གཙོ་ངོས།>> གསར་འགྱུར།>>བོད་འབྲེལ་ས་ཁུལ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། སྤེལ་དུས། ༢༠༢༡ལོའི་ཟླ་བ་༠༨ཚེས་༢༥ཉིན།

དུས་ཐུང་ལོ་བཅུ་ཕྲག་ནང་ལོ་ངོ་སྟོང་གི་མཆོང་སྐྱོད་བྱུང་བ།


བརྙན་པར་ལས་བོད་ལྗོངས་ཀྱི་ལོ་ངོ་70ཡི་རིང་གི་འཕོ་འགྱུར་ཆེན་པོ་མངོན་པ།


           ལོ་ངོ་70ཡི་གོང་དུ་བོད་ལྗོངས་ཞི་བས་བཅིངས་འགྲོལ་བཏང་ཞིང་། དུས་དེ་ནས་བཟུང་བོད་ཀྱི་མི་དམངས་རྣམས་བཙན་རྒྱལ་རིང་ལུགས་ཀྱི་བཙན་འཛུལ་དང་འཆིང་རྒྱ་ལས་ཐར་ནས་མེས་རྒྱལ་ཁྱིམ་ཚང་ཆེན་པོའི་པང་དུ་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་དང་མཉམ་དུ་མཐུན་སྒྲིལ་དང་། ཡར་ཐོན། འཕེལ་རྒྱས་བཅས་ཀྱི་འོད་སྟོང་འཕྲོ་བའི་ལམ་ཆེན་དུ་བསྐྱོད།
           ལོ་ངོ་70ཡི་ལོ་རྒྱུས་ཆུ་རྒྱུན་རིང་མོར་ཀྲུང་གོ་གུང་ཁྲན་ཏང་གིས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་འོད་སྟོང་འཕྲོ་བའི་ལོ་རྒྱུས་ཀྱི་བྱས་རྗེས་རླབས་པོ་ཆེ་བཞག་ཡོད། དུས་ཐུང་ལོ་བཅུ་ཕྲག་ནང་ལོ་ངོ་སྟོང་གི་མཆོང་སྐྱོད་བྱུང་ནས་བོད་འདི་མུན་ནག་ནས་འོད་ཟེར་དང་། རྗེས་ལུས་ནས་ཡར་ཐོན། དབུལ་ཕོངས་ནས་འབྱོར་ཕྱུག སྲིད་དབང་སྒེར་གཅོད་ནས་དམངས་གཙོ། སྒོ་རྒྱག་ནས་སྒོ་དབྱེ་བཅས་བར་འཕེལ་རྒྱས་ཕྱིན་ནས་བོད་ལྗོངས་ཀྱི་སྤྱི་ཚོགས་ཀྱི་རྣམ་པ་གསར་རྐྱང་དུ་གྱུར་པ་དང་བོད་ཀྱི་མི་དམངས་ཀྱི་འཚོ་བ་ཉིན་རེ་བཞིན་ལེགས་སུ་ཕྱིན་ཡོད།
           ང་ཚོས་བརྙན་པར་ཁག་གཅིག་བསྡུར་ནས་ལོ་ངོ་70ཡི་རིང་བོད་ལྗོངས་ཀྱིས་བརྒྱུད་མྱོང་བའི་སྤྱིར་བཏང་གཏན་ནས་མིན་པའི་ལམ་བུར་ཕྱིར་ལྟ་དང་ཞི་བས་བཅིངས་འགྲོལ་བཏང་ཚུན་བོད་ལྗོངས་ཀྱི་བྱ་གཞག་ཁག་ལ་ཐོབ་པའི་ཕྱོགས་ཡོངས་ཀྱི་ཡར་ཐོན་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཉམས་སུ་མྱོང་ཐུབ།

          པར་གོང་མ་ནི་དུས་རབས་20པའི་ལོ་རབས་50པར་ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་དུ་ནད་ལྟ་བར་འགྲོ་མཁན་བོད་རིགས་མང་ཚོགས་ཚོས་ནད་སྐྱོང་བའི་རོགས་རམ་འོག་སྨན་བཅོས་ཁང་དུ་སྨན་བཅོས་བྱེད་པར་སྐྱོད་བཞིན་པ།
          པར་འོག་མ་ནི་2021ལོའི་ཟླ་4ཚེས་19ཉིན་ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་རུས་ནད་ཚན་ཁག་གི་སྨན་པས་5Gའཕྲིན་གཏོང་ལག་རྩལ་སྤྱད་དེ་པེ་ཅིང་ཅི་ཧྲུའེ་ཐེན་སྨན་ཁང་གི་རིགས་གཅིག་མཁས་ཅན་གྱི་རྒྱང་བསྟེན་མཛུབ་ཁྲིད་འོག་འཕྲུལ་ཆས་ལ་བརྟེན་ནས་གཤགས་བཅོས་བྱེད་བཞིན་པ།

          པར་གོང་མ་ནི་དུས་རབས་20པའི་ལོ་རབས་80པར་གཞིས་རྩེའི་བུ་བཅོལ་ཁང་གི་བྱིས་པ་ཚོ་རྩེད་མོ་རྩེ་བཞིན་པ། 
          པར་འོག་མ་ནི་2021ལོའི་ཟླ་8ཚེས་9ཉིན་པར་བླངས་པའི་ལྷ་ས་གྲོང་ཁྱེར་ཞང་ཞུང་མེ་ཏོག་རོལ་རྩེད་གླིང་ཡིན་པ།

          པར་གོང་མ་ནི་དུས་རབས་20པའི་ལོ་རབས་50པར་ལྷ་སའི་གྲོང་མིས་ཁོག་ལྡིར་ཉོ་བཞིན་པ། 
          པར་འོག་མ་ནི་2011ལོའི་ཟླ་12ཚེས་12ཉིན་པར་བླངས་པའི་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་ལྷ་རྩེ་རྫོང་འཇིགས་སྐྱོབ་གྲོང་ཚོའི་གྲོང་མི་མཚམས་གཅོད་ཀྱིས་ཇ་བསྲུའི་འཕྲུལ་ཆས་ཀྱིས་ཇ་བཟོ་བཞིན་པ།

          པར་གཡོན་མ་ནི་1994ལོར་BPའཕྲུལ་ཆས་དང་ལག་ཐོགས“ཏཱ་ཀོ་ཏཱ”ཁ་པར་འཁྱེར་བའི་བོད་རིགས་བུད་མེད་ཚོང་པ་ལྷག་སྒྲོན་གྱིས་སི་ཁྲོན་གྱི་ཚོང་ཤག་དང་ཚོང་ལས་སྐོར་གྲོས་མོལ་བྱེད་བཞིན་པ། 
          གཡས་ཀྱི་པར་ནི་2021ལོའི་ཟླ་6ཚེས་25ཉིན་འགྲུལ་པ་ཞིག་གིས་བོད་ལྗོངས་ཀྱི་གློག་རླངས་ཅན་གྱི་མེ་འཁོར་ཐོག་མ་ལྷ་ཉིང་ལྕགས་ལམ་གྱི་བསྐྱར་དར་རྟགས་ཅན་གྱི་མེ་འཁོར་མདུན་དུ་དྲན་རྟེན་པར་རྒྱག་བཞིན་པ།
39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1