ཝང་དབྱང་གིས་ཀྲུང་དབྱང་སྐུ་ཚབ་ཚོཌ་པའི་སྣེ་ཁྲིད་དེ་ནག་ཆུར་ཕེབས་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།བོད་ལྗོངས་ཉིན་ཚགས། སྤེལ་དུས། 08-24



         བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་རྒྱལ་ཡོངས་མི་དམངས་ཀྱི་སྨོན་འདུན་ཟབ་མོ་བསྣམས་ཏེ། ཚེས་20ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི། ཀྲུང་དབྱང་སྐུ་ཚབ་ཚོགས་པའི་ཚོགས་གཙོ་བཅས་ཡིན་པའི་ཝང་དབྱང་གིས་ཀྲུང་དབྱང་སྐུ་ཚབ་ཚོགས་པའི་ཁོངས་མི་ཁག་གཅིག་གི་སྣེ་ཁྲིད་དེ་ནག་ཆུ་གྲོང་ཁྱེར་དུ་ཕེབས་ནས། ནག་ཆུའི་མི་རིགས་ཁག་དང་ལས་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོར་གཟིགས་པ་དང་འཚམས་འདྲི་གནང་བ་མ་ཟད། ནག་ཆུ་གྲོང་ཁྱེར་ལ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཕྱག་བྲིས་ཕྱག་བསྟར་མ“མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱས་ནས། ཐུན་མོང་ཐོག་བསྐྱར་དར་རླབས་པོ་ཆེའི་ཕུགས་འདུན་མངོན་འགྱུར་བྱེད་དགོས”ཞེས་པའི་རྟེན་འབྲེལ་སྒོ་བན་ཡང་གནང་བ་རེད།
         རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཝུའུ་དབྱིང་ཅེ་དང་ཀྲོང་ཡན་གྱིས་ཕེབས་རོགས་ཞུས་པ་རེད།

         ཝང་དབྱང་གིས་གསེར་རྙེད་ཆུས་ལྷོ་མ་གྲོང་རྡལ་གེ་དམར་གྲོང་ཚོར་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་ལས་དོན་ལ་གཟིགས་ཞིབ་གནང་བཞིན་པ།
         ཚེས་20ཉིན་གྱི་ཞོགས་པ་སྔ་པོ་ནས་དབང་དབྱང་དང་བཅས་པ་མེ་འཁོར་ལ་བཞུགས་ཏེ་ནག་ཆུ་གྲོང་ཁྱེར་དུ་ཕེབས་པ་དང་། མེ་འཁོར་ནས་བབས་མ་ཐག་ཀྲུང་དབྱང་སྐུ་ཚབ་ཚོགས་པ་རླངས་འཁོར་ལ་བཞུགས་ནས་གསེར་རྙེད་ཆུས་དགའ་བདེ་སྐྱེ་ཁམས་འབྲོག་ལས་ཐོན་ལས་དཔེ་སྟོན་རྟེན་གཞིར་ཕེབས་ཤིང་། ཝང་དབྱང་དྲོད་ཁང་ཆེ་མོར་ཕེབས་ནས་རྟེན་གཞིའི་རིག་ནུས་གཟན་རྩྭ་འདེབས་འཛུགས་དང་འབྲིའི་དཀར་ཆུའི་ཐོན་རྫས་ཀྱི་སྲོལ་རྒྱུན་ལས་སྣོན་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་མ་ཟད། རྟེན་གཞིས་ཞིང་འབྲོག་པའི་ལས་ཞུགས་ལ་སྐུལ་ཁྲིད་དང་ས་གནས་དེ་གའི་མང་ཚོགས་ཀྱི་འབབ་འཕར་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་ལ་ཁས་ལེན་གང་ལེགས་གནང་བ་རེད།

         ཝང་དབྱང་དྲོད་ཁང་ཆེ་མོར་ཕེབས་ནས་རྟེན་གཞིའི་རིག་ནུས་གཟན་རྩྭ་འདེབས་འཛུགས་དང་འབྲིའི་དཀར་ཆུའི་ཐོན་རྫས་ཀྱི་སྲོལ་རྒྱུན་ལས་སྣོན་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བཞིན་པ།
         ནག་ཆུ་གྲོང་ཁྱེར་དུ་བཞུགས་རིང་དབང་དབྱང་སོགས་ཀྱིས་ནག་ཆུ་གྲོང་ཁྱེར་གྱི་འགོ་ཁྲིད་ཚན་ཁག་གི་ཁོངས་མི་དང་དེ་བཞིན་མི་རིགས་ཁག་དང་ལས་རིགས་ཁག་གི་འཐུས་མི་དང་ཐུག་འཕྲད་གནང་ནས་ཚང་མ་དང་དྲན་རྟེན་སྐུ་པར་བསྐྱོན་པ་དང་འབྲེལ། ནག་ཆུ་གྲོང་ཁྱེར་ལ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཕྱག་བྲིས་ཕྱག་བསྟར་མ“མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱས་ནས། ཐུན་མོང་ཐོག་བསྐྱར་དར་རླབས་པོ་ཆེའི་ཕུགས་འདུན་མངོན་འགྱུར་བྱེད་དགོས”ཞེས་པའི་རྟེན་འབྲེལ་སྒོ་བན་ཡང་གནང་སྟེ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་ཚབ་ཞུས་ནས་ཚང་མར་བྱམས་བརྩེའི་འཚམས་འདྲི་ཞུས་པ་རེད།
         ཝང་དབྱང་གིས་བོད་ལྗོངས་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70ཡི་རིང་ནག་ཆུར་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་བར་ཁས་ལེན་གནང་ཞིང་། ཁོང་གིས་ནག་ཆུས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་རྒྱུ་མཐའ་འཁྱོངས་དང་། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་བོད་ལྗོངས་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་བོད་དུ་རྟོག་ཞིབ་གནང་སྐབས་ཀྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ཡག་པོ་དང་གོ་བ་གཏིང་ཟབ་ལེན་པ། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བཅས་བྱས་ཏེ། མཐུན་སྒྲིལ་དང་། འབྱོར་ཕྱུག  ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ནག་ཆུ་གསར་པ་འཛུགས་སྐྲུན་ཧུར་ཐག་བྱེད་དགོས་པའི་ཐུགས་རེ་གནང་བ་རེད།
         ལམ་དུམ་ཤར་གཏོང་ཐུབ་པའི་མཛད་སྒོ་འཚོག་ཡུལ།

         ཝང་དབྱང་གིས་ད་དུང་ནག་ཆུ་གྲོང་ཁྱེར་གྱི་ས་བབ་མཐོ་བའི་ཚན་རྩལ་ཤིང་འཛུགས་ལས་དོན་སྤེལ་ཚུལ་ལ་གཟིགས་ཞིབ་གནང་ཞིང་། ཅིང་བོད་རྒྱལ་ཁབ་མྱུར་བགྲོད་གཞུང་ལམ་ནག་ཆུ་ནས་ཡངས་པ་ཅན་བར་གྱི་ལམ་དུམ་ལ་རླངས་འཁོར་ཤར་གཏོང་ཐུབ་པའི་མཛད་སྒོར་ཞུགས་པ་དང་འབྲེལ་གཞུང་ལམ་ཤར་གཏོང་ཐུབ་པའི་ཁྱབ་བསྒྲགས་ཀྱང་གནང་བ་རེད།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1