གཙོ་ངོས།>> གསར་འགྱུར།>>རྒྱལ་སྤྱི་གསར་འགྱུར།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། ༢༠༢༡ལོའི་ཟླ་བ་༠༨ཚེས་༡༦ཉིན།

རྒྱ་གར་རྡི་ལི་ཏེར་ཐ་ལས་“རྣམ་པར་རྒྱལ་ཡོད”ཟེར།


   ཟླ་8ཚེས་10ཉིན། གཟའ་མིག་དམར་ཉིན་རྒྱ་གར་གྱི་རྒྱལ་སའི་ཁོངས་གཏོགས་ཁུལ་འཕྲོད་བསྟེན་ཅུས་ཀྱི་ཅུས་ཀྲང་སཱ་ཏི་ཏར་ཅཱ་དབྱིན་གྱིས། རྡི་ལི་གསར་པ་ཏོག་གསར་ནད་དུག་གཞན་འགྱུར་ཏེར་ཐ་ལས“རྣམ་པར་རྒྱལ་ཡོད”པ་བསྟན།    གྲོང་ཁྱེར་དེའི་རིམས་ནད་སྐོར་གཉིས་པ་བྱུང་སྐབས་དང་དེའི་རྗེས་སུ། གཞན་འགྱུར་ནད་དུག་དེ་གཞི་རྒྱུའི་རིམ་ཕྲེང་ཚད་ལེན་བྱེད་པར་བསྐྱལ་བའི་ཏོག་དབྱིབས་ནད་དུག་མ་དཔེའི་ཁྲོད་བཅུ་ཆ་བརྒྱད་ཟིན་ཡོད། 
   ཅ་དབྱིན་གྱིས། རྡི་ལི་གསར་པར་དྭངས་ཁྲག་བརྟག་དཔྱད་སྐོར་ཐེངས་གསར་པ་ཞིག་མགྱོགས་པོར་བྱ་རྒྱུ་ཡིན། ན་ནིང་ཟླ་6པའི་ཟླ་མཇུག་ཏུ་ཐེངས་དང་པོར་དྭངས་ཁྲག་བརྟག་དཔྱད་བྱས་པ་ལས། 22.6%ཡི་མ་དཔེའི་ནང་དུ་ཏོག་གསར་ནད་དུག་འགོག་གཟུགས་ཡོད་པ་ཤེས། ད་ལོའི་ཟླ་དང་པོར་བརྟག་དཔྱད་སྐོར་ཞིག་བྱས་པའི་ནང་། 56.13%གྱི་བརྟག་དཔྱད་དང་ལེན་བྱེད་མཁན་ཚང་མར་འགོག་གཟུགས་ཡོད་པ་ཤེས་རྟོགས་བྱུང་ཡོད་ཟེར། 
   ཁོང་གིས“ཏེར་ཐ་གཞན་འགྱུར་གྱི་ནད་དུག་དེ་རྒྱ་གར་ནས་བྱུང་བ་ཡིན་པས། ང་ཚོས་རིམས་ནད་སྐོར་གཉིས་པ་ཐོན་སྐབས་ནས་དེའི་བཙན་ཤུགས་རྟོགས་བྱུང་། རྒྱལ་ཁབ་གཞན་དག་གིས་ངེས་པར་དུ་གྲ་སྒྲིག་ཡག་པོ་བྱེད་དགོས། རིམས་ནད་དེ་མཆེད་བཞིན་ཡོད། རྡི་ལི་གསར་པས་ཏེར་ཐ་གཞན་འགྱུར་གྱི་ནད་དུག་དང་འཐབ་པ་མ་ཟད་རྣམ་པར་རྒྱལ་བ་རེད”ཅེས་བཤད་པ་རེད།
   ཁོང་གིས་ད་དུང་བཤད་དོན། རིམས་ནད་སྐོར་གསུམ་པར་ཁ་གཏད་འཇལ་ཆེད། རྡི་ལི་གསར་པས་ནད་པའི་ཉལ་ཁྲི་ཁྲི་3.7གྲ་སྒྲིག་བྱས་ཡོད། དེའི་ཁྲོད་དུ་ཉལ་ཁྲི་ཁྲི་1.2ནི་ནད་གཞི་ལྕི་བའི་ནད་པའི་ཉལ་ཁྲི་ཡིན། 

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1