དཀར་མཛེས་ཁུལ་གྱིས་གྲོང་གསེབ་མགྲོན་ཁང་འཛུགས་སྐྲུན་ངོ་སྤྲོད་ཚོགས་འདུ་འཚོགས།

རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 01-21



             སྤྱི་ཟླ་1པོའི་ཚེས་12ཉིན། ཁུལ་ཡོངས་ཀྱི་གྲོང་གསེབ་མགྲོན་ཁང་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ཚོགས་འདུ་དུང་དཀར་ལུང་པར་འཚོགས་ཤིང་། དཀར་མཛེས་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཡེ་ཤེས་ཟླ་བ་དང་ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཀོ་ཉིང་རྣམ་གཉིས་གྲོས་ཚོགས་སུ་ཞུགས། ཁུལ་ཨུའི་རྒྱུན་ཨུ། ཁུལ་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་བྱམས་བློས་གྲོས་ཚོགས་ལ་གཙོ་སྐྱོང་གནང་། ས་གནས་ཀྱི་ཁྱད་ཆོས་ལྡན་པའི་གྲོང་གསེབ་མགྲོན་ཁང་སྤུས་དག་དང་རིག་གནས་ཀྱིས་བརྗོད་བྱ་གཙོ་བོར་བྱས་པའི་མགྲོན་ཁང་ནི་རང་ཁུལ་གྱི་ས་ཁོངས་ཡོངས་སུ་ལྗོངས་རྒྱུ་འཕེལ་རྒྱས་གཏོང་བར་སྐུལ་འདེད་གཏོང་བའི་གལ་ཆེའི་ལས་དོན་ཞིག་ཡིན་པས། ཚོགས་འདུའི་སྐབས་ཚོགས་ཞུགས་མི་སྣས་དུང་དཀར་ལུང་པའི་འབོ་ཞབས་གནའ་གྲོང་དང་གྲོང་གསེབ་མགྲོན་ཁང་ལ་ལྟ་སྐོར་བྱས། ཚོགས་ཐོག་ཏུ་དར་མདོ་དང་རོང་བྲག འདབ་པ་བཅས་རྫོང་དང་དུང་དཀར་ལུང་པའི་མཛེས་ལྗོངས་ས་ཁུལ་དོ་དམ་ཅུས། ཉག་ཆུ་རྫོང་གི་རི་རྒྱུད་གྲོང་། དུང་དཀར་ལུང་པའི་ཤིང་ཆས་མཛེས་བཀོད་མགྲོན་ཁང་། འདབ་པ་རྫོང་གི་ཨ་མའི་སྤུས་དག་མགྲོན་ཁང་སོགས་ཀྱིས་གྲོང་གསེབ་མགྲོན་ཁང་འཛུགས་སྐྲུན་ཐད་ལ་ཉམས་མྱོང་སྤེལ་རེས་བྱས། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1