གཙོ་ངོས།>> གསར་འགྱུར།>>རྒྱལ་སྤྱི་གསར་འགྱུར།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་སྐད་རླུང་འཕྲིན། སྤེལ་དུས། ༢༠༢༡ལོའི་ཟླ་བ་༠༧ཚེས་༢༩ཉིན།

ཞི་ལ་ཡིས་ལོ་བཅུ་གཉིས་ནས་ལོ་བཅོ་ལྔའི་བར་གྱི་མི་ཚོགས་ལ་པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་སྨན་རྒྱག་རྒྱུ་རེད།

        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཞི་ལའི་འཕྲོད་བསྟེན་པུའུ་ཀྲང་ཅི་ཅི་ལི་ཡ་སི་ཡིས་ཚེས་ཉེར་དྲུག་ཉིན་བཤད་རྒྱུར།   ཞི་ལ་ཡིས་གཟའ་འཁོར་འདིའི་ནང་དུ་ལོ་བཅུ་གཉིས་ནས་ལོ་བཅོ་ལྔའི་བར་གྱི་མི་ཚོགས་ལ་པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་སྨན་རྒྱག་པ་འགོ་རྩོམ་རྒྱུ་ཡིན་ཟེར།
        ཅི་ཅི་ལི་ཡ་སི་ཡིས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར།   འགོག་སྨན་རྒྱག་པར་སྔོན་ལ་མངགས་ཐོ་བྱེད་པའི་དུས་ཚོད་ཚེས་སུམ་ཅུ་ཉིན་ནས་འགོ་རྩོམ་རྒྱུ་ཡིན།
        ལུའུ་ཐི་གསར་འགྱུར་ཁང་གིས་བསྒྲགས་པ་ལྟར་ན།   ལོ་བཅུ་གཉིས་ནས་ལོ་བཅོ་ལྔའི་བར་གྱི་མི་ཚོགས་ལ་རྒྱག་པའི་འགོག་སྨན་ལ་ཨ་མེ་རི་ཁའི་ཧོས་རའེ་ཀུང་ཟི་དང་འཇར་མན་གྱི་སྐྱེ་དངོས་ལག་རྩལ་གསར་པའི་ཀུང་ཟིས་མཉམ་འབྲེལ་སྒོས་ཞིབ་འཇུག་གསར་སྤེལ་བྱས་པའི་པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་སྨན་དང་།   ཨ་མེ་རི་ཁའི་མའོ་ཏི་ན་ཀུང་ཟིས་ཐོན་སྐྱེད་བྱས་པའི་འགོག་སྨན་རིགས་གཉིས་ཡོད་ཟེར།
        ཞི་ལའི་འགོག་སྨན་རྒྱག་པའི་ཨུ་ཡོན་ལྷན་ཁང་གི་འགན་ཁུར་པ་སེ་ཨོ་ཏོ་ལི་ཧྲི་ཡིས་་བཤད་རྒྱུར།    ཉེ་བའི་དུས་སྐབས་ནང་།  ཞི་ལའི་བྱིས་པ་དང་ན་གཞོན་ལ་པྲོག་གསར་གློ་ཚད་རིམས་ནད་འགོས་ཚད་མངོན་གསལ་ཇེ་མང་དུ་འགྲོ་བཞིན་ཡོད་པ་དང་།    ཁོ་ཚོར་རྒྱུན་མཐུད་ངང་རིམས་ནད་འགོས་པ་དེས་པྲོག་གསར་གློ་ཚད་རིམས་ནད་ཀྱི་ནད་དུག་གསར་པ་འབྱུང་ངེས་ཡིན།  སེ་ཨོ་ཏོ་ལི་ཧྲི་ཡིས་བཤད་རྒྱུར།  འགོག་སྨན་རྒྱག་པའི་ཁྱབ་ཁོངས་རྒྱ་བསྐྱེད་པ་དེ་ལོ་ན་ཆུང་བའི་མི་ཚོགས་དང་དེ་མིན་དེའི་ཁྱིམ་མི་ལ་ཕན་པར་མ་ཟད།   ཟླ་དགུ་བར་སློབ་གྲྭ་དུས་ལྟར་འཚོག་པར་གྲ་སྒྲིག་བྱས་པ་ཡིན་ཟེར།  །

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1