གཙོ་ངོས།>> གསར་འགྱུར།>>བོད་འབྲེལ་ས་ཁུལ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། ༢༠༢༡ལོའི་ཟླ་བ་༠༧ཚེས་༣༠ཉིན།

ཨ་རིའི་རིགས་གཅིག་མཁས་པ་བོད་ལྗོངས་སུ་འབྱོར་བ།

   “ཀྲུང་གོའི་སྨྱན་སྦྱོར་གྱིས་བོད་ལྗོངས་སུ་གདན་འདྲེན་ཞུས་པའི་ཐད། ཁྱེད་ཚོར་དོགས་སྣང་སྐྱེས་མྱོང་ངམ། ”“ཕྱི་རྒྱལ་གྱི་སྨྱན་སྦྱོར་གྱིས་སྤེལ་བའི་གསར་འགྱུར་དང་ཁྱེད་ཚོས་མཐོང་བའི་བོད་ལྗོངས་བར་ལ་ཁྱད་པར་ཡོད་དམ། ”“བོད་ལྗོངས་ཀྱི་མཐོང་ཐོས་ཀུན་ལ་བསྒྲགས་པ་ལས་དྲ་ཐོག་གི་དྲག་ཤུགས་ཐེབས་པས་སུན་སྣང་སྐྱེས་སོང་ངམ། ”
   བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བའི་དུས་སུ། 
“ཀྲུང་གོས་བརྗོད་པ”ཞེས་པའི་ལེ་ཚན་གྱིས་ཨ་རིའི་སྐུ་མགྲོན་གཉིས་གདན་དྲངས་ནས། མཉམ་དུ་གངས་ལྗོངས་མཐོ་སྒང་དུ་བསྐྱོད་པ་ཡིན། བྲེལ་བ་ཆེ་བའི་གཟའ་འཁོར་གཅིག་གི་རིང་ལ་དགོན་པ་དང་སློབ་གྲྭ། ཁེ་ལས། མི་སེར་ཕལ་བའི་ཁྱིམ་བཅས་སུ་བསྐྱོད་ནས་ཆོས་ལུགས་དང་རིག་གནས། དཔལ་འབྱོར་དང་སྤྱི་ཚོགས་ངོ་མ་འཚོལ་ཞིབ་བྱས་ནས། འཛམ་གླིང་ཡོངས་ལ་བོད་ལྗོངས་ངོ་མ་ཞིག་བསྟན་པ་ཡིན། 

   ལོ་ངོ་20སྔོན་ལ་བོད་ལྗོངས་སུ་ཡོང་མྱོང་བའི་ཁེ་ལས་པ་ལེ་ཞའོ་ཧྲན་(Shaun Rein)གྱིས། ཡུལ་འདིར་འགྱུར་ལྡོག་ཆེན་པོ་ཕྱིན་པ་ནི་བསམ་ཡུལ་ལས་འདས་པ་ཞིག་ཡིན་ཟེར། དྲ་འགྲོས་མགྱོགས་ཤིང་། གཞུང་ལམ་ཡངས་པ། བོད་ཡིག་གི་ལམ་བྱང་གང་ས་གང་ནས་མཐོང་ཐུབ་པ། མི་རྣམས་བདེ་ཐང་ཡིན་ཞིང་རང་དབང་ཡོད། ཁོ་རང་གང་ལ་འགྲོ་བསམ་ན་ཡང་དེར་འགྲོ་ཆོག་ཅིང་། ཀྲུང་གོའི་སྨྱན་སྦྱོར་ནི་ཕྱི་རྒྱལ་གྱི་སྨྱན་སྦྱོར་ལས་ཀྱང་དོན་དངོས་དང་མཐུན་ཞིང་སྒོ་རྒྱ་ཆེ་རུ་འབྱེད་ཡོད།  


   ཐེངས་དང་པོར་བོད་ལྗོངས་སུ་བསྐྱོད་པའི་དཔལ་འབྱོར་རིག་པ་བ་ཏེ་ཝེ་པུའུ་ལེར་(David Blair)ནི་འདི་གའི་མཛེས་ལྗོངས་མཐོང་བས་ཧ་ལས་ནས། གནས་འདི་དང་འབྲལ་མི་འདོད་ཟེར། ཁོང་དེ་བས་ཧ་ལས་པ་ཞིག་ནི་རྒྱང་ཐག་རིང་བའི་གྲོང་ཚོ་དག་ལ་ཡང“ལས་གཏོད་པའི་ལྟེ་གནས”བཙུགས་ཡོད་པ་དེ་རེད། ཕུགས་འདུན་ཡོད་ན་མ་འོངས་མཛེས་སྡུག་ལྡན། གནས་འདིར་གཉའ་གནོན་མེད་ལ། མི་རྣམས་ཀྱི་འཚོ་བ་རྒྱུན་ལྡན་ཡིན་ལ་ཡར་བརྩོན་གྱི་རྣམ་པས་ཁེངས། 
    སྐུ་མགྲོན་རྣམ་གཉིས་ཀྱིས་ཕྱི་ཕྱོགས་སུ་གཏམ་སྤེལ་བ་སྟེ། བོད་ལྗོངས་སུ་རིག་གནས་གང་ཞིག་ཀྱང་རྩ་མེད་དུ་བཏང་མི་འདུག་ལ། མི་རིགས་གང་ཡང་རྩ་མེད་དུ་བཏང་མི་འདུག གཏམ་འཆལ་སྤེལ་བའི་ཨ་རིའི་སྨྱན་སྦྱོར་དང་སྲིད་འཚོང་བ་ཚོས་ཀྲུང་གོར་དམའ་འབེབས་གཏོང་མཚམས་སྔ་ཙམ་འཇོག་དགོས་ཟེར། 

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1