གཙོ་ངོས།>> གསར་འགྱུར།>>རྒྱལ་སྤྱི་གསར་འགྱུར།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། ༢༠༢༡ལོའི་ཟླ་བ་༠༨ཚེས་༢༦ཉིན།

ཨ་ཧྥུ་ཀན་ནི་སི་ཐན་དང་མཛའ་མཐུན་མཉམ་ལས་ཀྱི་འབྲེལ་བ་སྐྱོང་འདོད།


    ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཝང་ཝུན་པིན་གྱིས་ཟླ་8ཚེས་25ཉིན་གསར་འགོད་པའི་རྒྱུན་ལྡན་ཚོགས་འདུའི་ཐོག འབྲེལ་ཡོད་དྲི་བར་ལན་འདེབས་སྐབས། ཀྲུང་གོ་ཕྱོགས་ཀྱིས་ཨ་ཧྥུ་ཀ་ནི་སི་ཐན་ཐ་ལི་པན་ཕྱོགས་དང་འབྲེལ་མཐུད་དང་གྲོས་མོལ་ནུས་ལྡན་བྱེད་ཀྱི་ཡོད། ཁ་པུར་ནི་ཕྱོགས་གཉིས་པོས་ལས་འགན་གལ་ཆེན་སྣ་ཚོགས་ལ་གྲོས་བསྡུར་བྱེད་པའི་སྟེགས་བུ་དང་ཐབས་ལམ་གལ་ཆེན་ཞིག་རེད། “ཀྲུང་གོ་ཕྱོགས་ཀྱིས་ཨ་ཧྥུ་ཀ་ནི་སི་ཐན་ལ་འཛིན་པའི་སྲིད་ཇུས་ནི་ཐོག་མཐའ་བར་གསུམ་དུ་ཁ་གསལ་ཡིན། ང་ཚོས་ཨ་ཧྥུ་ཀ་ནི་སི་ཐན་གྱི་བདག་དབང་རང་བཙན་དང་མངའ་ཁོངས་ཆ་ཚང་ལ་བརྩི་འཇོག་དང་། ཨ་ཧྥུ་ཀ་ནི་སི་ཐན་གྱི་ནང་སྲིད་ལ་ཐེ་ཇུས་མི་བྱེད་པའི་སྲིད་ཇུས་ལག་བསྟར་བྱས་ནས། ཨ་ཧྥུ་ཀ་ནི་སི་ཐན་གྱི་མི་དམངས་ཡོངས་ལ་ཁ་ཕྱོགས་པའི་མཛའ་མཐུན་སྲིད་ཇུས་མཐའ་འཁྱོངས་བྱ་རྒྱུ་ཡིན”ཞེས་བཤད། ཝང་ཝུན་པིན་གྱིས་ཀྲུང་གོ་ཕྱོགས་ཀྱིས་ཨ་ཧྥུ་ཀ་ནི་སི་ཐན་མི་དམངས་ཀྱིས་རང་ཉིད་ཀྱི་མདུན་ལམ་དང་ལས་དབང་རང་བདག་ངང་ཐག་གཅོད་བྱ་རྒྱུར་བརྩི་འཇོག་བྱ་རྒྱུ་དང་། “ཨ་ཧྥུ་ཀ་ནི་སི་ཐན་གྱིས་གཙོ་ཁྲིད་བྱེད་པ་དང་ཨ་ཧྥུ་ཀ་ནི་སི་ཐན་ལ་དབང་བའི”རྩ་དོན་དོན་ཐོག་ཏུ་འཁྱོལ་རྒྱུར་རྒྱབ་སྐྱོར། ཨ་ཧྥུ་ཀ་ནི་སི་ཐན་དང་ཁྱིམ་མཚེས་མཛའ་མཐུན་མཉམ་ལས་ཀྱི་འབྲེལ་བ་རྒྱུན་ཆད་མེད་པར་དར་སྤེལ་བཏང་ནས། ཨ་ཧྥུ་ཀ་ནི་སི་ཐན་གྱི་ཞི་བདེ་དང་བསྐྱར་སྐྲུན་ཆེད་དགེ་མཚན་ལྡན་པའི་ནུས་པ་འདོན་འདོད་ཡོད་ཟེར།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1