བོད་ཀྱི་མངོན་མིན་རིག་གནས་ཤུལ་བཞག་ཀོང་པོའི་སྒྲ་མདའ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 08-02


      མི་དམངས་དྲ་བ་ཉིང་ཁྲི་ནས་ཟླ་7ཚེས་29ཉིན་གློག་འཕྲིན་འབྱོར་གསལ། ཟླ་7ཚེས་29ཉིན། ཉིང་ཁྲི་གྲོང་ཁྱེར་བྲག་ཕྱིབས་གྲོང་ཚོར་སྒྲ་ལྡན་མདའ་རྩལ་འགྲན་བསྡུར་སྤེལ་བཞིན་མཆིས། “ཤུག་ཤུག་”གི་སྒྲ་དང་ལྷན་དུ་མདའ་རེ་རེ་འགྲན་ཞུགས་པའི་གཞུའི་ཐོག་ནས་འབེན་སྙིང་དུ་འཕངས་པ་དང་། ཤེས་རྟོགས་བྱུང་བར་གཞིགས་ན། ཀོང་པོའི་སྒྲ་ལྡན་གྱི་མདའ་མོར་བོད་སྐད་དུ“མདའ་གཞུ”ཞེས་འབོད་པ་དེ་ནི་བོད་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ཡིན་པ་དང་། མདའ་མགོ་ཐོག་ཏུ་ཤིང་གི་ཤིང་སྒོར་ཡོད་པ་དང་ནང་དུ་ཁུང་བུ་ཡོད་པ་མ་ཟད། མདའ་འཕངས་སྐབས་དེའི་ཁྲོད་རྣོ་ངར་གྱི་ཤུགས་སྒྲ་ཞིག་ཐོན་གྱི་ཡོད་པས་ “སྒྲ་མདའ་”ཞེས་པའི་མིང་དེ་ལྟར་བཏགས་པ་ཡིན། 


     ཀོང་པོའི་སྒྲ་མདའ་ནི་ཉིང་ཁྲི་གྲོང་ཁྱེར་ངལ་རྩོལ་མི་དམངས་ཀྱིས་ཐོན་སྐྱེད་དང་འཚོ་བའི་ལག་ལེན་ཁྲོད་གསར་གཏོད་དང་གསར་བཟོ་བྱས་པ་ཞིག་ཡིན་པ་དང་། ས་གནས་དེ་གས་ལོ་ལེགས་ལ་རྟེན་འབྲེལ་ཞུ་བ་དང་ལོ་གསར་ལ་བསུ་བ་ཞུ་བ་སོགས་ཀྱི་གལ་ཆེའི་དུས་ཆེན་དང་རྟེན་འབྲེལ་བྱེད་སྒོའི་ནང་མེད་དུ་མི་རུང་བའི་རྩལ་འགྲན་གྱི་རོལ་རྩེད་བྱེད་སྒོའི་གྲས་ཤིག་ཡིན་ཞིང་། ད་བར་ལོ་1500ལྷག་ཙམ་གྱི་ལོ་རྒྱུས་ལྡན་ཡོད་པ་རེད། ཡུལ་དངོས་ཀྱི་འགྲན་ཞུགས་མི་སྣ་བོད་རིགས་ཕོ་གསར་ཚོས་བཤད་པ་ལྟར་ན། གྲོང་ཚོས་དུས་བཀག་ལྟར་སྒྲ་མདའ་འགྲན་བསྡུར་སྤེལ་བ་མ་ཟད། ད་དུང་རྒྱལ་ཁ་ཐོབ་མཁན་ལ་བསམ་པ་དང་དངོས་པོའི་ཕྱོགས་ནས་བྱ་དགའ་ངེས་ཅན་ཞིག་སྤྲོད་པ་རེད། 



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1