གཙོ་ངོས།>> གསར་འགྱུར།>>རྒྱལ་སྤྱི་གསར་འགྱུར།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཞིན་ཧྭ་དྲ་བ། སྤེལ་དུས། ༢༠༢༡ལོའི་ཟླ་བ་༠༨ཚེས་༣༡ཉིན།

རྒྱལ་སྤྱིའི་ཨོ་རྩལ་འགྲན་ཚོགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཟུར་པ་ཡཱ་ཁུ·ལའོ་ཀུ་ཚེ་ལས་འདས་པ།



        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས29ཉིན་རྒྱལ་སྤྱིའི་ཨོ་རྩལ་འགྲན་ཚོགས་ཨུ་ཡོན་ལྷན་ཁང་གིས་བསྒྲགས་དོན། ཨོ་རྩལ་འགྲན་ཚོགས་ཀྱི་ཀྲུའུ་ཞི་ཟུར་པ་ཡཱ་ཁུ·ལའོ་ཀུ་ཚེ་ལས་འདས་ཤིང་དགུང་ལོ79རེད།
        ལའོ་ཀུ་ལགས་ཀྱིས2001ནས2013ལོ་བར་རྒྱལ་སྤྱིའི་ཨོ་རྩལ་འགྲན་ཚོགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཨང་བརྒྱད་པའི་འགན་བཞེས་ཤིང་དེ་རྗེས་མཚན་འཛིན་ཀྲུའུ་ཞིའི་འགན་བཞེས། དེ་སྔོན་ཁོ་ནི་ཕྱི་ནད་ཚན་ཁག་གི་སྨན་པ་ཞིག་ཡིན་སྟབས་ལུས་རྩལ་སྨན་བཅོས་ཀྱི་སློབ་གནས་ཡོད་པ་རེད། ཁོ་རང1968ལོ་དང1972ལོ། 1976ལོ་བཅས་སྐབས་གསུམ་རིང་གི་ཨོ་རྩལ་འགྲན་ཚོགས་ཀྱི་གཡོར་གྲུ་འགྲན་བསྡུར་ནང་ཞུགས་མྱོང་། 
        ལུས་རྩལ་པའི་འཚོ་བ་མཇུག་རྫོགས་རྗེས། ལའོ་ཀུ་ལགས་པི་ལི་ཧྲི་དང་ཨོ་གླིང་ཨོ་རྩལ་འགྲན་ཚོགས་ཀྱི་ཀྲུའུ་ཞིའི་འགན་བཞེས་པ་མ་ཟད། 2001ལོར་རྒྱལ་སྤྱིའི་ཨོ་རྩལ་འགྲན་ཚོགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཡི་འགན་བཞེས། འཛམ་གླིང་ཨོ་རྩལ་འགྲན་ཚོགས་ཨུ་ཡོན་ལྷན་ཚོགས་ཀྱི་ཀྲུའུ་ཞིའི་ལས་འགན་ཕྱིར་འཐེན་བྱས་རྗེས་ཁོ་ད་དུང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་ན་གཞོན་དང་ཉམ་ཐག་མི་སེར། ལུས་རྩལ་གནད་དོན་གྱི་དམིགས་བསལ་ཕོ་ཉ་ཡི་འགན་བཞེས། །

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1