མཐོ་སྒང་ནགས་ཁུལ་གྱི་སྐོར་སྐྱོད་ཁྲིམས་ར།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 08-12


     ཟླ་8ཚེས་7ཉིན། པད་མ་རྫོང་མི་དམངས་ཁྲིམས་ཁང་སྐོར་སྐྱོད་ཁྲིམས་རའི་ལས་སྒྲུབ་མི་སྣས་པད་མ་རྫོང་དྷི་མདའ་ཡུལ་ཚོ་པཎ་ཆེན་གྲོང་ཚོར་ཁྲིམས་ལུགས་ཞབས་ཞུ་སྒྲུབ་བཞིན་པ། 

    མཚོ་སྔོན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་པད་མ་རྫོང་ནི་ས་མཐོར་ཆགས་ཤིང་།  རི་བོ་མཐོ་ཞིང་གྲོག་རོང་ཟབ། མང་ཚོགས་རྣམས་ཐར་ཐོར་དུ་སྡོད་ཡོད། ཉེ་བའི་ལོ་འགའི་རིང་། པད་མ་རྫོང་མི་དམངས་ཁྲིམས་ཁང་ཞང་དང་གྲོང་རྡལ་ཁག་ཏུ་བསྐྱོད་དེ་སྐོར་སྐྱོད་ཁྲིམས་ར་ནགས་ཚལ་དང་རྩྭ་ཐང་དུ་སྤོས་ནས། འབྲོག་ཁྱིམ་གྱི་སྒོ་ཁ་ནས་གཞུང་གཏུག་ཞབས་ཞུ་མཁོ་འདོན་བྱས་པ་དང་། ད་དུང་གྱོད་གཞི་དཔེ་བླངས་ནས་བཅའ་ཁྲིམས་སྒྲོག་འགྲེལ་དང་། ལད་ཟློས་ཁྲིམས་ར་སོགས་ཀྱི་རྣམ་པའི་ཐོག་ནས་ཁྲིམས་ལུགས་ཐད་ཀྱི་འདྲི་ཞིབ་དང་ཁྲིམས་སྐྱོང་དྲིལ་བསྒྲགས་སོགས་སྤེལ་བ་རེད།  





དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1