ཧུང་ཡོན་རྫོང་གིས་སློབ་མགོ་རྩོམ་དུས་ཀྱི་རིམས་ནད་འགོག་སྲུང་ལ་འབད།

རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།རྔ་སྒྲ། སྤེལ་དུས། 08-23



    ཟླ་8ཚེས་17ཉིན། ཧུང་ཡོན་རྫོང་གིས་སློབ་སྐབས་གསར་བའི་མགོ་བརྩམས་བྱུང་ལ། རིམས་ནད་འགོག་སྲུང་གི་སྤྱིའི་བླང་བྱ་གཞིར་བཟུང་ནས། རྫོང་ཡོངས་ཀྱི་སློབ་གྲྭ་ཆུང་འབྲིང་གིས་མིང་ཐོ་འགོད་པའི་རིམ་པ་དུ་མར་བགོས་ཤིང་། ཐོག་མཐའ་བར་གསུམ་དུ་སློབ་གྲྭའི་རིམས་ནད་འགོག་སྲུང་དམ་པོར་བཟུང་ནས། གོ་རིམ་ལྡན་པའི་སྒོ་ནས་སློབ་སྐབས་གསར་བའི་མགོ་བརྩམས་ཏེ། རྒྱ་ཆེའི་དགེ་སློབ་ཡོངས་ཀྱི་བདེ་འཇགས་ལ་བདེ་ཐང་ལ་འགན་ལེན་བྱས།
    རྒྱུས་ལོན་བྱུང་བ་ལྟར་ན། དགེ་རྒན་དང་ཁྱིམ་བདག་ཚོས་སི་ཁྲོན་ཐེན་ཧྥུ་བདེ་ཐང་བཤེར་རིས་དང་ར་སྐོར་བཤེར་རིས་སོགས་བཤེར་དགོས་པར་མ་ཟད། ལུས་དྲོད་ལ་བརྟག་ཞིབ་དང་ཐོ་འགོད་བྱས་རྗེས་ད་གཟོད་སློབ་རར་བསྐྱོད་ཆོག ཧུང་ཡོན་རྫོང་བོད་ཡིག་སློབ་འབྲིང་གི་འགན་འཁུར་བས་བཤད་རྒྱུར། རིམས་ནད་འགོག་སྲུང་གི་སྤྱིའི་བླང་བྱ་གཞིར་བཟུང་ནས། ངེད་སློབ་གྲྭས་ཁྱོན་ཡོངས་ནས་སློབ་ཁང་དང་སྡོད་ཤག ཟ་ཁང་སོགས་གཙོ་གནད་ས་ཁུལ་དུ་དུག་སེལ་བྱས་ཤིང་། དགེ་སློབ་ཀུན་གྱི་གུང་གསེང་གི་འགྲོ་འོང་ཐོ་འགོད་བྱས་ཏེ། སློབ་མ་རྣམས་བདེ་འཇགས་ངང་ཕྱིར་སློབ་གྲྭར་ལོག་ནས་སློབ་མགོ་རྩོམ་ཐུབ་པར་འགན་ལེན་བྱས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1