྱུད་སྒྲོག་བྱེད་བཞིན་མཆིས་ཏེ།

 སྒྲུང་བ་ངག་དབང་རིག་འཛིན་མཆོག་མགོ་ལོག་དགའ་བདེ་རྫོང་གི་མི་ཡིན། ཁོང་གིས་འཛམ་གླིང་གེ་སར་རྒྱལ་པོའི་རྣམ་ཐར་ལས་རྫོང་ཁག་བརྒྱ་ལྷག་ཅིག་བཤད་ལེན་ཐུབ་ལ། ཁོང་གིས་གསུངས་བའི་སྒྲུང་ལ་ད་དུང་ཚིག་གི་སྒྲོམ་མཛེས་ཤིང་སྐད་ཀྱི་གདངས་སྙན་པ། དབྱངས་ལ་གཅོམ་ལྡན་པ་སོགས་ཀྱི་ཁྱད་ཆོས་མངའ་བས་མགོ་ལོག་སྒྲུང་གི་གཙོ་རྒྱུན་ལྟ་བུར་གྱུར་ཡོད་ལ་མགོ་ལོག་སྤྱིའི་སྒྲུང་ངག་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད། 1991ལོར་ཁོང་ལ་རྒྱལ་ཁབ་སྡེ་ཁག་ཆེ་བཞིསབླངས་ན་འཛད་མཐའ་མེད་པའི་གེ་སར་སྒྲུང་གི་སྒྱུ་རྩལ་པཞེས་པའི་མཚན་གྱིས་གཟེངས་བསྟོད།

གུ་རུ་རྒྱལ་མཚན་མཆོག་མགོ་ལོག་དགའ་བདེ་རྫོང་གི་མི་ཡིན། ཁོང་གིས་གེ་སར་རྒྱལ་པོའི་རྣམ་ཐར་ལས་རྫོང་ཁག་བརྒྱ་དང་ཉི་ཤུ་ལྷག་ཅིག་ཕབས་ཐུབ་ལ། ཁོང་གི་སྒྲུང་ལ་མི་སྣ་མང་ཞིང་། རྒྱན་གོས་སོ་སོའི་བརྗོད་པ་ཞིབ་ཕྲ་ཡིན་པ། ཚིག་ལ་བྱང་ཆ་ལྡན་ཞིང་མི་སྣ་འབྲི་བཞེངས་བྱས་པ་གསོན་ཉམས་ལྡན་པ་བཅས་ཀྱི་ཁྱད་ཆོད་ཚང་། 1991ལོར་རྒྱལ་ཁབ་ཆེ་བཞིས་ཁོང་ལབྲིས་ན་འཛད་མཐའ་མེད་པའི་གེ་སར་སྒྲུང་གི་སྒྱུ་རྩལ་བཞེས་པའི་མཚན་གྱིས་གཟེངས་སུ་བསྟོད།

མཛོད་ཚ་ཨ་བུ་དཀར་ལོ་ནི་མགོ་ལོག་དགའ་བདེ་རྫོང་གི་མི་ཡིན། ཁོང་བོད་ཀྱི་རིག་གནས་སྤྱི་ལ་མཁྱེན་རྒྱ་མི་དམན་ཞིང་ཁྱད་པར་དུ་སྐབས་བབས་དག་ཏུ་གླིང་གེ་སར་རྒྱལ་པོ་གཙོའི་པའི་དཔའ་ཐུལ་སུམ་ཅུའི་ཞལ་ཐང་འབྲི་བཞེངས་བྱེད་ལ་མཁན་པ་དང་།  ཁོང་གིས་བཞེངས་བའི་ལྷ་ལ་ཐིག་རྩ་ཞིབ་ཕྲ་ལྡན་ཞིང་མི་སྣའི་ཉམས་འགྱུར་གསལ་བ་བཅས་ཀྱི་ཁྱད་ཆོས་ལྡན། རྒྱལ་ཡོངས་གེ་སར་རིག་གནས་འགོ་ཁྲིད་ཚན་ཆུང་གིས་ཁོང་ལབཟོས་ན་འཛད་མཐའ་མེད་པའི་གེ་སར་ཐང་ཁའི་རྒྱུ་རྩལ་བཞེས་པའི་མཚན་སྙན་གསོལ།

ཐུབ་བསྟན་དར་རྒྱས་མཆོག་ནི་མགོ་ལོག་དགའ་བདེ་རྫོང་གི་མི་ཡིན། རྒྱལ་ཡོངས་གེ་སར་རིག་གནས་འགོ་ཁྲིད་ཚན་ཆུང་གིས་ཁོང་ལབཏོན་ན་འཛད་མཐའ་མེད་པའི་གེ་སར་གཏེར་སྟོན་རྒྱུ་རྩལ་བ་ཞེས་པའི་མཚན་སྙན་གསོལ། ཁོང་གིས་ད་སྔོན་ཡན་ལ་གེ་སར་རིག་གནས་དང་འབྲེལ་བ་ཡོད་པའི་གཏེར་སྣ་སུམ་ཅུ་ཙམ་བཏོན་ཡོད།

བསྟན་འཛིན་གྲགས་པ་མཆོག་ནི་མགོ་ལོག་གཅིག་སྒྲིལ་རྫོང་གི་མི་ཡིན། ཁོང་ཤེས་རྣམ་རང་བཞིན་གྱི་གེ་སར་སྒྱུ་རྩལ་པར་བསྔགས་ལ། ཁོང་གིས་བརྩོམ་བཞེངས་བྱས་པའི་སྒྲུང་ལ་བརྗོད་བྱ་རྒྱ་ཆེ་ཞིང་། རྒྱུ་ཆ་སྣ་མང་བ། རྫོང་ཁག་གྲངས་མོད་པ་བཅས་ཀྱི་ཁྱད་ཆོས་ལྡན་ལ།

ཁོང་གི་སྒྲུང་གླིང་གི་གདོང་སྲས་མཆེད་བརྒྱད་བཀྲ་ཤིས་རྟགས་བརྒྱད་ཀྱིས་མཚན་པར་བྱས་པའི་གཏམ་རྒྱུད་ཀྱི་ཁོག་དྲངས་ཏེ་རྫོང་ཁག་བརྒྱ་དང་བཅོ་བརྒྱད་དང་། ད་དུང་སྒྲུབ་པ་ཉམས་ལེན་གྱི་སྐོར། དམངས་གླུའི་སྐོར་གྱི་བརྗོད་བྱའང་འདུའོ།

      བཞི།   ཁྱད་ཆོས་ཐུན་མིན་གྱི་གེ་སར་རིག་གནས་རྟེན་གཞི།

      ཡུལ་མགོ་ལོག་གི་ས་ཁུལ་ལ་གེ་སར་རིག་གནས་ཕུན་སུམ་ཚོགས་པོ་ཞིག་མཆིས་པས་གེ་སར་རིག་གནས་བརྒྱུད་སྤེལ་བྱེད་པའི་རྟེན་གཞིའང་སྣ་ཚོགས་སུ་མཆིས།

     མགོ་ལོག་རྫོང་ཁག་དྲུག་ཏུ་གེ་སར་ཕོ་བྲང་སེང་ཕྲུག་སྟག་རྩེས་མཚོན་པའི་རིག་གནས་ རྟེན་གཞི་མང་པོ་བཙུགས་ཡོད་པའང་ཐམས་ཅད་ས་གནས་རང་གི་རིག་གནས་ཁྱད་ཆོས་ཀྱི་སྲོག་ཤིང་ལྟ་བུར་གྱུར་བའི་གེ་སར་རིག་གནས་དཀྱིལ་སྙིང་བྱས་པ་ཤ་སྟག་ཏུ་ངེས་ལ་དེ་ཡང་ གེ་སར་རྒྱལ་པོ་དང་དཔའ་ཐུལ་སུམ་ཅུའི་སྐུ་འདྲ་དང་། གོས་ཐང་གྱད་ཐང་བཞེངས་བ། དེ་འབྲེལ་གྱི་རིག་རྫས་ཉར་བསྡུ་བྱེད་པ། གེ་སར་གྱི་གར་འཆམ་པ། གེ་སར་གྱི་བསང་ཕུད་པ་སོགས་ཀྱི་ཁྱད་ཆོས་གཞིར་བཟུང་སྟེ་སྤེལ་བ་ཞིག་ཡིན་སྟབས་མཐར་གཏུག་ནས་བརྗོད་ན་འཛམ་གླིང་གེ་སར་རྒྱལ་པོའི་རིག་གནས་ལ་རྗེས་དྲན་དང་འཛམ་གླིང་གེ་སར་རྒྱལ་པོའི་རིག་གནས་ལ་ཞིབ་འཇུག་བྱེད་པ་སོགས་ཀྱི་ཁྱད་ཆོས་ཁྱོས་ཐུན་མིན་གྱི་རྣམ་པ་ལ་བསྟེན་པ་འབའ་ཞིག་གོ།

    1. ཕོ་བྲང་སེང་འབྲུག་སྟག་རྩེ་། ཕོ་བྲང་སེང་འབྲུག་སྟག་རྩེ་ནི་སྔོན་གྱི་ལོ་རྒྱུས་ཁུངས་ལུང་གཞིར་བཟུང་སྟེ་དར་ལག་རྫོང་ཁྲ་གླིང་དགོན་གྱི་ཉེ་སར་རྨ་ཆུའི་འགྲམས་ཀྱི་རྨ་ས་དང་པོའི་ས་མིག་ཏུ་བཞེངས་ཡོད་ལ། ནང་དུ་དཔའ་ཐུས་སུའི་འབག་སྐུ་དང་གོས་ཐང་གྱད་ཐང་། ད་དུང་གེ་སར་དང་འབྲེལ་བའི་རིག་དངོས་འགངས་ཆེན་སུམ་བརྒྱ་ལྷག་འགྲེམས་བཤམས་བྱས་ཡོད། ལོ་རེའི་བོད་རྩིས་ཀྱི་ཟླ་ལྔ་བའི་ཚེས་བཅུ་ལ་གེ་སར་སྒྲུབ་མཆོད་ཆེན་མོ་ཚོགས་པའི་སྲོལ་ཡོད།

    2. རྨ་ཡུལ་གེ་སར་རིག་གནས་དཀྱིལ་ཚིགས། རྨ་ཡུལ་གེ་སར་རིག་གནས་དཀྱིལ་ཚིགས་ནི་མགོ་ལོག་དགའ་བདེ་རྫོང་ལུང་སྔོན་གྱི་དགོན་བདག་བླ་མ་པད་མ་གཏུམ་པོས་བསྒྲུབ་འཛུགས་བྱས་ཤིང་། དེ་རུ་ཙན་ཏན་ལས་བཞོགས་པའི་གླིང་གི་དཔའ་ཐུས་སུམ་ཅུ་དང་གེ་སར་རྒྱལ་པོའི་ཟངས་སྐུ། གཞན་འབག་སྐུ་གྱད་ཐང་སོགས་རྒྱུ་ནོར་སྟོབས་འབྱོར་གྱི་བསོད་ནམས་དང་བཅས་པའི་རྒྱུ་རྩལ་གྱི་བཟོ་ཆོས་མང་པོ་དང་། གེ་སར་གྱི་སྐུ་འདྲ་གཙོས་པའི་རིག་རྫས་རྩ་ཆེན་བཞི་བརྒྱ་ལྷག་བཞུགས་ཡོད། ལོ་རེའི་བོད་ཟླ་གསུམ་པའི་ཚེས་བཅུ་གེ་སར་གྱི་རྣམ་ཐར་འཆམ་པའི་སྲོལ་ཡོད།

    3. ངྷི་མདའ་གེ་སར་རྒྱུ་རྩལ་ཕོ་བྲང་། ངྷི་མདའ་གེ་སར་རྒྱུ་རྩལ་ཕོ་བྲང་ནི་མགོ་ལོག་པད་མ་རྫོང་ངྷི་མདའ་དགོན་གྱི་དགོན་བདག་བླ་མ་རྟ་མགྲིན་དང་ཀར་དབང་རྡོ་རྗེ་ཡབ་སྲས་ཀྱིས་བཞེངས་ཤིང་། ནང་རྟེན་དུ་གླིང་གི་ཡང་ཐུལ་དམ་པའི་མི་བདུན་གྱི་འབག་སྐུ་དང་གྱད་ཐང་སོགས་བཞུགས་ལ། ལོ་རེའི་བོད་ཟླ་དང་པོའི་ཚེས་བཅུ་གཅིག་ལ་གེ་སར་གྱི་འཆམ་འཆམས་ཤིང་བསང་འཕུད་སྲོལ་ཡོད།

   4. རྨ་སྟོད་ག་འུ་གསེར་རྫོང་། རྨ་སྟོད་ག་འུ་གསེར་རྫོང་ནི་རྨ་སྟོད་བླ་མ་ཐང་རིས་བྱ་བས་བཞེངས་ཤིང་ནང་རྟེན་དུ་གླིང་གི་གྲུབ་ཆེན་བརྒྱ་ཅུའི་ཟངས་སྐུ་དང་གེ་སར་གྱི་རིག་རྫས་སོགས་བཞུགས།

   5. གླིང་རི་པདྨ་འབུམ་རྫོང་། གླིང་རི་པདྨ་འབུམ་རྫོང་ནི་རྨ་ཆེན་གངས་རིའི་ཞལ་མཐོང་བའི་སར་ཁུལ་སྲིད་གཞུང་གིས་རྩ་འཛུགས་བྱས་ཏེ་བཞེངས་བ་ཞིག་ཡིན་ལ། ནང་དུ་གེ་སར་གྱི་ཐང་ཁ་སོགས་བཞུགས།

    6. མདོ་གོང་མའི་གེ་སར་ཕོ་བྲང་། མདོ་གོང་མའི་གེ་སར་ཕོ་བྲང་ནི་པདྨ་རྫོང་གི་མདོ་གོང་མ་དགོན་དུ་བཞེངས་ཡོད་ལ། ནང་རྟེན་དུ་གེ་སར་རྒྱལ་པོ་གཙོ་བྱས་ཀྱི་དཔའ་ཐུལ་སུམ་ཅུའི་འབག་སྐུ་བཞུགས། ལོ་རེའི་བོད་ཟླའི་ཚེས་བཅོ་ལྔ་དང་གཞན་པའི་ཆོས་ཚོགས་ཆེན་པོའི་སྐབས་སུ་གེ་སར་གྱི་རྣམ་ཐར་འཆམ་པའི་སྲོལ་ཡོད།

     ལྔ།  མཚོན་བྱ་གཏིང་ཟབ་ཀྱི་གེ་སར་རིག་གནས་རྣམ་པ།

     མགོ་ལོག་གེ་སར་རིག་གནས་འདི་ཁྱད་ཆོས་གཙོ་བོ་དྲུག་ལས་གྲུབ་པ་ཞིག་ཡིན།

    གཅིག་ནི། གེ་སར་བརྒྱུད་བསྒྲག་གསོན་རྣམ་ཅན་གྱི་རིག་གནས་རྣམ་པ་སྟེ། མགོ་ལོག་དགའ་བདེ་རྫོང་གི་དུར་བུད་གེ་སར་སྙན་ངག་གྲོང་ཚོ་སྲོག་ཤིང་དུ་གྱུར་ཞིང་། རྒྱལ་ཁབ་སྡེ་ཁག་ཆེ་བཞིསབཤད་ན་མི་འཛད་པདངབྲིས་ན་མི་འཛད་པའིམཚན་སྙན་གསོལ་བའི་སྒྲུང་བ་དང་། རྒྱལ་ཡོངས་གེ་སར་གཞུང་ལས་ཁང་གིསབཞེངས་མི་འཛད་པདང་། བཏོན་མི་འཛད་པའིམཚན་སྙན་ཕུལ་བའི་ལྷ་བཟོ་དང་གཏེར་འདོན་མཁན་ནང་དུ་འདུ་བའི་རྣམ་པ་མི་འདྲ་བའི་ཚུལ་ལུགས་ལས་གེ་སར་རིག་གནས་བརྒྱུད་བསྒྲག་བྱེད་ཀྱིན་མཆིས་ལ། དེའི་སྲུང་སྐྱོབ་དཀྱིལ་ཚིགས་ནི་དགའ་བདེ་རྫོང་དུར་བུད་གེ་སར་གྲོང་ཚོ་ཡིན།

     གཉིས་ནི། གེ་སར་བླ་རི་བླ་མཚོ་བསྟོད་པའི་རིག་གནས་རྣམ་པ་སྟེ། སྲིད་པའི་ཟོ་དོར་རྨ་རྒྱལ་སྦོམ་ར་སྲོག་ཤིང་དུ་གྱུར་ཞིང་། གཅིག་སྒྲིལ་རྫོང་ཁོངས་ཀྱི་རྒྱལ་ཁབ་ས་གཤིས་སྤྱི་གླིང་དུ་བསྔགས་པའི་གཉན་པོ་གཡུ་རྩེ་དང་། རྨ་ཀླུང་ཕྱུག་མོའི་མགོ་ཁུངས་ཀྱི་མཚོ་སྐྱ་རེངས་དང་སྔོ་རེངས་ནང་དུ་འདུ་བའི་གེ་སར་བླ་རི་བླ་མཚོ་སྟོང་ཕྲག་ལྷག་ལ་མཆོད་བསྟོད་བྱེད་པ་དང་བོད་ཟླ་ལྔ་བའི་ཚེས་བཅུ་གཙོ་བྱས་ཀྱི་གེ་སར་རིག་གནས་བྱེད་སྒོ་སྤེལ་བའི་རྣམ་པ་ཞིག་ཡིན་ལ། དེའི་སྲུང་སྐྱོབ་དཀྱིལ་ཚིགས་ནི་ཨ་མྱེ་རྨ་རྒྱལ་སྦོམ་རའི་བསང་ཁྲི་ཡིན།

     གསུམ་ནི། གེ་སར་ལ་རྗེས་དྲན་བྱེད་པའི་རིག་གནས་རྣམ་པ་སྟེ། མགོ་ལོག་དར་ལག་རྫོང་གི་སེང་འབྲུག་སྟག་རྩེ་སྲོག་ཤིང་དུ་གྱུར་ཞིང་། དགའ་བདེ་རྫོང་ལུང་སྔོན་གྱི་གེ་སར་གནད་དཀྱིལ་ཚིགས་དང་། རྨ་ཆེན་རྫོང་གི་གླིང་རི་པད་མ་འབུམ་རྫོང་། པདྨ་རྫོང་ངྷི་མདའ་དགོན་གེ་སར་རྒྱུ་རྩལ་ཕོ་བྲང་། པདྨ་རྫོང་མདོ་གོང་མའི་གེ་སར་ཕོ་བྲང་། རྨ་སྟོད་རྫོང་ག་འུ་གསེར་རྫོང་བཅས་ཀྱི་རྗེས་དྲན་ཁང་དང་རྗེས་དྲན་བྱེད་སྒོ་དག་ནང་དུ་འདུ་ལ། དེའི་སྲུང་སྐྱོབ་དཀྱིལ་ཚིགས་ནི་དར་ལག་རྫོང་ཕོ་བྲང་སེང་འབྲུག་སྟག་རྩེ་ཡིན།

    བཞི་ནི། གེ་སར་ལ་དད་པ་བྱེད་པའི་རིག་གནས་རྣམ་པ་སྟེ།  གསང་སྔགས་རྙིང་མ་བ་གཙོ་བྱས་ཀྱི་དགོན་སྡེ་རྣམས་ཀྱིས་གླིང་གེ་སར་རྒྱལ་བོ་དང་དཔའ་ཐུལ་རྣམ་ནི་རྒྱ་གར་གྱི་གྲུབ་ཆེན་བརྒྱ་ཅུ་དག་བོད་ཀྱི་སེམས་ཅན་གྱི་འགྲོ་དོན་ལ་དྲག་པོ་དམག་གི་ལས་སུ་ཞུགས་པའི་ཚུལ་མཛད་པར་ཡིད་རྟོན་དག་སྣང་སླད་མེད་བྱེད་ཀྱི་ཡོད་ལ། དེ་འབྲེལ་གྱི་གེ་སར་ལ་དད་པ་བྱེད་པའི་ཆོས་ལུགས་བྱེད་སྒོའི་རིག་གནས་ཀྱང་མགོ་ལོག་ལ་དར་ཁྱབ་ཤིན་ཏུ་ཆེ།

     ལྔ་ནི། གེ་སར་རིག་གནས་འཚོ་བའི་གོམས་སྲོལ་དུ་གྱུར་བའི་རིག་གནས་རྣམ་པ་སྟེ། མགོ་ལོག་དམངས་ཁྲོད་འཚོ་བའི་གོམས་སྲོལ་སྲོག་ཤིང་གྱུར་ཞིང་། དགའ་སྟོན་གླུ་ལེན་སྐབས་སུ་གེ་སར་དང་། དོན་ངོ་ལམ་ལྷའི་སྐབས་སུ་གེ་སར། གསོལ་འདེབས་སྨོན་ལམ་སྐབས་སུ་གེ་སར། དཔེ་ལེན་དཔེ་འཇོག་སྐབས་སུ་གེ་སར་སོགས་གེ་སར་རིག་གནས་ནི་མགོ་ལོག་འཚོ་བའི་གོམས་སྲོལ་གྱི་དཀྱུས་སུ་ཟིན་ཡོད་པ་ཞིག་རེད།

     དྲུག་ནི། ཀུན་ནས་དར་བའི་གེ་སར་འཆམ་གྱི་རིག་གནས་རྣམ་པ་སྟེ། མགོ་ལོག་དགའ་བདེ་རྫོང་དང་གཅིག་སྒྲིལ་རྫོང་གཉིས(ཉིས་སྟོང་བརྒྱད་ལོར་རེབས་དང་པོའི་རྒྱལ་ཁབ་རིམ་པའི་དངོས་མིན་རིག་གནས་ཤུལ་བཞགས་ཀྱི་མིང་བྱང་དུ་ཁ་སྣོན་བྱས)ཀྱི་རྟ་འཆམ་སྲོག་ཤིང་དུ་བཟུང་ཞིང་། པདྨ་རྫོང་གྲུབ་ཆེན་གྱི་རྣམ་ཐར་ཚོགས་པ་གཙོས་པའི་ཚོགས་པ་ཉི་ཤུ་ལྷག་གི་འཁྲབ་སྟོན་འདུ་ལ། སྲུང་སྐྱོབ་དཀྱིལ་ཚིགས་ནི་གེ་སར་རྟ་འཆམ་དང་པདྨ་རྫོང་གི་འཆམ་ཡིན།

    དྲུག  རྣམ་པ་ཕུན་སུམས་ཚོགས་པའི་གེ་སར་རིག་གནས་བྱེད་སྒོ།

    མགོ་ལོག་ས་ཁུལ་གྱི་གེ་སར་རིག་གནས་བྱེད་སྒོ་དེ་མཚོན་བྱེད་ཀྱི་རྣམ་པ་དང་བྱེད་སྒོའི་ནང་དོན་ལ་ལྟོས་ཏེ་ཆོས་ལུགས་རིག་གནས་བྱེད་སྒོ་དང་། སྤྲོ་རྩེད་རིག་གནས་བྱེད་སྒོ། རྩལ་འགྲན་རིག་གནས་བྱེད་སྒོ་བཅས་རྣམ་པ་གསུམ་ཙམ་དུ་འདུས་ཏེ།

  (གཅིག)ཆོས་ལུགས་རིག་གནས་ཀྱི་བྱེད་སྒོ་སྟེ་མགོ་ལོག་ས་ཁུལ་ལ་མཚོན་ན་ལོ་གསར་ཚེས་སུམ་ཅུ་དང་། ལོ་གསར་གྱི་བཅོ་ལྔ། ཚེས་བཅུ་སོགས་ཀྱི་སྐབས་གེ་སར་དང་འབྲེལ་གྱི་ཆོས་ཀྱི་བྱེད་སྒོ་རྒྱ་ཆེན་པོ་སྤེལ་ལ། དཔེར་ན། བོད་ཟླ་དྲུག་པའི་ཚེས་བཞི་ཉིན་འདི་མགོ་ལོག་པས་འཛམ་གླིང་སྤྱི་བསང་ཞེས་པར་ངོས་འཛིན་གྱི་ཡོད་ལ། དེ་ཉིན་ས་གནས་སོ་སོས་མ་གྲོས་རང་མཐུན་གྱིས་ལྷ་བསང་ཆེན་མོའི་འདུ་འགོད་ལ་རོལ། བསང་གསོལ་གྱི་ནང་དོན་གཙོ་བོའང་འཛམ་གླིང་གེ་སར་རྒྱལ་པོ། ཨ་མྱེ་རྨ་རྒྱལ་སྦོམ་ར། རྨ་སྟོད་ཀྱི་རྩེ་ལྷ་བཅུ་གསུམ། རྨ་སྨད་ཀྱི་མཐོན་པོ་དགུ་སྒྲིལ་སོགས་བྱེད། དགོན་པ་སོ་སོས་ཀྱང་བསང་ཆེན་འཕུད་པ་དང་གེ་སར་གྱི་རྣམ་ཐར་འཁྲབ་པ་སོགས་བྱེད། སྡེ་བ་སོ་སོས་ད་དུང་དེ་རྗེས་ཀྱི་ཉིན་དྲུག་བདུན་ཙམ་ལ་རི་བསང་ཞེས་རང་རང་ཡུལ་སྡེས་ཉེ་བར་བསྟེན་པའི་ཡུལ་ལྷ་གཞི་བདག་སོགས་སྒོས་སུ་བསང་གསོལ་བྱེད་ལ་རྟ་རྒྱུག་རྩེད་མོའི་བྱེད་སྒོ་ཡང་སྤེལ།

  (གཉིས)སྤྲོ་རྩེད་རིག་གནས་ཀྱི་བྱེད་སྒོ་སྟེ། མགོ་ལོག་ས་ཁུལ་གྱི་གེ་སར་སྤྲོ་རྩེད་རིག་གནས་ཀྱི་རྣམ་པ་མཚོན་སྟངས་ལའང་རྣམ་ཐར་བཤད་ལེན་བྱེད་པ་དང་རྣམ་ཐར་ཟློས་གར་དུ་འཁྲབ་པའི་རྣམ་པ་གཉིས་སུ་འདུ། མགོ་ལོག་ས་ཁུལ་ལ་གེ་སར་རིག་གནས་དར་ཁྱབ་ཤིན་ཏུ་ཆེ་ལ། དེ་ཡང་ས་ཁུལ་ཡོངས་སུ་ད་སྔོན་ཀྱང་གེ་སར་ཁྲབ་སྟོན་ཚོགས་པ་ཆེ་ཆུང་ཉི་ཤུ་རྩ་བཞིར་སོན་པ་འདིས་ཀྱང་གསལ་བཤད་ཐུབ་ལ། ཁྱད་པར་དུ་མགོ་ལོག་གི་གེ་སར་རྟ་འཆམ་ནི་སྔོན་བོད་ཀྱི་སྲོལ་རྒྱུན་གར་སྟེགས་ཟློས་གར་གྱིས་མཚོན་ཐབས་ལས་ཡོངས་སུ་བརྒལ་ཞིང་གསར་གཏོད་རང་བཞིན་ལྡན་པའི་ཁྲབ་སྟོན་རྣམ་པ་ཞིག་ཏུ་གྱུར་ཡོད་གཤིས་མིག་སྔར་ལ་མཚོན་ན་ཐུན་མོང་མིན་པའི་ཁྱད་ཆོས་དང་ལྡན་ནོ། མགོ་ལོག་རྟ་འཆམ་གྱིས་བོད་གནའ་བོའི་རྩོམ་རིག་དང་། རོལ་དབྱངས། ཞབས་བྲོ། ལྷ་བཟོ། སྐྱ་རྩལ་བཅས་དཀྱུས་གཅིག་ཏུ་བསྡུས་པའི་རྣམ་པ་ལ་བརྟེན་ཏེ་འཁྲབ་སྟོན་བྱས་པས་སྔོན་གྱི་ལོ་རྒྱུས་དག་ཏུ་འཁོད་པའི་ཡུལ་ཁམས་དང་གཏམ་རྒྱུད་རིམ་རྣམས་དངོས་སུ་མཐོང་བ་ལྟ་བུའི་ཚོར་འདུ་བསླངས་ནུས་ལ།རྟ་འཆམ་ཟློས་གར་མགོ་ལོག་གི་ཟླ་བརྒྱ་པ་དང་བདུན་པའི་དུས་ཚིགས་དག་ལ་བསྟུན་ནས་སྲིད་གཞུང་དང་དགོན་སྡེ་སོ་སོས་ལྟད་མོ་པར་སྲི་ཞུ་བསྒྲུབ་པ་ཁོ་ནས་འཁྲབ་སྟོན་འགོ་འདུ་བྱེད་སྲིད་པས་སྐུ་ཉིད་གལ་ཏེ་མོས་བློ་འདྲ་མཆིས་ན་ལྟད་མོར་ཐེངས་གཅིག་ཕེབས་དང་ངེས་པ་ཞིག་སྙེད་རྒྱུ་སྙམ་མོ།

(གསུམ)རྩལ་འགྲན་རིག་གནས་ཀྱི་བྱེད་སྒོ་སྟེ། དེ་ནི་གེ་སར་ལོ་རྒྱུས་སྙན་ངག་ཏུ་མཚོན་པའི་རྟ་གཤིབ་དང་།མདའ་འཕེན། གྱད་འགྲན། གླང་ཆེན་ས་གཤག རྒྱུག་འགྲན། འཇུ་རེས་སོགས་ལས་རྩལ་གྱི་ཆ་ལ་འབྲེལ་བའི་འགྲན་བསྡུར་དག་ལ་བྱ་ཞིང་། བྱེད་སྒོ་འདི་རིགས་དུས་སྟོན་དང་འདུ་ཚོགས་ཆེན་མོའི་སྐབས་སུ་བསྟུན་ཏེ་སྤེལ་ཞིང་། གོམས་སྲོལ་འདི་རིགས་གནའ་ནས་ད་བར་དུ་རྒྱུན་བརྐྱངས་བ་ཡིན་སྟབས་མགོ་ལོག་འཚོ་བའི་ཁྲོད་ལ་གོ་གནས་ངེས་ཅན་ཞིག་བཟུང་ཡོད་པ་རེད། མགོ་ལོག་ནི་འཛམ་གླིང་གེ་སར་རྒྱལ་པོས་རྟ་རྒྱུག་གི་གསེར་ཁྲི་གནོན་པའི་གནས་ཡུལ་ཁྱད་པར་ཅན་དེ་ཡིན་པས་རྟ་རྩལ་འགྲན་པ་ནི་རྫོང་དང་ཡུལ་ཚོ། སྡེ་བ་དང་ཁྱིམ་ཁག  ཐ་ན་མི་སྒེར་གྱི་ཁ་ལས་རླུང་རྟ་དང་དགེ་མཚན་སྙན་གྲགས་འགྲན་པ་ཞིག་ཡིན་གཤིས་ནམ་རྒྱུན་བྱེད་སྒོ་དེ་རིགས་ཁྲོད་རྒྱལ་ཁ་ལོན་པའི་ཆེད་དུ་རིན་གོང་ཆེན་པོ་བྱིན་ཏེ་རྒྱུག་རྟ་དང་གོམ་རྟ་ཉོ་བ། ཡུལ་ལྷ་གཞི་བདག་ལ་བསང་གསོལ་བྱེད་པ་སོགས་ལྟ་གོན་རྒྱ་ཆེན་པོའི་ལས་སུ་ཞུགས་ཀྱིན་ཡོད།

      བདུན།  མིང་དོན་ཉིས་མཚུངས་ཀྱི་གེ་སར་ཞིབ་འཇུག་དཔུང་སྡེ།

མགོ་ལོག་གེ་སར་གྱི་ཕ་ཡུལ་ལམ་གེ་སར་སྒྲུང་གི་དར་ཡུལ་གཙོ་བོ་ཞིག་ཏུ་གྱུར་ཡོད་ཕྱིན་མགོ་ལོག་གི་མི་མང་པོ་ཞིག་གེ་སར་སྒྲུང་གི་མི་སྣ་གཙོ་བོ་དག་དང་དེའི་ལོ་རྒྱུས་བྱུང་རིམ་ལ་གཞན་རྣམས་ལྟ་བུར་ཆེད་དུ་དཔེ་ཀློག་ཞིབ་འཇུག་གི་ངལ་བརྟེན་མི་དགོས་པར་ཕ་མ་དང་རྒན་རབས་པ་དག་གི་ངག་ལས་གསལ་བོར་ངེས་ཡོད་ཕྱིར་ན་མིང་དོན་ཉིས་མཚུངས་ཀྱི་གེ་སར་ཞིབ་འཇུག་གི་དཔུང་སྡེ་ཞིག་གྲུབ་ཡོད་ཅེས་པའང་བབ་བཅོལ་དུ་སྨྲས་པ་ཙམ་མ་ཡིན་ནོ།

ལྡོང་ནོར་སྡེ། ཞིབ་འཇུག་གཞོན་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དམིགས་བསལ་ཕོགས་སྣོན་ལེན་མཁན་གྱི་རྒྱལ་ཁབ་རིམ་པའི་ཆེད་མཁས་པ། ད་ལྟ་རྒྱལ་ཡོངས་གེ་སར་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཁོངས་མི་དང་། མཚོ་སྔོན་ཞིང་ཆེན་གེ་སར་བྱ་བའི་འགོ་ཁྲིད་ཚན་ཆུང་གི་གྲུང་མི། མཚོ་སྔོན་ཞིང་ཆེན་གེ་སར་མཉམ་ཚོགས་ཀྱི་ཚོགས་གཙོ་གཞོན་པ། མགོ་ལོག་གེ་སར་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་བཅས་ཡིན་ལ། སྐབས་སུ་མགོ་ལོག་ཁུལ་དམངས་ཆེན་གཙོ་འགན་གཞོན་པ་དང་མགོ་ལོག་གེ་སར་ཞིབ་འཇུག་ཁང་གི་གཙོ་འགན་བཅས་བཞེས་ཡོད། ཁོང་གིས་དུས་ཡུན་རིང་བོར་མགོ་ལོག་གེ་སར་ཞིབ་འཇུག་དང་སྲུང་སྐྱོབ་སྐོར་གྱི་ཕྱག་ལས་གནང་ཞིང་། སྔ་གཞུག་ཏུ་སྒྲུང་རྩོམ་དང་སྙན་ངག གཞུང་དཔྱད་རྩོམ། གེ་སར་ཞིབ་འཇུག་དཔྱད་རྩོམ་སོགས་240ལྷག་སྤེལ།

       བསྟན་པའི་ཉི་མ། མགོ་ལོག་དར་ལག་རྫོང་སྲིད་གྲོས་ཀྲུའུ་ཞི་གཞོན་པ། ཁྲ་གླིང་དགོན་གྱི་དགོན་བདག་བླ་མ་བཅས་བཞེས། ཁོང་གིས་ཕྱག་འདེབས་མཛད་པའི་ཕོ་བྲང་སེང་འབྲུག་སྟག་རྩེ་ལ་རྒྱལ་ཁབ་སྡེ་ཁག་ཆེ་བཞིས་གེ་སར་ཞིབ་འཇུག་རིག་གཞུང་ས་ཚིགས་ཀྱི་གྲས་ཞེས་མཚན་གསོལ། གེ་སར་སྐོར་གྱི་དཔྱད་བརྗོད་ཞལ་རྩོམ་སོགས་མང་པོ་བཞུགས།

པདྨ་གཏུམ་པོ། མགོ་ལོག་དགའ་བདེ་རྫོང་ལུང་སྔོན་དགོན་གྱི་དགོན་བདག་བླ་མ། ཁོང་གིས་ཕྱག་འདེབས་མཛད་པའི་རྨ་ཡུལ་གེ་སར་རིག་གནས་དཀྱིལ་ཚིགས་ལ་རྒྱལ་ཁབ་སྡེ་ཁག་ཆེ་བཞིས་གེ་སར་ཞིབ་འཇུག་རིག་གཞུང་ས་ཚིགས་ཀྱི་གྲས་ཞེས་མཚན་གསོལ། ཁོང་ལ་གེ་སར་བསྒྲུབ་ཐབས་དང་དཔྱད་པ་སོགས་མང་པོ་བཞུགས།

འཇུ་སྐལ་བཟང་། མགོ་ལོག་ཁུལ་བོད་སྐད་ཡིག་ལས་བྱ་བའི་གཞུང་གི་འགོ་གཙོ་དང་ཞུས་ཆེན་པ། མཚོ་སྔོན་ཞིང་ཆེན་རྩོམ་པ་པོ་མཐུན་ཚོགས་ཀྱི་ཀྲུའུ་ཞི་དང་མཚོ་སྔོན་ཞིང་ཆེན་མི་རིགས་སྐད་ཡིག་བྱ་བ་མཁན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་གཅིག་ལྕོགས་ཀྱི་འགན་བཞེས་ཡོད། སྔ་གཞུགས་སུ་རྒྱལ་ཕྱི་ནང་གི་ཚགས་པར་དང་དུས་དེབ་སོགས་སུ་སྙན་ངག་དང་དཔྱད་རྩོམ་སོགས་སུམ་བརྒྱ་ལ་ཉེ་བ་སྤེལ།

སྤྲུལ་ཧུང་དཀར་རྡོ་རྗེ། ལུང་སྔོན་དགོན་གྱི་དགོན་བདག་བླ་མ་དང་རྨ་ཡུལ་གེ་སར་རིག་གནས་དཀྱིལ་ཚིགས་ཀྱི་གཙོ་འགན་བཞེས་ཡོད། གེ་སར་གྱི་བསྒྲུབ་པའི་སྐོར་དང་འབྲེལ་ཡོད་ཀྱི་དཔྱད་རྩོམ་དུ་མ་བཞུགས།

ལྡོང་ཚ་ཨོ་རྒྱན་བསོད་ནམས། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་བོད་ཡིག་སློབ་འབྲིང་གི་དགེ་རྒན་ཆེན་མོ་དང་ལུང་སྔོན་དགོན་རྨ་ཡུལ་གེ་སར་རིག་གནས་དཀྱིལ་ཚིགས་ཁུངས་མིའང་ཡིན།

བློ་བཟང་ཆོས་རྗེ། དགའ་བདེ་ལུང་སྔོན་དགོན་གྱི་བླ་མ་དང་རྨ་ཡུལ་གེ་སར་རིག་གནས་དཀྱིལ་ཚིགས་ཀྱི་འཆམ་ཁྲིད་པ། རྩོམ་གྱི་སྐོར་ལ་གེ་སར་གྱི་བྱུང་བ་བརྗོད་པ་ཚིགས་བཅད་མ་ཞེས་པ་དང་འཁྲབ་གཞུང་གི་སྐོར་སོགས་བཞུགས།

སྤྲུལ་ལྷ་འཚམ། མགོ་ལོག་པདྨ་རྫོང་སྲིད་གྲོས་ཀྲུའུ་ཞི་གཞོན་པ་དང་མདོ་གོང་མ་དགོན་གྱི་དགོན་བདག་ཁུར་ཡོད། གེ་སར་སྐོར་གྱི་བསྟོད་ཚོགས་དང་དཔྱད་པ་སོགས་བཞུགས།

མཚོ་སྐྱེས་རྡོ་རྗེ། མགོ་ལོག་ཁུལ་སློབ་ཁྲིད་ཞིབ་འཇུག་ཁང་གི་གཙོ་འགན་པ་དང་སློབ་འབྲིང་དགེ་རྒན་ཆེན་མོའི་འགན་ཁུར་ཡོད། སྔ་གཞུག་ཏུ་ཞིང་ཆེན་ཕྱི་ནང་གི་དུས་དེབ་ཚགས་པར་དུ་སྙན་ངག་དང་དཔྱད་རྩོམ་སོགས་བརྒྱ་ཅུ་ལྷག་སྤེལ་ཞིང་། སྙན་རྩོམ་འགའ་ཤས་སློབ་གྲ་ཆེན་མོའི་བསླབ་དེབ་ཏུ་འདམས། །

ྒྱལ་ཡོངས་གེ་སར་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཁོངས་མི་དང་། མཚོ་སྔོན་ཞིང་ཆེན་གེ་སར་བྱ་བའི་འགོ་ཁྲིད་ཚན་ཆུང་གི་གྲུང་མི། མཚོ་སྔོན་ཞིང་ཆེན་གེ་སར་མཉམ་ཚོགས་ཀྱི་ཚོགས་གཙོ་གཞོན་པ། མགོ་ལོག་གེ་སར་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་བཅས་ཡིན་ལ། སྐབས་སུ་མགོ་ལོག་ཁུལ་དམངས་ཆེན་གཙོ་འགན་གཞོན་པ་དང་མགོ་ལོག་གེ་སར་ཞིབ་འཇུག་ཁང་གི་གཙོ་འགན་བཅས་བཞེས་ཡོད། ཁོང་གིས་དུས་ཡུན་རིང་བོར་མགོ་ལོག་གེ་སར་ཞིབ་འཇུག་དང་སྲུང་སྐྱོབ་སྐོར་གྱི་ཕྱག་ལས་གནང་ཞིང་། སྔ་གཞུག་ཏུ་སྒྲུང་རྩོམ་དང་སྙན་ངག གཞུང་དཔྱད་རྩོམ། གེ་སར་ཞིབ་འཇུག་དཔྱད་རྩོམ་སོགས་240ལྷག་སྤེལ།


       བསྟན་པའི་ཉི་མ། མགོ་ལོག་དར་ལག་རྫོང་སྲིད་གྲོས་ཀྲུའུ་ཞི་གཞོན་པ། ཁྲ་གླིང་དགོན་གྱི་དགོན་བདག་བླ་མ་བཅས་བཞེས། ཁོང་གིས་ཕྱག་འདེབས་མཛད་པའི་ཕོ་བྲང་སེང་འབྲུག་སྟག་རྩེ་ལ་རྒྱལ་ཁབ་སྡེ་ཁག་ཆེ་བཞིས་གེ་སར་ཞིབ་འཇུག་རིག་གཞུང་ས་ཚིགས་ཀྱི་གྲས་ཞེས་མཚན་གསོལ། གེ་སར་སྐོར་གྱི་དཔྱད་བརྗོད་ཞལ་རྩོམ་སོགས་མང་པོ་བཞུགས།

པདྨ་གཏུམ་པོ། མགོ་ལོག་དགའ་བདེ་རྫོང་ལུང་སྔོན་དགོན་གྱི་དགོན་བདག་བླ་མ། ཁོང་གིས་ཕྱག་འདེབས་མཛད་པའི་རྨ་ཡུལ་གེ་སར་རིག་གནས་དཀྱིལ་ཚིགས་ལ་རྒྱལ་ཁབ་སྡེ་ཁག་ཆེ་བཞིས་གེ་སར་ཞིབ་འཇུག་རིག་གཞུང་ས་ཚིགས་ཀྱི་གྲས་ཞེས་མཚན་གསོལ། ཁོང་ལ་གེ་སར་བསྒྲུབ་ཐབས་དང་དཔྱད་པ་སོགས་མང་པོ་བཞུགས།

འཇུ་སྐལ་བཟང་། མགོ་ལོག་ཁུལ་བོད་སྐད་ཡིག་ལས་བྱ་བའི་གཞུང་གི་འགོ་གཙོ་དང་ཞུས་ཆེན་པ། མཚོ་སྔོན་ཞིང་ཆེན་རྩོམ་པ་པོ་མཐུན་ཚོགས་ཀྱི་ཀྲུའུ་ཞི་དང་མཚོ་སྔོན་ཞིང་ཆེན་མི་རིགས་སྐད་ཡིག་བྱ་བ་མཁན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་གཅིག་ལྕོགས་ཀྱི་འགན་བཞེས་ཡོད། སྔ་གཞུགས་སུ་རྒྱལ་ཕྱི་ནང་གི་ཚགས་པར་དང་དུས་དེབ་སོགས་སུ་སྙན་ངག་དང་དཔྱད་རྩོམ་སོགས་སུམ་བརྒྱ་ལ་ཉེ་བ་སྤེལ།

སྤྲུལ་ཧུང་དཀར་རྡོ་རྗེ། ལུང་སྔོན་དགོན་གྱི་དགོན་བདག་བླ་མ་དང་རྨ་ཡུལ་གེ་སར་རིག་གནས་དཀྱིལ་ཚིགས་ཀྱི་གཙོ་འགན་བཞེས་ཡོད། གེ་སར་གྱི་བསྒྲུབ་པའི་སྐོར་དང་འབྲེལ་ཡོད་ཀྱི་དཔྱད་རྩོམ་དུ་མ་བཞུགས།

ལྡོང་ཚ་ཨོ་རྒྱན་བསོད་ནམས། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་བོད་ཡིག་སློབ་འབྲིང་གི་དགེ་རྒན་ཆེན་མོ་དང་ལུང་སྔོན་དགོན་རྨ་ཡུལ་གེ་སར་རིག་གནས་དཀྱིལ་ཚིགས་ཁུངས་མིའང་ཡིན།

བློ་བཟང་ཆོས་རྗེ། དགའ་བདེ་ལུང་སྔོན་དགོན་གྱི་བླ་མ་དང་རྨ་ཡུལ་གེ་སར་རིག་གནས་དཀྱིལ་ཚིགས་ཀྱི་འཆམ་ཁྲིད་པ། རྩོམ་གྱི་སྐོར་ལ་གེ་སར་གྱི་བྱུང་བ་བརྗོད་པ་ཚིགས་བཅད་མ་ཞེས་པ་དང་འཁྲབ་གཞུང་གི་སྐོར་སོགས་བཞུགས།

སྤྲུལ་ལྷ་འཚམ། མགོ་ལོག་པདྨ་རྫོང་སྲིད་གྲོས་ཀྲུའུ་ཞི་གཞོན་པ་དང་མདོ་གོང་མ་དགོན་གྱི་དགོན་བདག་ཁུར་ཡོད། གེ་སར་སྐོར་གྱི་བསྟོད་ཚོགས་དང་དཔྱད་པ་སོགས་བཞུགས།

མཚོ་སྐྱེས་རྡོ་རྗེ། མགོ་ལོག་ཁུལ་སློབ་ཁྲིད་ཞིབ་འཇུག་ཁང་གི་གཙོ་འགན་པ་དང་སློབ་འབྲིང་དགེ་རྒན་ཆེན་མོའི་འགན་ཁུར་ཡོད། སྔ་གཞུག་ཏུ་ཞིང་ཆེན་ཕྱི་ནང་གི་དུས་དེབ་ཚགས་པར་དུ་སྙན་ངག་དང་དཔྱད་རྩོམ་སོགས་བརྒྱ་ཅུ་ལྷག་སྤེལ་ཞིང་། སྙན་རྩོམ་འགའ་ཤས་སློབ་གྲ་ཆེན་མོའི་བསླབ་དེབ་ཏུ་འདམས། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1