གཙོ་ངོས།>> གསར་འགྱུར།>>བོད་འབྲེལ་ས་ཁུལ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། སྤེལ་དུས། ༢༠༢༡ལོའི་ཟླ་བ་༠༧ཚེས་༣༠ཉིན།

རེབ་གོང་དྲུག་པའི་ཀླུ་རོལ་དངོས་སུ་མགོ་བརྩམས།

        ཚེས27ཉིན། མཚོ་སྔོན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་གྲོང་ཁྱེར་ས་དཀྱིལ་སྡེ་བ་ནས་རྒྱལ་ཁབ་ཀྱི་གཟུགས་འདས་ཤུལ་བཞག་རིག་གནས་སྐོར་དང་པོའི་རེབ་གོང་དྲུག་པའི་ཀླུ་རོལ་ཞེས་པའི་དམངས་སྲོལ་བྱ་འགུལ་དངོས་སུ་མགོ་བརྩམས་ཤིང་། མང་ཚོགས་བརྒྱ་ཕྲག་ལྷག་དུས་ཆེན་གྱི་བྱ་འགུལ་ཁྲོད་ཞུགས་ཡོད་པ་དང་། ཆར་ཆུ་དུས་སུ་འཛོམས་ཞིང་འབྲུ་རིགས་སྣ་ལྔར་ལོ་ལེགས་འབྱུང་བར་སྨོན་ལམ་བཏབ།
        དྲུག་པའི་ཀླུ་རོལ་ནི་ལུགས་རྙིང་གི་ཟླ6པར་སྤེལ་བ་དང་ལྷ་ཀླུ་གཞི་བདག་དགྱེས་བའི་བྲོ་གར་འཁྲབ་ཅིང་གསོལ་བ་འདེབས་པའི་བྱ་འགུལ་ཞིག་ཡིན་པས་དྲུག་པའི་ཀླུ་རོལ་ཞེས་འབོད། 
        ཀྲུང་གོའི་དམངས་ཁྲོད་རིག་རྩལ་མཐུན་ཚོགས་ཀྱི་ཚོགས་མི་མཁར་རྩེ་རྒྱལ་གྱིས་ངོ་སྤྲོད་བྱས་པ་ལྟར་ན། རོང་བོ་དགུ་ཆུའི་འགྲམ་གྱི་སྡེ་བས་དུས་གཏན་ལྟར་དམངས་སྲོལ་བྱ་འགུལ་འདི་སྤེལ་ཏེ་ད་ལྟའི་བར་ལོ་ངོ1400ལྷག་གི་ལོ་རྒྱུས་ཡོད། ད་ལོའི་དྲུག་པའི་ཀླུ་རོལ་ཚེས26ཉིན་ནས་མགོ་བརྩམས་པ་དང་ཉིན་གསུམ་གྱི་རིང་ལ་སྤེལ་རྒྱུ་རེད། 
        དྲུག་པའི་ཀླུ་རོལ་མགོ་ནས་མཇུག་བར་གླུ་གར་རྩེད་བ་དང་གླུ་གར་གྱིས་ལྷ་ཀླུ་དགྱེས་བའི་མཆོད་པ་འབུལ་བཞིན་ཡོད། དེའི་ཁྲོད་ལྷ་རྩེད་དང་ཀླུ་རྩེད། དམག་རྩེད་གསུམ་དུ་དབྱེ་ཡོད་པ་དང་། སྡེ་བ་སོ་སོར་ཐུན་མོང་མ་ཡིན་པའི་རྣམ་པ་ཕུན་སུམ་ཚོགས་པ་ཡོད། 

        

        ཤེས་རྟོགས་བྱུང་བ་ལྟར་ན། དམངས་སྲོལ་བྱ་འགུལ་འདི2006ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་སྲུང་སྐྱོང་བྱེད་པའི་མིང་ཐོ་སྐོར་དང་པོའི་ཁྲོད་ཚུད་ཡོད། ཆུ་ཚད་མཐོན་པོའི་ཇུས་འགོད་དང་རྒྱན་བཟོ། ཁྱོན་ཡོངས་དང་ཐབས་ལམ་མང་པོས་དྲིལ་བསྒྲགས་དང་ངོ་སྤྲོད་བྱས་པ་བརྒྱུད། ད་ལྟ་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རིག་གནས་ཡུལ་སྐོར་དུས་ཆེན་ཁྲོད་ཆེས་རྒྱུག་ཆེ་བའི་རིག་གནས་ཡུལ་སྐོར་བྱ་འགུལ་ཞིག་ཏུ་གྱུར་ཡོད།   །

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1