གནོད་འཚེ་བཅོས་སྒྲིག་ལས་གྲྭ་འདི་ཕྱོགས་ཡོངས་ནས་ལེགས་གྲུབ་བྱུང་།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།རྔ་སྒྲ། སྤེལ་དུས། 08-18


    རྒྱལ་ཁབ་རིམ་པའི་གཞུང་ལམ་213པའི་གཙོ་ཚང་སྒུ་ནས་ཝུན་ཁྲོན་བར་གྱི་གནོད་འཚེ་བཅོས་སྒྲིག་ལས་གྲྭ་ཕྱོགས་ཡོངས་ནས་ལེགས་གྲུབ་བྱུང་ཡོད། ཤེས་རྟོགས་བྱུང་བ་ལྟར་ན། ལས་གྲྭ་དེའི་གྲུབ་ཚུལ་གཙོ་བོ་ནི་རྨིན་ཅང་གཙང་བོ་ལས་བརྒལ་བའི་ཟམ་པ་གཉིས(དེ་ལས་ཆིང་ཕོ་ཟམ་ཆེན་དང་བོའི་རིང་ཚད་ལ་སྨི་185.5དང་ཆིང་ཕོ་ཟམ་ཆེན་གཉིས་པའི་རིང་ཚད་ལ་སྨི་159.5ཡོད།)ཡིན་པ་དང་། ཟམ་པའི་སྤྱིའི་རིང་ཚད་ལ་སྨི་345དང་། ལམ་གཞིའི་རིང་ཚད་ལ་སྨི་580གསར་དུ་བསྣན་ཡོད། 

    མིག་སྔའི་བར་དུ་ལས་གྲྭ་ལེགས་གྲུབ་བྱུང་བར་མ་ཟད་རླངས་འཁོར་ཤར་གཏོང་ཐུབ་ཡོད། རླངས་འཁོར་ཤར་གཏོང་ཐུབ་པས་ད་ལོའི་ཞིང་ཆེན་རིག་གནས་ལྗོངས་སྐོར་འཕེལ་རྒྱས་ཚོགས་ཆེན་དེ་རང་ཁུལ་དུ་འཚོགས་པར་འགྲོ་ལམ་ཤར་བགྲོད་ཀྱི་ཁོར་ཡུག་བཟང་བོ་བསྐྲུན་ཡོད་ལ། ལམ་མཚམས་དེའི་འགྲོ་ལམ་བདེ་འཇགས་ཤར་བགྲོད་ཐུབ་པའི་ནུས་པའང་ཆེས་ཆེར་ལེགས་སུ་ཕྱིན་ཡོད


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1