ཏང་གི་ལོ་རྒྱུས་སློབ།། གསར་བརྗེ་རྒྱུད་འཛིན་བྱེད།།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།གསང་བདག་སྒྲོལ་མས་སྒྱུར་སྒྲིག་བྱས། སྤེལ་དུས། 09-01




མའོ་རྫོང་ཁྲལ་དོན་ཅུས་ཀྱིས་བྱེད་ཐབས་བཞི་ཡིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་ཏན་ཏིག་ངང་སྤེལ།

    ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ལས་དོན་སྤེལ་བ་ནས་བཟུང་། མའོ་རྫོང་ཁྲལ་དོན་ཅུས་ཀྱི་ཏང་ཨུས་ཀྲུང་དབྱང་དང་ཞིང་ཆེན། ཁུལ། རྫོང་བཅས་ཀྱི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ལས་དོན་སྤེལ་རྒྱུའི་སྐོར་གྱི་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་མོ་བྱས་ཤིང་། རྩ་འཛུགས་ཞིབ་མོར་བྱས་ནས་བྱེད་ཐབས་བཞི་ཡིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་ཏན་ཏིག་ངང་སྤེལ།
    རྩ་འཛུགས་སྒྲིག་གཞི་འཐུས་ཚང་དུ་བཏང་ནས་ཏང་འཛུགས་སྐྱོང་གི་སྣེ་ཁྲིད་ནུས་པ་འབུར་ཐོན་བྱས་ཏེ། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་གཏོང་བར་ཁ་ཕྱོགས་ཡོད་པར་བྱས། དུས་ཐོག་ཏུ་སྐུལ་སློང་དང་བཀོད་སྒྲིག་བྱས་ཤིང་། ལས་འགན་གཙོ་བོ་དང་ལས་ཀའི་བླང་བྱ་ཁ་གསལ་བཟོས་ཏེ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོར་ཁ་ཕྱོགས་དང་གཞི་འཛིན་ས་ཡོད་པར་བྱས།
    སློབ་སྦྱོང་བྱེད་སྟངས་གསར་གཏོད་བྱས་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་བྱེད་པའི་སྤྲོ་སེམས་འཕེལ་ཏེ། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་བྱེད་པར་གསོན་ཤུགས་ལྡན་པར་བྱས། ཏང་ཨུའི་ཚོགས་འདུ་དང་ཏང་ཨུའི་རིགས་པའི་གཞུང་ལུགས་ལྟེ་བའི་ཚན་ཆུང་། གཞོན་ནུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ཚན་ཆུང་། ཀྲི་པུའུ་ཡི་སློབ་སྦྱོང་དཔེ་སྟོན་བཅས་ཀྱི་མིག་དཔེའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ལས་དོན་སྤེལ། ཏང་ཨུའི་ཚོགས་འདུ་གྲོས་གཞི་དང་བོ་སློབ་སྦྱོང་ཐེངས་14དང་། ཏང་ཨུའི་རིགས་པའི་གཞུང་ལུགས་ལྟེ་བའི་ཚན་ཆུང་གི་སློབ་སྦྱོང་ཐེངས་11། ཆེད་དོན་དཔེ་ཀློག་འཛིན་གྲྭ་ཐེངས་3། གཞོན་ནུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ཚན་ཆུང་གི་ཞིབ་བསྡུར་དང་སློབ་སྦྱོང་ཐེངས་4བཅས་སྤེལ།
    བྱེད་སྒོའི་ནང་དོན་ཕུན་སུམ་ཇེ་ཚོགས་སུ་བཏང་ནས་མི་དམངས་ལ་ཞབས་འདེགས་ཞུ་བའི་འདུ་ཤེས་བརྟན་པོར་བཅངས་ཏེ། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོར་གཞི་རྟེན་ཡོད་པ་བྱས། ཁྲལ་བསྡུའི་དམངས་ཕན་གྱི་དོན་དངོས་ཁག་གཅིག་རྗེས་གཉིས་མཐུད་ངང་དོན་འཁྱོལ་བྱས་ཤིང་། ཁྲལ་40ཆག་ཡང་དང་རྩ་ཆག་བཏང་སྟེ་མ་དངུལ་སྒོར་ཁྲི་82.63ཟིན་པ་དང་། ཁྲལ་64གཙང་རྩིས་དང་ཐག་བཅད་དེ་མ་དངུལ་སྒོར་ཁྲི་1294.13ཟིན་ཡོད།
    དྲིལ་སྒྲོག་བྱེད་ཤུགས་ཆེ་རུ་བཏང་ནས་སློབ་སྦྱོང་གི་རྣམ་པ་ཇེ་ཟབ་ཏུ་བཏང་སྟེ། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོར་དོ་སྣང་བྱས། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དང་ཁྲལ་དོན་ཁོངས་གཏོགས་ཀྱི་ལམ་སྲོལ་མ་ལག་གསར་བ་དང་འབྲེལ་ནས། ཏང་འཛུགས་སྐྱོང་དཔེ་དེབ་ཁང་བསྐྲུན་རྒྱུ་གཙོ་གནད་དུ་བཟུང་ནས་སྤྱོད་མགོ་བརྩམས་པ་དང་། སློབ་སྦྱོང་གི་སྒྲིག་བཀོད་སྔར་ལས་འཐུས་ཚང་དུ་བཏང་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1