ཝང་དབྱང་གིས་ཀྲུང་དབྱང་འཐུས་ཚབ་ཚོགས་པའི་སྣེ་ཁྲིད་དེ་བོད་ལྗོངས་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་འཁོར70ལོན་པར་རྟེན་འབྲེལ་ཞུ་བའི་བྱེད་སྒོར་ཞུགས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། ཞིན་ཧྭ་དྲ་བ། སྤེལ་དུས། 08-19



        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས18ཉིན་གྱི་ཉིན་གུང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུའམ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་ཚོགས་གཙོ་ཡིན་པའི་ཀྲུང་དབྱང་འཐུས་ཚབ་ཚོགས་པ་ལྷ་སར་འབྱོར་ཏེ་བོད་ལྗོངས་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་འཁོར70ལོན་པར་རྟེན་འབྲེལ་ཞུ་བའི་བྱེད་སྒོར་ཞུགས། གནམ་གྲུ་ཐང་དུ། ཀྲུང་དབྱང་འཐུས་ཚབ་ཚོགས་པར་བོད་ལྗོངས་ཀྱི་རིགས་སོ་སོའི་མང་ཚོགས་ཀྱིས་སྤྲོ་སེམས་འཁོལ་བའི་དགའ་བསུ་བྱས། 


གནམ་གྲུ་ཐང་དུ། ཀྲུང་དབྱང་འཐུས་ཚབ་ཚོགས་པར་བོད་ལྗོངས་ཀྱི་རིགས་སོ་སོའི་མང་ཚོགས་ཀྱིས་སྤྲོ་སེམས་འཁོལ་བའི་དགའ་བསུ་བྱས་པའི་རྣམ་པ་རེད། 

        ཟླ8པའི་མཚོ་བོད་མཐོ་སྒང་གི་རི་ཐང་ཀུན་ལ་ལྗང་མདོག་གིས་ཕྱུགས་ཤིང་སྐལ་བཟང་མེ་ཏོག་གིས་རྒྱན། ལྷ་སའི་གོང་དཀར་གནམ་གྲུ་ཐང་དུ་དགའ་བསུའི་རྔ་ཆེན་སྒྲོག་ཅིང་སྤྲོ་སྐྱིད་འདུ་འཛིའི་ཁེངས་ཡོད། 
        ཆུ་ཚོད12དང་སྐར་མ50ཙམ་ལ། འཐུས་ཚབ་ཚོགས་པའི་ཆེད་གཏོང་གནམ་གྲུ་གོང་དཀར་གནམ་གྲུ་ཐང་དུ་དལ་གྱིས་བབས་ལ། སྔ་མོ་ནས་གནམ་གྲུ་ཐང་དུ་སྒུག་ཡོད་པའི་བོད་ལྗོངས་རིགས་སོ་སོའི་འཐུས་མིས་སྤྲོ་སེམས་འཁོལ་བའི་ཐལ་མོའི་བརྡབ་ཅིང་དགའ་འབོད་བྱས། ཝང་དབྱང་གནམ་གྲུའི་སྒོར་བུད་དེ་དགའ་བསུ་ཞུ་བའི་མང་ཚོགས་ལ་ཕྱག་བརྡ་བཏང་ཞིང་གུས་ལན་ཞུས། 
        ཀྲུང་དབྱང་འཐུས་ཚབ་ཚོགས་པའི་ཚོགས་གཙོ་གཞོན་པའི་འགན་ཁུར་བའི་ཀྲུང་གུང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅིའམ་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ཡིའུ་ཆོན་དང་། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཨུ་ཡོན་ཀྲང་གཞོན་པ་པད་མ་འཕྲིན་ལས། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཆིང་ལི། ཀྲུང་དབྱང་དམག་ཨུའི་ཨུ་ཡོན་ནམ་དམག་ཨུའི་ཆབ་སྲིད་ལས་དོན་པུའུ་ཡི་ཀྲུའུ་རེན་མེའོ་ཧྭ་བཅས་ལྷན་དུ་གནམ་གྲུའི་སྐས་ཀ་ནས་བབས། ཀྲུང་དབྱང་འཐུས་ཚབ་ཚོགས་པའི་ཁོངས་མི་དུས་གཅིག་ཏུ་འབྱོར།
        བོད་རང་སྐྱོང་ལྗོངས་ཏང་ཨུའི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་དང་། རང་སྐྱོང་ལྗོངས་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་རྒྱལ་མཚན། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཀྲུའུ་ཞི་ཆེ་དགྲ་ལྷ་བཅས་གནམ་གྲུ་ཐང་དུ་བང་བསྒྲིགས་ནས་ཕེབས་བསུ་ཞུས་པ་རེད། མི་རིགས་སོ་སོ་དང་ལས་རིགས་སོ་སོའི་འཐུས་མི500ལྷག་གིས་དུས་ཆེན་གྱི་གཟབ་མཆོར་ལེགས་པར་སྤྲས་ཏེ་མེ་ཏོག་ཆུན་དང་ཆུན་པོ་དགུང་དུ་གཡུག་ཅིང་དགའ་བའི་ཞབས་བྲོ་འཁྲབ། པེ་ཅིང་གི་སྐུ་མགྲོན་ལ་ཁ་བཏགས་དང་ནས་ཆང་། འབྲུ་རིགས་ལོ་ལེགས་མཚོན་པའི་གྲོ་སོ་ཕྱེ་མར་བཅས་ཕུལ། 
        གནའ་མཁར་ལྷ་སས་དུས་ཆེན་གྱི་གཟབ་མཆོར་ལེགས་པར་སྤྲས་ཏེ་བཀྲ་ཤིས་དུས་སྟོན་གྱི་རྣམ་པས་ཡོངས་སུ་ཁེངས་ཡོད། གནམ་གྲུ་ཐང་ནས་ཀྲུང་དབྱང་འཐུས་ཚབ་ཚོགས་པ་བཞུགས་སའི་གསོལ་མགྲོན་ཁང་བར་གྱི་ཁྲོམ་གཞུང་གཡས་གཡོན་གཉིས་སུ་དར་ཚོན་དང་འཕྲེད་འགེལ་སྦྱར་ཡིག་བཀལ་ནས་རྟེན་འབྲེལ་དང་དགའ་སྤྲོའི་རྣམ་པ་མཚོན་ཡོད། 

        ཚེས18ཉིན་གྱི་ཕྱི་དྲོར། ཝང་དབྱང་གིས་འཐུས་ཚབ་ཚོགས་པའི་ཁོངས་མི་ཡོངས་ཀྱི་སྣེ་ཁྲིད་དེ་བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་དུ་ཕེབས་ནས《ཏང་གི་འོད་སྟོང་མཐའ་མཚམས་སུ་འཕྲོ། འཚེམ་དྲུབ་ཀྱིས་མཐོ་སྒང་གི་ལེའུ་གསར་བ་བརྩམ་པ་སྟེ་བོད་ལྗོངས་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་འཁོར70ལོན་པའི་གྲུབ་འབྲས་འགྲེམས་སྟོན》གྱི་མགོ་ཚུགས་མཛད་སྒོར་ཞུགས་ཤིང་འགྲེམས་སྟོན་ལ་ལྟས། 
        ཝང་དབྱང་གིས་གྲུབ་འབྲས་འགྲེམས་སྟོན་མགོ་ཚུགས་པ་ཁྱབ་བསྒྲགས་གནང་། མགོ་ཚུགས་མཛད་སྒོའི་རྗེས་སུ་ཀྲུང་དབྱང་འཐུས་ཚབ་ཚོགས་པའི་ཁོངས་མི་ཡོངས་ཀྱིས་སྤྲོ་སྣང་ཆེན་པོས་གྲུབ་འབྲས་འགྲེམས་སྟོན་ལ་ལྟ་སྐོར་གནང་། 
        ཝང་དབྱང་གིས་འཐུས་ཚབ་ཚོགས་པའི་ཁོངས་མི་ཡོངས་ཀྱི་སྣེ་ཁྲིད་དེ་བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་དུ་ཕེབས་ནས《ཏང་གི་འོད་སྟོང་མཐའ་མཚམས་སུ་འཕྲོ། འཚེམ་དྲུབ་ཀྱིས་མཐོ་སྒང་གི་ལེའུ་གསར་བ་བརྩམ་པ་སྟེ་བོད་ལྗོངས་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་འཁོར70ལོན་པའི་གྲུབ་འབྲས་འགྲེམས་སྟོན》གྱི་མགོ་ཚུགས་མཛད་སྒོར་ཞུགས་ཤིང་འགྲེམས་སྟོན་ལ་ལྟས། 
        བོད་ལྗོངས་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་འཁོར70ལོན་པའི་གྲུབ་འབྲས་འགྲེམས་སྟོན་དེ་རླབས་ཆེ་བའི་ལོ་རྒྱུས་ལམ་བུ་དང་འོད་སྟོང་འཕྲོ་བའི་གྲུབ་འབྲས་ལས་གྲུབ་པ་ཞིག་རེད། འགྲེམས་སྟོན་གྱིས་བོད་ལྗོངས་ཞི་བས་བཅིངས་འགྲོལ་དང་དམངས་གཙོའི་བཅོས་བསྒྱུར། རང་སྐྱོང་ལྗོངས་དབུ་བརྙེས་པ། སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན། བཅོས་བསྒྱུར་སྒོ་འབྱེད། དུས་རབས་གསར་པར་སླེབས་པ་བཅས་ཀྱི་ལོ་རྒྱུས་འཕེལ་རིམ་ལ་ཕྱོགས་ཡོངས་ནས་ཕྱིར་དྲན་བྱས་པ་མ་ཟད། ཀྲུང་གོ་གུང་ཁྲན་ཏང་གི་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་འོག་གི་བོད་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་རླབས་ཆེན་ཡོངས་སུ་མངོན་ཡོད།
        ཝང་དབྱང་དང་བཅས་པ་འགྲེམས་སྟོན་ཁང་དུ་ཕེབས་ནས་འགྲེམས་སྟོན་ལ་ལྟ་ཞོར་དང་འགྲེལ་བཤད་ལ་ནན་ཏན་གྱིས་ཉན་ཞོར་བྱས། 《གྲོས་མཐུན་དོན་ཚན་བཅུ་བདུན》ཐོག་མིང་རྟགས་འགོད་པའི་མཛད་སྒོའི་ལོ་རྒྱུས་པར་རིས་དང་། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ལག་བསྟར་བྱས་པའི་འགྲེམས་པང་། ཁ་གཏད་བོད་སྐྱོར་མ་དངུལ་གྱི་རེའུ་མིག 《བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་གཏོད་པའི་སྲོལ་ཡིག》བཅས་ཀྱི་པར་རིས་སོགས་འགྲེམས་པང་རེ་རེ་དང་པར་རིས་རེ་རེས་ལོ་འཁོར70ཡི་རིང་བོད་ལྗོངས་ཀྱིས་ཏང་གི་མགོ་ཁྲིད་འོག་ཐོབ་པའི་འཕེལ་རྒྱས་དག་གསོན་ཉམས་དོད་པོས་མཚོན་ཡོད། ཝང་དབྱང་གིས་སྐབས་རེར་ཀྲོང་ངེར་བསྡད་ནས་ཞིབ་ལྟ་བྱས་པ་དང་སྐབས་རེར་འབྲེལ་ཡོད་གནས་ཚུལ་ཞིབ་འདྲི་བྱས། ཉེ་བའི་ལོ་འགའི་རིང་བོད་ལྗོངས་ཀྱི་བྱ་གཞག་སོ་སོར་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་། 
        ཏང་ཀྲུང་དབྱང་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ལྟར། ཚེས18ཉིན་གྱི་དགོང་མོར་ཝང་དབྱང་གིས་ལྷ་ས་གསོལ་མགྲོན་ཁང་དུ་བོད་ལྗོངས་དུ་སྡོད་པའི་མགོ་ཁྲིད་ལས་བྱེད་པ་དང་། བློ་མཐུན་རྒན་པ་པད་མ་འཕྲིན་ལས། འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ། ལེགས་མཆོག པ་སངས་བཅས་དང་། བློ་མཐུན་ང་ཕོད་ངག་དབང་འཇིགས་མེད་ཀྱི་ཁྱིམ་མིའི་འཐུས་མི་ལ་གཟིགས་པ་དང་ཁོང་ཚོར་བྱམས་བརྩེའི་འཚམས་འདྲི་གནང་། 
        ཏང་ཀྲུང་དབྱང་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ལྟར། ཚེས18ཉིན་གྱི་དགོང་མོར་ཝང་དབྱང་གིས་ལྷ་ས་གསོལ་མགྲོན་ཁང་དུ་བོད་ལྗོངས་དུ་སྡོད་པའི་མགོ་ཁྲིད་ལས་བྱེད་པ་དང་། བློ་མཐུན་རྒན་པ་པད་མ་འཕྲིན་ལས། འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ། ལེགས་མཆོག པ་སངས་བཅས་དང་། བློ་མཐུན་ང་ཕོད་ངག་དབང་འཇིགས་མེད་ཀྱི་ཁྱིམ་མིའི་འཐུས་མི་ལ་གཟིགས་པ་དང་ཁོང་ཚོར་བྱམས་བརྩེའི་འཚམས་འདྲི་གནང་། 
        ཝང་དབྱང་གིས་ཁོང་ཚོའི་གཟུགས་པོ་དང་འཚོ་བའི་གནས་ཚུལ་ལ་བྱམས་བརྩེའི་ངང་འཚམས་འདྲི་གནང་བ་དང་། ཁོང་ཚོར་མི་རིགས་སོ་སོའི་མང་ཚོགས་ཁྲོད་ཀྱི་བླ་ན་མེད་པའི་སྙན་གྲགས་དང་བོད་ལྗོངས་གསར་པའི་འཛུགས་སྐྲུན་ཆེད་བྱས་རྗེས་གལ་ཆེན་བཞག་པར་ཁས་ལེན་གང་ལེགས་གནང་། 
        བློ་མཐུན་ལེགས་མཆོག་དང་པ་སངས་ཀྱིས་གཏམ་བཤད་གནང་ནས་ཏང་ཀྲུང་དབྱང་གི་ཐུགས་ཁུར་ལ་ཐུགས་རྗེ་ཆེ་ཞུས་པ་དང་། བློ་བརྟན་འགྱུར་མེད་ངང་ཏང་གི་རྗེས་སུ་འབྲངས་ནས་གངས་ལྗོངས་མཐོ་སྒང་ཡུན་རིང་བདེ་བཀོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་མུ་མཐུད་དུ་བྱས་རྗེས་གང་མང་འཇོག་རྒྱུ་ཡིན་ཞེས་བསྟན། 
        ཚེས18ཉིན་གྱི་སྔ་དྲོར། ཀྲུང་དབྱང་གི་འཐུས་ཚབ་ཚོགས་པའི་ཁོངས་མི22ཆེད་གཏོང་གནམ་གྲུར་བསྡད་ནས་པེ་ཅིང་ནས་ལྷ་སར་བསྐྱོད་དེ་བོད་ལྗོངས་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་འཁོར70ལོན་པར་རྟེན་འབྲེལ་ཞུ་བའི་བྱེད་སྒོར་ཞུགས། འཐུས་མི་ཚོགས་པའི་ཁོངས་མིའི་ནང་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་དང་དམག་དཔུང་གི་འབྲེལ་ཡོདལས་ཁུངས་ཀྱི་འགན་འཁུར་བ་སོགས་ཚུད་ཡོད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1