བོད་ལྗོངས་ཉིང་ཁྲིའི་བེ་ཤའི་འཚོང་ཁ་བྲིན་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 08-03


    “འདི་དག་ཚང་མ་ནི་བོད་ལྗོངས་ཉིང་ཁྲིའི་བེ་ཤ་སོས་པ་རེད། ཚང་མ་རི་སྐྱེས་ཡིན་པས། རང་བྱུང་ལྷན་སྐྱེས་དང་སྦགས་བཙོག་མེད་པས། ཚང་མས་བྲོ་བ་གཟིགས་པ་དགའ་བསུ་ཞུ།”།མཇུག་འགྲིལ་མ་ཐག་པའི“ཨའོ་མོན-བོད་ལྗོངས་ཉིང་ཁྲིའི་བེ་ཤའི་ཞིམ་ཟས་རིག་གནས་དུས་ཆེན”སྐབས་དང་པོའི་ཐོག་ཉིང་ཁྲིའི་བེ་ཤ་ཡིས་སྐུ་མགྲོན་མང་པོ་བཀུགས་ཡོད། 
   ད་བར་བོད་ཀྱི་བེ་ཤ་ཁྲོམ་རར་བྲིན་ཁ་རྒྱུག་པོ་ཡོད་པ་དང་། ལྷག་དོན་དུ་ཉིང་ཁྲིའི་བེ་ཤའི་མིང་ཐོག་ནས་གྲགས་ཆོད་ཡོད། གྲངས་གཞི་ལས་མངོན་པར། 2020ལོར། བོད་ཀྱི་བེ་ཤ་སོས་པ་ཏུན་60ཐོན་པའི་ནང་ཉིང་ཁྲིའི་བེ་ཤའི་ཕྱེད་ཀ་ཟིན་ཡོད་པ་རེད། “སྔ་དྲོར་འཐུ་རྗེས། ཕྱི་དྲོར་ཆེད་མངགས་བསྡུ་མཁན་ཡོད་པས། ཚོང་རྒྱུའི་ཐད་སེམས་ཁྲལ་གཏན་ནས་མེད། བེ་ཤའི་རིན་གོང་ལ་ཐོན་འབབ་ཀྱི་ཤུགས་རྐྱེན་ཐེབས་པ་རེད། ད་ལོ་ཁྲོམ་རར་འདོན་འགོ་ཚུགས་མ་ཐག་ང་ཚོ་ཀོང་པོ་རྒྱ་མདའ་རྫོང་གི་ཉོ་སྒྲུབ་རིན་གོང་ནི་རྒྱ་མ་གང་ལ་སྒོར་280རེད།

    བེ་ཤ་ཉོ་ཚོང་ལ་གནས་ཚུལ་ཅུང་ཡག་པོ་དང་འཕྲད་ན། མི་རེས་ཉིན་གཅིག་ལ་སྒོར་སྟོང་ཕྲག་གི་ཡོང་འབབ་རག་ཐུབ་ཀྱི་ཡོད”ཅེས་ཀོང་པོ་རྒྱ་མདའ་འབྲུག་ལ་ཤང་གི་གྲོང་མི་རྒྱ་མཚོས་བཤད་པ་རེད།





དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1