《བདེན་འཚོལ》དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅིའི་རྩོམ་ཡིག་གལ་ཆེན་སྤེལ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 08-02



         འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ།  སྤྱི་ཟླ་8ཚེས་1ཉིན་པར་སྐྲུན་བྱས་པའི་འདོན་ཐེངས་15པའི《བདེན་འཚོལ》དུས་དེབ་ཐོག་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི།རྒྱལ་ཁབ་ཀྱི་ཀྲུའུ་ཞི།ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་འགོ་བརྗོད་དུ་༼ཏང་གི་ལོ་རྒྱུས་དང་དམག་དཔུང་གི་ལོ་རྒྱུས་དང་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་བཅས་ཀྱི་སློབ་གསོར་ཤུགས་སྣོན་བརྒྱབ་ནས་དཔོན་དམག་གིས་ནམ་ཡང་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲང་རྒྱུ་འགན་ལེན་བྱེད་དགོས༽ཞེས་པ་སྤེལ་ཡོད། 

      རྩོམ་ཡིག་ནང་། རང་རེའི་དམག་དཔུང་གིས་དཀའ་ངལ་སྣ་ཚོགས་ལས་རྣམ་པར་རྒྱལ་ནས་རྒྱལ་ཁ་ནས་རྒྱལ་ཁའི་ཕྱོགས་སུ་ཟམ་མི་ཆད་པར་སྐྱོད་ཐུབ་པའི་ཆེས་རྩ་བའི་རྒྱུ་རྐྱེན་ནི་བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲངས་པ་དེ་རེད། ཏང་གིས་དམག་དཔུང་ལ་བལྟོས་མེད་འགོ་ཁྲིད་བྱེད་པ་ནི་མི་དམངས་དམག་དཔུང་གི་དུས་ནམ་ཡང་འགྱུར་བ་གཏོང་མི་རུང་བའི་བླ་སྲོག་དང་།ནམ་ཡང་དོར་མི་རུང་བའི་སྲོག་རྩ་རེད། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲོས་ཤུགས་ཆེ་རུ་གཏོང་བ་དང་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་དུས་རབས་གསར་པའི་ཏང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་བསམ་བློས་དཔོན་དམག་ལ་དྲག་ཆས་སྤྲོད་པའི་ལས་དོན་ཡག་པོ་བསྒྲུབས་ནས་དཔུང་སྡེའི་ལྷག་བསམ་དང་།དྭངས་གཙང་།བློས་འགེལ་ཆོག་པ་བཅས་འགན་ལེན་བྱེད་དགོས། འོད་སྟོང་འཕྲོ་བའི་ལོ་རྒྱུས་བློ་ལ་བརྟན་པོ་ངེས་པ་དང་གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་བྱས་ནས་འགོ་འཛུགས་ས་གསར་པའི་ཐོག་གསར་བརྗེའི་སྔོན་བྱོན་པ་ཚོས་བཏོད་པའི་རླབས་ཆེན་བྱ་གཞག་རྒྱུན་ཆད་མེད་པར་མདུན་ཕྱོགས་སུ་སྐུལ་འདེད་བཏང་སྟེ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་དང་མི་དམངས་དམག་དཔུང་འདི་་ཉིད་འཛམ་གླིང་ཐོག་གི་དམག་དཔུང་རྩེ་གྲ་ཞིག་ཏུ་འཛུགས་སྐྲུན་བྱ་ཆེད་འབད་འཐབ་ལྷོད་མེད་བྱེད་དགོས་ཞེས་ནན་སྟོན་བྱས་ཡོད།
    རྩོམ་ཡིག་ནང་། ཏང་གིས་དམག་དཔུང་ལ་བལྟོས་མེད་འགོ་ཁྲིད་བྱེད་པའི་རྩ་བའི་རྩ་དོན་དང་ལམ་ལུགས་ནི་མི་དམངས་དམག་དཔུང་གིས་དམག་དཔུང་རྙིང་པ་མཐའ་དག་དང་རྩ་བ་ནས་མི་འདྲ་བའི་ཆབ་སྲིད་ཀྱི་ཁྱད་ཆོས་དང་རྩ་བའི་ལེགས་ཆ་ཞིག་རེད། དུས་གང་འདྲ་ཞིག་དང་གནས་ཚུལ་གང་འདྲ་ཞིག་གི་འོག རང་དམག་གིས་ངེས་པར་དུ་ཏང་གི་བཀོད་འདོམས་ལ་ཉན་པའི་དམག་དཔུང་སྟོབས་ཆེར་གཏོང་བའི་བླ་སྲོག་འདི་བརྟན་དུ་གཏོང་དགོས། ཏང་གིས་དམག་དཔུང་ལ་བལྟོས་མེད་འགོ་ཁྲིད་བྱེད་པའི་རྩ་བའི་རྩ་དོན་དང་མི་དམངས་དམག་དཔུང་གི་རྩ་བའི་དམིགས་ཡུལ་མཐའ་འཁྱོངས་བྱས་ནས་གཡོ་འགུལ་མི་གཏོང་བ་དང་།ཏང་གི་རིགས་པའི་གཞུང་ལུགས་དང་།ལམ་ཕྱོགས།བྱེད་ཕྱོགས།སྲིད་ཇུས་བཅས་ལག་ལེན་མཐར་ཕྱིན་བསྟར་ནས་གཡོ་འགུལ་མི་གཏོང་བ།ཐོག་མཐའ་བར་གསུམ་དུ་ཏང་ལ་བློ་དཀར་སེམས་དཀར་དང་།སྤྱི་ཚོགས་རིང་ལུགས་ལ་བློ་དཀར་སེམས་དཀར་བྱེད་པ།མེས་རྒྱལ་ལ་བློ་དཀར་སེམས་དཀར་བྱེད་པ།མི་དམངས་ལ་བློ་དཀར་སེམས་དཀར་བྱེད་པ་བཅས་བྱས་ཏེ་བྱ་སྤྱོད་ཡོད་ཚད་ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུད་ཀྱི་བཀོད་འདོམས་ལ་ཉན་དགོས་ཞེས་བསྟན་ཡོད།
     རྩོམ་ཡིག་ནང་། དུས་ཡུན་རིང་པོའི་ལག་ལེན་དངོས་ཀྱི་ཁྲོད། རང་དམག་གི་ཆབ་སྲིད་ལས་ཀའི་ཐད་ལ་སྲོལ་རྒྱུན་བཟང་པོ་ཆ་ཚང་ཞིག་ཆགས་ཡོད་ཅིང་དེའི་ནང་ཏང་གིས་མེ་མདར་བཀོད་འདོམས་བྱེད་པའི་རྩ་བའི་རྩ་དོན་དང་ལམ་ལུགས་མཐའ་འཁྱོངས་དང་། བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་རྩ་བའི་དམིགས་ཡུལ་མཐའ་འཁྱོངས། དངོས་ཐོག་བདེན་འཚོལ་གྱི་བསམ་བློའི་ལམ་ཕྱོགས་མཐའ་འཁྱོངས། མང་ཚོགས་ལམ་ཕྱོགས་ཀྱི་རྩ་བའི་སྤྱོད་ཚུལ་མཐའ་འཁྱོངས། ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་ཀྱིས་དཔོན་དམག་ལ་དྲག་ཆས་སྤྲོད་རྒྱུ་མཐའ་འཁྱོངས།ཏང་དང་དམག་དཔུང་གི་ལྟེ་བའི་ལས་འགན་ལ་དམིགས་ནས་ཞབས་ཞུ་དང་འགན་ལེན་གྱི་ནུས་པ་འདོན་སྤེལ་བྱ་རྒྱུ་མཐའ་འཁྱོངས།གཞུང་དྲང་ཚུལ་མཐུན་གྱིས་ལས་བྱེད་པ་གདམ་གསེས་དང་བཀོལ་སྤྱོད་བྱ་རྒྱུ་མཐའ་འཁྱོངས།དཔོན་དམག་གཅིག་མཐུན་དང་དམངས་གཙོ་དར་སྤེལ་གཏོང་རྒྱུ་མཐའ་འཁྱོངས།རང་རྟོགས་དང་གཟབ་ནན་གྱི་སྒྲིག་ཁྲིམས་ལག་ལེན་བསྟར་རྒྱུ་མཐའ་འཁྱོངས།དཀའ་སྤྱད་འབད་འཐབ་དང་རང་སྲོག་བློས་གཏོང་དང་ལེགས་སྐྱེས་འབུལ་རྒྱུའི་གསར་བརྗེའི་སྙིང་སྟོབས་མཐའ་འཁྱོངས།ཏང་ཡོན་ལས་བྱེད་པས་སྣེ་ཁྲིད་དང་རང་དཔེ་གཞན་སྟོན་བྱ་རྒྱུ་མཐའ་འཁྱོངས་བྱས་པ་སོགས་ཚུད་ཡོད།
     སྲོལ་རྒྱུན་བཟང་པོ་དེ་དག་ནི་རང་དམག་གི་ཆབ་སྲིད་ལས་ཀའི་རྩ་བའི་རྩ་དོན་དང་ནང་དོན་ཡིན། ང་ཚོས་ངེས་པར་དུ་རང་དམག་གི་ཆབ་སྲིད་ལས་དོན་གྱི་གནས་བབ་གལ་ཆེན་དང་ནུས་པ་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱས་ནས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོ་དམ་འཛིན་ཡག་པོ་བྱས་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་།དགོངས་དོན་རྟོགས་པ།དོན་དངོས་སྒྲུབ་པ།རྣམ་པ་གསར་པ་གཏོད་པ་བཅས་མངོན་གསལ་དོད་པོ་ཡོང་བ་བྱེད་པ་དང་།དཔོན་དམག་ཚོར་ཐོག་མའི་བསམ་འདུན་དང་ལས་འགན་བློ་ལ་བརྟན་པོར་ངེས་པ་དང་།གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་བྱེད་པ།དམག་དཔུང་སྟོབས་ཆེར་གཏོང་བའི་ལས་འགན་ལྕི་པོ་ཕྲག་ཐོག་ཏུ་འཁུར་བ་བཅས་ཀྱི་སློབ་གསོ་དང་ཁྲིད་སྟོན་བྱས་ཏེ་སྔོན་བྱོན་པ་ཚོས་ཁྲག་དྲོན་དང་ཚེ་སྲོག་བློས་གཏོང་བྱས་ནས་ཐོབ་པའི་སྲོལ་རྒྱུན་བཟང་པོ་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱེད་དགོས་ཞེས་བསྟན་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1