ཧྥ་རན་སི་རྒྱལ་ཁབ་གཞུང་གིས་ཉེ་སྔོན་འཇིགས་སྐུལ་དོན་རྐྱེན་གྱི་ཁྲོད་རྐྱེན་ལམ་དུ་ཤོར་བའི་ཉེན་རྟོག་པ་3པོར་མྱ་ངན་ཞུས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-16


 2015ལོའི་སྤྱི་ཟླ་1པོའི་ཚེས་13ཉིན།  ཧྥ་རན་སིའི་རྒྱལ་ས་ཕེ་རིས་སུ། ཧྥ་རན་སིའི་སྲིད་གཞུང་དང་ཉེན་རྟོག་རུ་ཁག་གིས་ཉེ་སྔོན་འཇིགས་སྐུལ་དོན་རྐྱེན་གྱི་ཁྲོད་དུ་རྐྱེན་ལམ་དུ་ཤོར་བའི་ཉེན་རྟོག་པ་3པོར་རྒྱལ་ཁབ་གཞུང་གིས་མྱ་ངན་ཞུས་ཤིང་། ཧྥ་རན་སིའི་སྲིད་འཛིན་ཨའོ་ལང་ཏའེ་ཡང་རྒྱལ་གཞུང་གིས་མྱ་ངན་ཞུ་བའི་མཛད་སྒོ་དེར་ཞུགས་ཡོད། སྤྱི་ཟླ་1པོའི་ཚེས་14ཉིན། ཕྱི་རྒྱལ་གྱི་སྨྱན་སྦྱོར་ཁག་གིས་གནས་ཚུལ་སྤེལ་དོན། ཧྥ་རན་སི་དང་ཨི་ཟི་རལ་གྱིས་ཚེས་13ཉིན་གཟའ་འཁོར་སྔོན་མའི་ནང་འཇིགས་སྐུལ་རིང་ལུགས་པའི་འཇབ་རྒོལ་དོན་རྐྱེན་ཁྲོད་ཚེ་འདས་ཚོར་འདས་མཆོད་མཛད་སྒོ་སྤེལ་ཡོད་པ་རེད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1