གཙོ་ངོས།>> སློབ་གསོ།>>འཚོ་བའི་རྒྱུན་ཤེས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། ༢༠༢༡ལོའི་ཟླ་བ་༠༨ཚེས་༡༦ཉིན།

༄༅།། རྒྱུན་པར་བརྙན་འཕྲིན་ལ་བལྟས་ན་འཚོ་བཅུདAབསྟེན་དགོས་པའི་རྒྱུ་མཚན་ཅི།

        མིའི་མཐོང་བྱེད་དྲ་སྐྱིའི་འོད་ལེན་ཕྲ་ཕུང་གི་ཁྲོད་དུ་དམིགས་བསལ་གྱི་འོད་ལེན་དངོས་པོ་ཞིག་ཡོད། གསོ་བ་རིག་པའི་གཞུང་དུ་དེ་ལ་མཐོང་ཚོན་གཟུགས་ཟེར། འོད་ལྡན་རྫས་འགྱུར་གྱི་འགྱུར་འབྱུང་རབ་དང་རིམ་པ་བརྒྱུད་རྗེས། དེས་མིག་ལ་མུན་ནག་གམ་མཚན་མོར་ཡང་ཕྱོགས་བཞིའི་ལྗོངས་དངོས་ཐམས་ཅད་མཐོང་ཐུབ་པའི་ནུས་པ་སྦྱིན་པ་རེད།
        མི་རྣམས་རྒྱུན་དུ་མུན་ནག་གི་ཁོར་ཡུག་འོག་ཏུ་སེམས་ཤུགས་གཅིག་སྒྲིམ་གྱིས་བརྙན་འཕྲིན་ལ་བལྟ་རྒྱུར་ཧ་ཅང་དགའ། དེ་ལྟར་བྱས་ན་མཐོང་ཚོན་གཟུགས་མང་པོ་ཟད་འགྲོ་བ་དང་།མཐོང་ཚོན་གཟུགས་དེ་ནི་འཚོ་བཅུདAཡིས་གྲུབ་པ་ཡིན་པས། དོན་དངོས་སུ་འཚོ་བཅུདAའབོར་ཆེན་ཟད་པ་རེད། གལ་ཏེ་རྒྱུན་དུ་འཚོ་བཅུདAའདང་ངེས་ཤིག་ཁ་གསབ་མ་བྱས་ན། ཁྲག་ནང་གི་འཚོ་བཅུདAཉུང་བའམ་མི་འདང་བར་འགྱུར་བཞིན་ཡོད་པས།འོད་ལེན་ཕྲ་ཕུང་གི་འོད་ལྡན་རྫས་འགྱུར་འགྱུར་འབྱུང་ལ་ངན་ཤུགས་ཐེབས་ཏེ།མཐོང་ཚོན་གཟུགས་འདང་ངེས་ཤིག་ཆགས་མི་ཐུབ་པ་རེད། མཐོང་ཚོན་གཟུགས་ཀྱི་མུན་ནག་ཁྲོད་ཀྱི་འོད་ཀྱི་བྱེད་ནུས་སླར་གསོ་འབྱུང་ཚད་ཇེ་དལ་དུ་སོང་ན། མུན་ནག་ལ་གོམས་པའི་དུས་ཚོད་ཇེ་རིང་དུ་སོང་ནས་ཚབས་ཆེ་བའི་སྐབས་སུ་མཚན་མོའི་མཐོང་ཚོར་ཇེ་ཞན་དུ་འགྲོ་བ་རེད། གནས་ཚུལ་དེའི་རིགས་ལ་མི་རྣམས་ཀྱིས་མཚན་ལོང་དུ་འབོད་པ་དང་། དུས་རྒྱུན་གྱི་འཚོ་བ་དང་བྱ་བ། སློབ་སྦྱོང་བཅས་ལ་གནོད་འཚེ་ཐེབས་སྲིད།
        རྒྱུན་དུ་བརྙན་འཕྲིན་ལ་ལྟ་མཁན་ཞིག་ཡིན་ན། དུས་ལྟར་འཚོ་བཅུདAའདུས་པའི་ཟས་རིགས་བཟའ་དགོས་པ་སྟེ། དཔེར་ན། ལ་སེར་དང་ཚོད་ནག ཀེའུ། ཚ་ལུ་མ།དེ་མིན་སྲོག་ཆགས་ཀྱི་མཆིན་པ་དང་། སྒོ་ང་། འོ་མ་སོགས་བསྟེན་དགོས། དགོས་ངེས་ཀྱི་སྐབས་སུ་ཉའི་མཆིན་སྣུམ་བསྟེན་ན། འཚོ་བཅུདAའདང་ངེས་ཤིག་མཐོང་ཚོན་གཟུགས་ལ་འདྲེས་ཐུབ་པ་རེད། །

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1