༄༅། །འཇིག་རྟེན་འཕུར་སྐྱོད་པས་མཁའ་དབྱིངས་སུ་ལུས་པོ་ཇི་ལྟར་བཀྲུ་དགོས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 08-31


        ང་ཚོར་མཚོན་ན་ལུས་པོ་བཀྲུ་རྒྱུ་ནི་ལས་སླ་མོ་ཞིག་ཡིན་མོད། འོན་ཀྱང་འཇིག་རྟེན་འཕུར་སྐྱོད་པར་མཚོན་ནས་བཤད་ན།ལྗིད་ཤུགས་མེད་པའི་མཁའ་དབྱིངས་སུ་ལུས་པོ་བཀྲུ་རྒྱུ་ནི་ཧ་ཅང་དཀའ་མོ་ཞིག་རེད། འོ་ན། འཇིག་རྟེན་འཕུར་སྐྱོད་པས་མཁའ་དབྱིངས་སུ་ལུས་པོ་ཇི་ལྟར་བཀྲུ་བཞིན་ཡོད་དམ་ཞེ་ན།
        དེང་སྐབས་ཚན་རིག་པས་གནད་དོན་དེ་ཐག་གཅོད་ལེགས་པོ་བྱས་ཡོད་པར་མ་ཟད། ད་དུང་ཁོ་ཚོས་ཆུ་ལ་གནོན་ཤུགས་བྱིན་ནས་མཐོ་གནོན་རླངས་གཏོར་འཕྲུལ་ཆས་དང་འདྲ། རྩ་བའི་རིགས་པ་དེ་གཞིར་བཟུང་ནས་ཆེད་དུ་བར་སྣང་ཁམས་ཀྱི་སྒྲིག་ཆས་ཆ་ཚང་ཞིག་ཇུས་འགོད་བྱས་ཡོད་པ་རེད། ཁྲུས་གཞོང་ནི་སྒོར་དབྱིབས་སུ་ཆགས་ཡོད་པས། འཇིག་རྟེན་འཕུར་སྐྱོད་པ་ཁྲུས་གཞོང་ནང་འཛུལ་རྗེས་འཐེན་ཐག་དམ་པོར་བསྡམས་ཤིང་། རྐང་པ་གཉིས་མདོངས་མཐིལ་དུ་བསྲིངས་ནས་དམིགས་བསལ་གྱི་ཁྱད་ཆོས་ལྡན་པའི་འདྲུད་ལྷམ་ཞིག་ཡོད་པ་དེའི་ནང་ལ་བརྟན་པོའི་ངང་ལངས་ཆོག་པས་ཡར་གཡེང་མི་ཐུབ་པ་དང་།འཇིག་རྟེན་འཕུར་སྐྱོད་པས་ཆུ་སྒོ་ཕྱེས་པ་ན་གནོན་ཤུགས་ལྡན་པའི་ཆུ་ཁོལ་ཐོན་གྱི་ཡོད། ཡིན་ཡང་། ཆུའི་ཟེགས་མ་གང་འདོད་དུ་གཡེང་བ་ན་འཇིག་རྟེན་འཕུར་སྐྱོད་པའི་སྣ་ཁུང་དུ་འཛུལ་ནས་དབུགས་ལེན་པར་གནོད་འཚེ་ཐེབས་སྲིད། དེའི་ཕྱིར། ལུས་པོ་བཀྲུ་འདོད་ཆེ་བའི་འཇིག་རྟེན་འཕུར་སྐྱོད་པས་ཆུ་སྒོ་མ་ཕྱེས་པའི་སྔོན་ལ་དབུགས་ལེན་འཕྲུལ་ཆས་གྱོན་ནས་ཆུའི་ཟེགས་མ་དབུགས་ལམ་དུ་འཛུལ་བ་སྔོན་འགོག་བྱེད་དགོས། འཁྲུད་བྱེད་སྒྲིག་ཆས་གསར་པ་འདི་དག་ཡོད་ཚེ་འཇིག་རྟེན་འཕུར་སྐྱོད་པས་མཁའ་དབྱིངས་སུ་ལུས་པོ་བཀྲུ་ཆོག་པ་རེད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1