བརྙན་རིས་ལ་བཀོད་པའི་ལོ་ངོ་70ཡི་འགྱུར་ལྡོག

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 08-20


   ལོ་70ཡི་གོང་བོད་ལྗོངས་ཞི་བས་བཅིངས་འགྲོལ་བཏང་བ་རེད། བོད་ལྗོངས་མི་དམངས་རྣམས་བཙན་རྒྱལ་རིང་ལུགས་ཀྱི་བཙན་འཛུལ་དང་འཆིང་རྒྱ་ལས་ཐར་ནས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་དང་མཉམ་དུ་མེས་རྒྱལ་ཁྱིམ་ཚང་ཆེན་མོའི་ནང་མཐུན་སྒྲིལ་དང་། ཡར་ཐོན། འཕེལ་རྒྱས་བཅས་ཀྱི་འོད་སྟོང་འཕྲོ་བའི་ལམ་ཆེན་ཐོག་བསྐྱོད་པ་རེད། 
   ལོ་ངོ་70ཡི་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་པོའི་ནང་། ཀྲུང་གོའི་གུང་ཁྲན་ཏང་གིས་བོད་ལྗོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་དེ་མཛེས་སྡུག་རྣམ་པར་བཀྲ་བའི་ལོ་རྒྱུས་ཀྱི་བྱས་རྗེས་མང་དུ་བཞག་ཡོད། དུས་ཡུན་ཐུང་ཐུང་ལོ་བཅུ་ཕྲག་ཁ་ཤས་ནང་ལོ་ངོ་སྟོང་གི་མཆོང་སྐྱོད་བྱས་ནས་བོད་ལྗོངས་འདི་ཉིད་མུན་ནག་ནས་འོད་ཟེར་དང་། རྗེས་ལུས་ནས་ཡར་ཐོན། དབུལ་ཕོངས་ནས་འབྱོར་ཕྱུག་ལྡན་པ། སྲིད་དབང་སྒེར་གཅོད་ནས་དམངས་གཙོ། བཀག་སྡོམ་ནས་སྒོ་དབྱེ་བའི་ཕྱོགས་སུ་བསྐྱོད་ནས། བོད་ལྗོངས་སྤྱི་ཚོགས་ཀྱི་རྣམ་པ་ཉིན་རེ་བཞིན་ཡག་ཏུ་ཕྱིན་ནས་བོད་མི་དམངས་ཀྱི་འཚོ་བ་ཉིན་བཞིན་ཇེ་ཡག་ཏུ་འགྲོ་བཞིན་ཡོད། 

   ང་ཚོས་བརྙན་རིས་ཁག་གཅིག་ཞིབ་བསྡུར་བྱས་པ་བརྒྱུད་ནས། ལོ་ངོ་70ཡི་རིང་བོད་ལྗོངས་ཀྱི་སྤྱིར་བཏང་མིན་པའི་ལམ་བུ་དང་ཞི་བས་བཅིངས་འགྲོལ་བཏང་ཚུན། བོད་ལྗོངས་ཀྱི་བྱ་གཞག་ཁག་ལ་ཐོབ་པའི་ཕྱོགས་ཡོངས་ཀྱི་ཡར་ཐོན་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་བཅས་ལ་ཕྱིར་ལྟ་ཞིག་བྱེད།

















དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1