དབྱར་དུས་ཀྱི་འབྲོག་ར།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 08-09


     དབྱར་དུས་སུ། མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་དྭངས་ལག་ཡུལ་ཚོའི་དབྱར་ས་ནི་སྐྱེས་སྟོབས་ཀྱིས་ཕྱུག་ཡོད་དེ། ནོར་ལུག་དང་སྦྲ་གུར་གྱི་སྣོལ་མཚམས་བར་ནས་འབྲོག་གླུ་སྙན་མོས་མཐོ་སྒང་གི་འབྲོག་ར་བརྒྱན། ཉེ་བའི་ལོ་འགའི་རིང་། རྨ་ཆེན་རྫོང་གིས་རྩྭ་ས་དང་ཕྱུགས་ནོར་དོ་སྙོམས་ལམ་ལུགས་ལག་བསྟར་བྱེད་པ་བརྒྱུད་སྐྱེ་ཁམས་ཕྱུགས་ལས་དར་སྤེལ་བཏང་བ་དང་། ཕྱུགས་བཀག་འགོག་གསོ་དང་རྩྭ་ས་སྐོར་རེས་བྱས་ནས་ཕྱུགས་འཚོ་བ་སོགས་ཐབས་ཤེས་སྣ་མང་ལག་བསྟར་བྱས་པ་བརྒྱུད། སྐྱེ་ཁམས་ཁོར་ཡུག་དང་ཕྱུགས་ལས་ཐོན་སྐྱེད་ཀྱི་འཕེལ་རྒྱས་ལེགས་པོ་ཞིག་ཆགས་ཡོད།








དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1