གཙོ་ངོས།>> གསར་འགྱུར།>>རྒྱལ་སྤྱི་གསར་འགྱུར།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་སྐད་རླུང་འཕྲིན། སྤེལ་དུས། ༢༠༢༡ལོའི་ཟླ་བ་༠༨ཚེས་༡༨ཉིན།

མཱ་ཁི་ལུང་གིས་ཧྥན་རན་སི་སོགས་ཡོ་རོབ་གླིང་གི་རྒྱལ་ཁབ་དག་གིས་མུ་མཐུད་དུ་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་དགོས་པའི་ཚུལ་བསྟན།

        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཧྥན་རན་སིའི་ཙུང་ཐུང་མཱ་ཁི་ལུང་གིས་ཚེས་བཅུ་དྲུག་ཉིན་བསྟན་དོན། ཧྥན་རན་སི་དང་ཡོ་རོབ་གླིང་གི་རྒྱལ་ཁབ་གཞན་པས་མུ་ཐུད་དུ་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་བ་དང་། མཉམ་དུ་ཨ་ཧྥུའུ་ཧན་གྱི་གནས་བབ་ཐད་ནས་འབྱུང་སྲིད་པའི་ཡུལ་གྱར་བ་མང་བོ་ཡོ་རོབ་གླིང་དུ་ཡོང་བའི་གནད་དོན་སོགས་ཐག་གཅོད་བྱེད་དགོས་ཟེར། 
        མཱ་ཁི་ལུང་གིས་ཉིན་དེའི་དགོང་མོར་ཨ་ཧྥུའུ་ཧན་གྱི་གནས་བབ་ཐད་ནས་བརྙན་འཕྲིན་གཏམ་བཤད་སྤེལ་ཏེ། ཨ་ཧྥུའུ་ཧན་ལ་ལོ་རྒྱུས་དཀྱོགས་མཚམས་རང་བཞིན་གྱི་འགྱུར་ལྡོག་འབྱུང་བཞིན་ཡོད་པ་དང་། དེས་ཧྥ་རན་སི་དང་ཡོ་རོབ་གླིང་། ཐ་ན་འཛམ་གླིང་ཧྲིལ་བོར་ཤུགས་རྐྱེན་ཆེན་པོ་ཐེབས་སྲིད་ཟེར། 
        མཱ་ཁི་ལུང་གིས་བཤད་རྒྱུར། ཁོས་དབྱིན་ཇིའི་དབུ་བཞུགས་བློན་ཆེན་ཡའོ་ཧན་ཞོན་དང་། འཇར་མན་གྱི་ཙུང་ལི་མའོ་ཁི་ཨར་སོགས་ཡོ་རོབ་གླིང་གི་རྒྱལ་ཁབ་ཀྱི་མགོ་ཁྲིད་པ་དང་མཉམ་དུ་ཨ་ཧྥུའུ་ཧན་གྱི་གནས་བབ་ཐད་ནས་བསམ་འཆར་བརྗེ་རེས་བྱས་ཡོད་ལ། མུ་མཐུད་དུ་རྣམ་པ་གང་རུང་གི་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་རྒྱུ་ཐག་བཅད་ཡོད་ཟེར། ཁོས་ནན་གྱིས་བསྟན་དོན། ཨ་ཧྥུའུ་ཧན་དེ་ཡང་བསྐྱར་འཇིགས་སྐུལ་རིང་ལུགས་ཀྱི་འགེབས་སྲུང་ས་ཁུལ་དུ་འགྱུར་མི་རུང་བ་དང་། དོན་དེ་རྒྱལ་སྤྱིའི་ཞི་བདེ་དང་གཏན་འཇགས་ལ་འབྲེལ་བ་ཡོད་ཟེར། 
        ཁོས་ད་རུང་ཨ་ཧྥུའུ་ཧན་གྱི་གནས་བབ་གཏན་འཇགས་མིན་ཚེ་ཡུལ་གྱར་བ་མང་བོ་ཡོ་རོབ་གླིང་དུ་ཡོང་བའི་གནད་དོན་འབྱུང་སྲིད་པའི་ཉེན་བརྡ་བཏང་། ཧྥན་རན་སི་ཡིས་ཡོ་རོབ་གླིང་གི་རྒྱལ་ཁབ་གཞན་པ་དང་མཉམ་དུ་མཐུན་སྦྱོར་དང་གཅིག་གྱུར་གྱི་ཐག་གཅོད་བྱེད་ཐབས་མྱུར་དུ་སྤྱད་ཅིང་། ཡུལ་གྱར་བར་སྲུང་སྐྱོབ་བྱེད་པའི་ཚད་གཞི་གཅིག་གྱུར་བྱས་ཏེ། ཡུལ་གྱར་བ་བརྒྱུད་སྲིད་པའི་རྒྱལ་ཁབ་བར་མཉམ་ལས་བྱེད་རྒྱུ་ཡིན་ཟེར། 
        མཱ་ཁི་ལུང་གིས་ད་རུང་ཁྱབ་སྒྲོག་བྱས་དོན། མྱུར་དུ་ཧྥ་རན་སིའི་དམིགས་བསལ་དམག་དཔུང་གི་དམག་དོན་གནམ་གྲུ་གཉིས་ཨ་ཧྥུའུ་ཧན་དུ་མངག་སྟེ། ཧྥ་རན་སིའི་ཆེས་མཇུག་མཐའི་ཕྱི་སྡོད་རང་མི་སྐོར་དེའི་ཕྱི་འཐེན་བྱ་བར་འགན་ཁུར་རྒྱུ་ཡིན་ཟེར། 

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1