བོད་ཀྱི་རྩ་ཆེའི་དཔེ་རྙིང་གྲངས་གཞིར་བཟོས་ནས་སྲུང་སྐྱོབ་བྱས་པས་སླར་ཡང་སྐྱེ་སྟོབས་ལྡན།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-20


          ཞིན་ཧྭ་གསར་འགྱུར་ཁང་ནས་གློག་འཕྲིན་འབྱོར་གསལ། བོད་རང་སྐྱོང་ལྗོངས་དཔེ་མཛོད་ཁང་གི་འགོ་འཛིན་ནོ་མོ་ཡིས་གསར་འགོད་པར། ད་ཆ་བོད་ཀྱི་དཔེ་རྙིང་སྲུང་སྐྱོབ་བྱ་བ་ཉིད་གྲངས་གཞིར་བཟོ་བའི་དུས་ལ་སླེབས་པས། སྡེ་ཚན་མང་པོ་ཞིག་ལས་སྣ་སོ་སོར་བགོས་ཏེ་ཤིང་ཏ་ལའི་ལོ་མའི་དཔེ་ཆ་དང་། ལོ་རྒྱུས་ཡིག་ཚགས། གསོ་རིག་སྨན་གཞུང་སོགས་རྩ་ཆེའི་བོད་ཡིག་དཔེ་རྙིང་གྲངས་གཞིར་བཟོས་ནས་སྲུང་སྐྱོབ་བྱས་པས་སྐྱེ་སྟོབས་ལྡན་ཡོདཅེས་བཤད་འདུག

           དཔྱད་གཞི་ལས། རྒྱལ་ཡོངས་སུ་ཉར་ཚགས་བྱས་པའི་བོད་ཡིག་དཔེ་རྙིང་པུ་ཏི་བསྡོམས་འབོར་ཁྲི་100ཡན་ཟིན་པའི་ཁྲོད་དུ་གསུམ་ཆ་གཉིས་ཙམ་བོད་ལ་ཡོད་ཅིང་། བོད་ཀྱི་རྩ་ཆེའི་པུ་ཏི་158རྒྱལ་ཁབ་ཀྱི་རྩ་ཆེའི་དཔེ་རྙིང་དཀར་ཆག་ནང་བཅུག་ཡོད། བོད་ཀྱིས་མངའ་རིས་དང་། ནག་ཆུ། ཉིང་ཁྲི་བཅས་ས་ཁུལ་གྱི་དཔེ་རྙིང་ཡོངས་བཤེར་ལས་དོན་བསྒྲུབས་ཏེ་དཔེ་རྙིང་གྲངས་གཞིར་བཟོས་ནས་སྲུང་སྐྱོབ་བྱ་རྒྱུར་རྨང་གཞི་བཏིང་ཡོད།


           ནོ་མོ་ཡིས། ད་ཆ་བོད་ཀྱི་དཔེ་མཛོད་ཁང་གིས་དཔེ་རྙིང་ཡོངས་བཤེར་ཀྱི་གྲངས་གཞི་ཕབ་འཇུག་དང་། གོང་ཞུ། བདག་གཉེར་བཅས་ཀྱི་ལས་དོན་ཁྱོན་ཡོངས་ནས་སྤེལ་བ་མ་ཟད། བོད་ཀྱི་དཔེ་རྙིང་ཕྱོགས་བསྡུས་ཆ་འཕྲིན་གྲངས་གཞིའི་མཛོད་ཀྱང་བཙུགས་ཡོད། ཉེ་ཆར་བོད་རང་སྐྱོང་ལྗོངས་དཔེ་མཛོད་ཁང་གི་ཚད་ལྡན་ཡིག་ཆའི་དཀར་ཆགདང་།བོད་ཀྱི་དཔེ་རྙིང་ཞིབ་འཇུག་སློབ་ཚན།》《ལྷ་སའི་དཔེ་རྙིང་དཀར་ཆགདང་དེ་བཞིན་རྒྱལ་ཁབ་ཀྱི་རྩ་ཆེའི་དཔེ་རྙིང་དཀར་ཆག》《རྒྱལ་ཁབ་ཀྱི་རྩ་ཆེའི་དཔེ་རྙིང་གི་དཔེ་རིས།》《བོད་བརྒྱུད་ནང་བསྟན་གྱི་འབྲི་གུང་བཀའ་བརྒྱུད་ཀྱི་དཔེ་རྙིང་བོད་རྒྱ་ཤན་སྦྱར་དཔེ་ཚོགས་དཀར་ཆགཁག་གསུམ་དང་དཔེ་ཚོགས་ཀྱི་གློག་རྡུལ་དེབ་150བཅས་ཚང་མ་གྲངས་གཞིར་བསྒྱུར་ཡོད་ཅེས་བཤད། །



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1