ངོ་མཚར་བའི་ཡུན་ནན་ཧ་ཉིའི་སྐས་ཞིང་སྣོད་བཅུད།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 08-21


     མི་དམངས་དྲ་བ་ཧུང་ཧོ་ནས་ཟླ་8ཚེས་17ཉིན་གློག་འཕྲིན་འབྱོར་གསལ། རི་རྩེ་ཡི་ནགས་ཚལ་གྱིས་ཆུ་བསགས་ནས་ཆུ་ཕྲན་ཞིག་ཏུ་གྱུར་ཏེ། རི་རྐེད་ཀྱི་གྲོང་སྡེར་འཚོ་བའི་སྤྱོད་ཆུ་མཁོ་འདོན་བྱས་པ་མ་ཟད། ད་དུང་གྲོང་སྡེའི་གཤམ་འོག་གི་སྐས་ཞིང་ལ་ཆུ་འདྲེན་པའི་ཆུ་ཁུངས་ཀྱང་མཁོ་འདོན་བྱེད་ཀྱིན་ཡོད། ཆུ་རྒྱུན་མུ་མཐུད་དུ་བཞུར་རྒྱུན་དང་བསྟུན་ནས་ས་དམའ་སའི་གྲོག་རོང་དུ་འདྲེས་ནས་ཆུ་བོ་ཆགས་པ་དང་། དེ་ནས་རླངས་འཕྱུར་གྱི་བྱེད་ནུས་ལ་བརྟེན་ནས་ཆུ་རྣམས་ནགས་ཚལ་དུ་སྐྱེལ་དགོས། “ནགས་ཚལ-གྲོང་ཚོ-སྐས་ཞིང-ཆུ་རྒྱུད”གཞི་རྒྱུ་བཞི་པོས་གྲུབ་མཐུན་དང་ཡང་སྐོར་བསྐྱར་སྐོར་བྱས་ནས་མི་རབས་ནས་མི་རབས་བར་རྒྱུན་འཁྱོངས་བྱེད་ཀྱི་ཡོད། 


     ཧ་ཉི་སྐས་ཞིང་ནི་ལོ་ངོ་1300ལྷག་ཙམ་རྒྱུན་མཐུད་པའི་སྣོད་བཅུད་རྨོ་འདེབས་མ་ལག་ཅིག་ཡིན་པ་དང་དེ་ནི་ཡུན་ནན་ཧ་ཉི་རིགས་དང་། དབྱིས་རིགས། ཏའེ་རིགས། ཀྲོང་རིགས། མིའོ་རིགས། ཡའོ་རིགས། རྒྱ་རིགས་སོགས་མི་རིགས་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཁྲོད་གསར་གཏོད་བྱས་པའི་སྣོད་བཅུད་ཤེས་དཔལ་གྱི་ངོ་མཚར་ཞིག་ཡིན་པ་དང་རིགས་གཅིག་མཁས་ཅན་གྱིས་སྲོལ་རྒྱུན་གྱི་སྣོད་བཅུད་ཞིང་ལས་ཀྱི་དཔེ་མཚོན་ལ་བརྩི་ཡི་ཡོད། གཞན་ཡང་རྒྱལ་མཚམས་སྒྲོལ་ནས་གཙང་པོ་དང་གཙང་པོའི་ཆུ་ཁུངས་ཀྱི་ས་ཆུ་སྲུང་འཛིན་དང་། ས་ཆ་ཁག་ཅིག་གི་གནམ་གཤིས། སྣོད་བཅུད་མ་ལག་སྙོམས་སྒྲིག་སོགས་ཐད་ཧ་ཉི་སྐས་ཞིང་ལས་ས་ཁོངས་རང་བཞིན་གྱི་སྣོད་བཅུད་འགན་འཁྲི་འཁུར་སེམས་མངོན་ཡོད་པ་རེད། ཡུན་ནན་ཞིང་ཆེན་ཧུང་ཧོ་ཀྲོའུ་ཡོན་དབྱང་རྫོང་ཁོངས་སུ་གཅིག་སྡུད་ཡུག་སྦྲེལ་དང་འདུས་ཚད་ཅུང་ཆེ་བའི་ཧ་ཉིའི་སྐས་ཞིང་སྤྱི་ཆིང་46100ཡོད་པ་མ་ཟད། ད་དུང་འཛམ་གླིང་ཤུལ་བཞག་གི་མིང་གཞུང་ནང་ཚུད་ཡོད་པ་རེད།





དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1