ཞི་ཅིན་ཕིང་གིས་རྒྱལ་སྤྱིའི་ཨོ་རྩལ་མཐུན་ཚོགས་ཀྱི་ཀྲུའུ་ཞི་དང་ཨེ་ཤ་ཡ་ཨོ་ལིམ་ཕིག་ལུས་རྩལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཨེ་ཧྭ་མེ་ཏི་ལ་མཇལ་འཕྲད་གནང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-16




 རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་རྒྱལ་སྤྱིའི་ཨོ་རྩལ་མཐུན་ཚོགས་ཀྱི་ཀྲུའུ་ཞི། ཨེ་ཤ་ཡ་ཨོ་ལིམ་ཕིག་ལུས་རྩལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཨེ་ཧྭ་མེ་ཏི་ལ་མཇལ་འཕྲད་གནང་བཞིན་པ།

            སྤྱི་ཟླ་1པོའི་ཚེས་14ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་རྒྱལ་སྤྱིའི་ཨོ་རྩལ་མཐུན་ཚོགས་ཀྱི་ཀྲུའུ་ཞི། ཨེ་ཤ་ཡ་ཨོ་ལིམ་ཕིག་ལུས་རྩལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཨེ་ཧྭ་མེ་ཏི་ལ་མཇལ་འཕྲད་གནང་།

          ཞི་ཅིན་ཕིང་གིས། རྒྱལ་སྤྱིའི་ཨོ་རྩལ་མཐུན་ཚོགས་ནི་འཛམ་གླིང་གི་ཨོ་ལིམ་ཕིག་ལུས་རྩལ་འགྲན་ཚོགས་ཨུ་ཡོན་ལྷན་ཁང་205ཡི་མཐུན་སྦྱོར་ལས་ཁུངས་ཤིག་ཡིན་པའི་ཆ་ནས། མུ་མཐུད་ནས་མཐུན་སྒྲིལ་ལ་ཤུགས་སྣོན་དང་། རྒྱལ་སྤྱིའི་ཨོ་ལིམ་ཕིག་ལུས་རྩལ་འགྲན་ཚོགས་ཨུ་ཡོན་ལྷན་ཁང་བར་གྱི་མཉམ་ལས་དང་མཐུན་སྦྱོར་ཇེ་དམ་དུ་གཏོང་བ། ཨོ་ལིམ་ཕིག་ལུས་རྩལ་ཨུ་ཡོན་ལྷན་ཁང་གི་ཁེ་ཕན་ལ་སྲུང་སྐྱོབ་བཅས་བྱས་ཏེ། འཛམ་གླིང་གི་ཨོ་ལིམ་ཕིག་ལུས་རྩལ་རྒྱུན་མཐུད་དང་གཏན་འཇགས། སྐྱོན་བྲལ་ངང་ནས་འཕེལ་རྒྱས་སུ་འགྲོ་བའི་ཐད་ལ་སྐུལ་འདེད་རང་བཞིན་གྱི་ནུས་པ་ཆེན་པོ་འདོན་སྤེལ་བྱས་ཡོད། ཨོ་རྩལ་མཐུན་ཚོགས་ཀྱིས་དུས་ཡུན་རིང་བོའི་ཚུན་ལ་ཀྲུང་གོའི་ལུས་རྩལ་ལས་དོན་ཀྱི་འཕེལ་རྒྱས་ཐད་ལ་ཧུར་བརྩོན་རང་བཞིན་གྱི་བྱས་རྗེས་ཆེན་པོ་བཞག་ཡོད་ལ། ལུས་རྩལ་བྱ་འགུལ་ནི་ཀྲུང་གོར་མཚོན་ན་ཆེས་རླབས་ཆེ་བའི་ལས་དོན་ཞིག་ཡིན་པ་དང་། ལུས་རྩལ་བྱ་འགུལ་སྣ་ཚོགས་ཀྱིས་ཀྲུང་གོའི་འཕེལ་རྒྱས་དང་མིའི་རིགས་ཀྱི་འཕེལ་རྒྱས་ལའང་བྱས་རྗེས་གལ་ཆེན་བཞག་ཡོད། ཀྲང་གོ་སྲིད་གཞུང་གིས་ལུས་རྩལ་ལས་དོན་གྱི་འཕེལ་རྒྱས་ལ་མཐོང་ཆེན་ཚད་མཐོན་པོ་བྱེད་བཞིན་ཡོད་པར་མ་ཟད། ཨོ་ལིམ་ཕིག་ལུས་རྩལ་གྱི་སྤྱི་ཚོགས་འཕེལ་རྒྱས་ཁྲོད་ཀྱི་ནུས་པ་གལ་ཆེན་ལ་མཐོང་ཆེན་ཚད་མཐོན་པོ་བྱེད་བཞིན་ཡོད། ཉེ་བའི་ལོ་འགའི་རིང་ལ་ཀྲུང་གོ་རྒྱལ་ཁབ་ཀྱིས་སྔ་ཕྱིར་པེ་ཅིང་ཨོ་རྩལ་འགྲན་ཚོགས་དང་། ནན་ཅིན་ན་གཞོན་ཨོ་རྩལ་འགྲན་ཚོགས་སོགས་ལུས་རྩལ་ལས་དོན་གྱི་འགྲན་ཚོགས་སྣ་ཚོགས་རྒྱལ་ཁའི་ངང་འཚོགས་ཏེ། ཀྲུང་གོ་མི་དམངས་ཀྱིས་ཨོ་ལིམ་ཕིག་ལུས་རྩལ་འགྲན་ཚོགས་ལ་བཅངས་པའི་སྤྲོ་སེམས་སྔར་ལས་ཇེ་ཆེར་བཏང་ཡོད་ཅེས་བསྟན། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1