ཀྲུང་ཨུའི་གཙང་པོ་སྒྲོལ་བའི་ལྕགས་ལམ་ཟམ་ཆེན་ཐོག་མ་བསྐྲུན་ཟིན་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 08-23


      ཉེ་ཆར། ཐུང་ཅང་གཙང་པོའི་ཀྲུང་ཨུའི་ཧེ་ལུང་ཅང་ལྕགས་ལམ་ཟམ་ཆེན་གྱི་ཨར་ལས་ཁུལ་དུ། ཀྲུང་ཨུ་རྒྱལ་ཁབ་གཉིས་ཀྱི་ལམ་ལྕགས་དངོས་སུ་སྦྲེལ་བ་དེ་ཐོག་ནས་ཀྲུང་ཨུ་རྒྱལ་ཁབ་གཉིས་པོའི་གཙང་པོ་སྒྲོལ་བའི་ལྕགས་ལམ་ཟམ་ཆེན་ཐོག་མ་སྟེ། ཐུང་ཅང་ཀྲུང་ཨུའི་ཧེ་ལུང་ཅང་ལྕགས་ལམ་ཟམ་ཆེན་བསྐྲུན་ཟིན་ནས་མཐུད་པ་མཚོན་པ་དང་ཟམ་ཆེན་ཧྲིལ་པོ་ཤར་གཏོང་ཐུབ་པར་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད།
     ཐུང་ཅང་ཀྲུང་ཨུའི་ཧེ་ལུང་ཅང་ལྕགས་ལམ་ཟམ་ཆེན་ནི་ཀྲུང་གོའི་ཧེ་ལུང་ཅང་ཞིང་ཆེན་ཐུང་ཅང་གྲོང་ཁྱེར་དང་ཨུ་རུ་སུའི་ཞ་ལེ་ཉིང་སི་ཁོ་ཡེ་གྲོང་ཁྱེར་བར་ཡིན་པ་དང་། ཟམ་པའི་ལམ་ཐིག་ཧྲིལ་པོར་སྨི་7198ཙམ་ཟིན་པ་དང་ཟམ་པ་ཨ་མར་རིང་ཚད་སྨི་2215ཙམ་ཡོད་པའི་ནང་ཀྲུང་གོའི་མངའ་ཁོངས་ནང་གི་ཟམ་པའི་རིང་ཚད་ལ་སྨི་1886ཙམ་ཡོད་པར་ཆུ་ཚོད་རེར་སྤྱི་ལེ་100འཆར་འགོད་བྱས་པ་དང་ལོ་རེར་དངོས་ཟོག་འདྲེན་ནུས་ཏུན་ཁྲི་2100ཟིན་རྒྱུ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1