ལྷ་སའི་པར་རྙིང་པ་འདི་དག་མཐོང་མྱོང་ངམ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།བོད་ལྗོངས་ཉིན་རེའི་ཚགས་པར། སྤེལ་དུས། 09-02



 དུས་ཐུང་ལོ་བཅུ་ཕྲག་ནང་ལོ་ངོ་སྟོང་གི་མཆོང་སྐྱོད་བྱུང་བ།
—— བརྙན་པར་ལས་བོད་ལྗོངས་ཀྱི་ལོ་ངོ་70རིང་གི་འཕོ་འགྱུར་ཆེན་པོ་མངོན་པ།
          ལོ་ངོ་70ཡི་གོང་དུ་བོད་ལྗོངས་ཞི་བས་བཅིངས་འགྲོལ་བཏང་ཞིང་། དུས་དེ་ནས་བཟུང་བོད་ཀྱི་མི་དམངས་རྣམས་བཙན་རྒྱལ་རིང་ལུགས་ཀྱི་བཙན་འཛུལ་དང་འཆིང་རྒྱ་ལས་ཐར་ནས་མེས་རྒྱལ་ཁྱིམ་ཚང་ཆེན་པོའི་པང་དུ་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་དང་མཉམ་དུ་མཐུན་སྒྲིལ་དང་། ཡར་ཐོན། འཕེལ་རྒྱས་བཅས་ཀྱི་འོད་སྟོང་འཕྲོ་བའི་ལམ་ཆེན་དུ་བསྐྱོད།
          ལོ་ངོ་70ཡི་ལོ་རྒྱུས་ཆུ་རྒྱུན་རིང་མོར་ཀྲུང་གོ་གུང་ཁྲན་ཏང་གིས་བོད་ལྗོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་འོད་སྟོང་འཕྲོ་བའི་ལོ་རྒྱུས་ཀྱི་བྱས་རྗེས་རླབས་པོ་ཆེ་བཞག་ཡོད། དུས་ཐུང་ལོ་བཅུ་ཕྲག་ནང་ལོ་ངོ་སྟོང་གི་མཆོང་སྐྱོད་བྱུང་ནས་བོད་ལྗོངས་མུན་ནག་ནས་འོད་ཟེར་དང་། རྗེས་ལུས་ནས་ཡར་ཐོན། དབུལ་ཕོངས་ནས་འབྱོར་ཕྱུག སྲིད་དབང་སྒེར་གཅོད་ནས་དམངས་གཙོ། སྒོ་རྒྱག་ནས་སྒོ་དབྱེ་བཅས་བར་འཕེལ་རྒྱས་ཕྱིན་ནས་བོད་ལྗོངས་ཀྱི་སྤྱི་ཚོགས་ཀྱི་རྣམ་པ་གསར་རྐྱང་དུ་གྱུར་པ་དང་བོད་ལྗོངས་ཀྱི་མི་དམངས་ཀྱི་འཚོ་བ་ཉིན་རེ་བཞིན་ལེགས་སུ་ཕྱིན་ཡོད། 
          ང་ཚོས་བརྙན་པར་ཁག་གཅིག་བསྡུར་ན་ལོ་ངོ་70ཡི་རིང་བོད་ལྗོངས་ཀྱིས་བརྒྱུད་མྱོང་བའི་སྤྱིར་བཏང་གཏན་ནས་མིན་པའི་ལམ་བུ་དང་ཞི་བས་བཅིངས་འགྲོལ་བཏང་ཚུན་བོད་ལྗོངས་ཀྱི་བྱ་གཞག་ཁག་ལ་ཐོབ་པའི་ཕྱོགས་ཡོངས་ཀྱི་ཡར་ཐོན་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཉམས་སུ་མྱོང་ཐུབ།

འདི་ནི་དུས་རབས་20པའི་ལོ་རབས་50པའི་ལྷ་སའི་ཟམ་ཆེན་ཡིན་པ། 

འདི་ནི་2021ལོའི་ཟླ་8ཚེས་9ཉིན་པར་བླངས་པའི་ལྷ་སའི་ཟམ་ཆེན་གྱི་རྣམ་པ་གསར་པ་ཡིན་པ།

འདི་ནི་དུས་རབས་20པའི་ལོ་རབས་50པའི་ལྷ་སའི་བར་སྐོར་ཡིན་པ། 

འདི་ནི་2021ལོའི་ཟླ་8ཚེས་13ཉིན་པར་བླངས་པའི་ལྷ་སའི་བར་སྐོར་ཡིན་པ།

འདི་ནི་དུས་རབས་20པའི་ལོ་རབས་50པར། རླངས་འཁོར་གྲོང་འདབས་ཀྱི་གཞུང་ལམ་བརྒྱུད་ཕོ་བྲང་པོ་ཏ་ལའི་ཕྱོགས་སུ་སྐྱོད་བཞིན་པ།

འདི་ནི་2021ལོའི་ཟླ་8ཚེས་9ཉིན་ཕོ་བྲང་པོ་ཏ་ལའི་ཕྱོགས་སུ་སྐྱོད་སའི་གཞུང་ལམ་ཐོག་རླངས་འཁོར་སྐྱོད་བཞིན་པ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1