ཨ་རི་དང་དབྱིན་ཇི་རྒྱལ་ཁབ་གཉིས་ཀྱིས་མཉམ་འབྲེལ་ཚོ་ཆུང་བཙུགས་ཏེ་མཉམ་དུ་དྲག་སྤྱོད་ཐལ་མཐའ་རིང་ལུགས་པར་ཕར་རྒོལ་བྱ་རྒྱུ་རེད།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-20


           ཨ་རིའི་སྲིད་འཛིན་ཨོ་པཱ་མ་དང་དབྱིན་ཇིའི་དབུ་བཞུགས་བློན་ཆེན་ཁ་མེ་ལུན་གཉིས་ཀྱིས་མཉམ་འབྲེལ་གསར་འགོད་པའི་ཚོགས་འདུའི་ཐོག་ཁྱབ་བསྒྲགས་བྱས་དོན། ཨ་རི་དང་དབྱིན་ཇི་རྒྱབ་ཁབ་གཉིས་ཀྱིས་མཉམ་འབྲེལ་ཚོ་ཆུང་བཙུགས་ཏེ། ནུས་ཤུགས་ཡོད་རྒུས་དྲག་སྤྱོད་ཐལ་མཐའ་རིང་ལུགས་པ་ཆམ་ལ་དབབ་རྒྱུ་ཡིན་པ་རེད།

           སྤྱི་ཚེས་18ཉིན། རྒྱལ་ཕྱིའི་སྨྱན་སྦྱོར་གྱིས་གནས་ཚུལ་སྤེལ་དོན། ཨ་རི་དང་དབྱིན་ཇི་རྒྱལ་ཁབ་གཉིས་ཀྱིས་མ་འོངས་པའི་འགོག་སྲུང་མཉམ་ལས་རྒྱ་ཆེར་སྤེལ་བའི་འཆར་གཞི་གཞག་ནས་མཉམ་འབྲེལ་ཚོ་ཆུང་འཛུགས་པ་དང་། རྒྱལ་ཁབ་གཉིས་ཀྱིས་སྟོབས་ཤུགས་ཡོད་རྒུ་སྤྱད་ནས་དྲག་སྤྱོད་ཐལ་མཐའ་རིང་ལུགས་པ་དག་ཆམ་ལ་དབབ་རྒྱུ་ཡིན་པར་མ་ཟད། དྲ་རྒྱའི་བདེ་འཇགས་ཀྱི་ཁྱབ་ཁོངས་མཉམ་ལས་རྒྱ་བསྐྱེད་རྒྱུ་རེད། 

           ཨ་རིའི་སྲིད་འཛིན་ཨོ་པཱ་མ་དང་ཨ་རིར་རྒྱལ་དོན་འཚམས་འདྲིར་ཕེབས་པའི་དབྱིན་ཇིའི་དབུ་བཞུགས་བློན་ཆེན་ཁ་མེ་ལུན་གཉིས་ཀྱིས་གྲོས་ཚོགས་འཚོགས་རྗེས་ཀྱི་ཕོ་བྲང་དཀར་པོའི་མཉམ་འབྲེལ་གསར་འགོད་པའི་ཚོགས་འདུའི་སྐབས་སུ་གྲོས་ཆོད་འདི་ཁྱབ་བསྒྲགས་བྱས་པ་རེད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1